《མདོ་ཁམས་ཡུལ་གྱི་བོད་ཀྱི་གནའ་དཔེ་ཕྱོགས་བསྡུས》ངོ་སྤྲོད་བྱེད་པ།

[ཟླ་ཚེས། 2013-07-19 11:16:58][རྩོམ་པ་པོ། ][རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།][ཀློག་གྲངས། ]

 45.jpg

   ཀན་སུའུ། མཚོ་སྔོན། སི་ཁྲོན་ཞིང་ཆེན་སོགས་སུ་ཐར་ཐོར་དུ་གནས་པའི་བོན་པོའི་ཡིག་ཆ་དག་འཚོལ་སྡུད་བྱེད་པ་དང་བོན་པོའི་རིག་གནས་ལ་ཕྱིར་རྟོག་བྱ་ཆེད། མི་རིགས་སྐད་ཡིག་ཀྱི་ལས་གཞིའི་མ་དངུལ་རོགས་སྐྱོར་འོག འབྲུག་ཐར་སོགས་ཀྱིས་གཙོ་སྒྲིག་བྱས་པའི《ཀན་སུའུ། མཚོ་སྔོན། སི་ཁྲོན་དམངས་ཁྲོད་ཀྱི་གནའ་བོའི་བོན་པོའི་ཡིག་ཆ》ཞེས་པའི་དེབ་དེ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས།
དེབ་ཡོངས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་སོགས་ཀྱི་བོད་མིས་གནའ་ནས་ད་བར་དུ་བདག་ཉར་བྱས་པའི་བསྡོམས་པའི་དུམ་པ80དང་ཁག1500དེབ60རུ་བགོས་ཏེ2013ལོའི་ཟླ5པར་ཚོན་ལྡན་གྱི་ལམ་ནས་དཔར་སྐྲུན་བྱས། དཔེ་དེབ་ཀྱི་ནང་དོན་ལ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་གནའ་བོའི་བོད་རིགས་ཀྱི་བོན་པའི་ལྟ་བ་དང་སྐར་རྩིས། གསོ་རིག ཡུལ་སྲོལ་སོགས་འདུས་ཤིང་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་ལྷག་འདས་ཡོད་པ་དང་བོད་ཀྱི་གནའ་བོའི་བོན་པོའི་དད་མོས་དང་སྤྱི་ཚོགས་འཚོ་བ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཏུ་གྱུར་ཡོད་པ་རེད།
《མདོ་ཁམས་ཕྱོགས་ཀྱི་བོད་ཀྱི་གནའ་དཔེ་ཕྱོགས་བསྡུས》ནི་གནའ་བོའི་བོད་རིགས་ཀྱི་བོན་གྱི་རིག་གནས་ཀྱི་ཉིང་བཏུས་ཤིག་ཡིན་ཏེ། དེབ་འདི་པར་སྐྲུན་བྱས་པ་ཡིས་བོན་གྱི་ཡིག་ཆའི་ཁ་སྐོང་གི་ཚུལ་དུ་གྱུར་ཞིང་གནའ་བོའི་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་དད་མོས། སྨན་རྩིས། ཡིག་གཟུགས་སྒྱུ་རྩལ་སོགས་ལ་ཞིབ་འཇུག་གི་རྨང་རྡོ་བཙུགས་ཤིང་བོད་རིགས་ཞིབ་འཇུག་གི་ལམ་སྒོ་གསར་བ་ཞིག་ཕྱེས་པ་རེད།
དེབ་འདི་པར་སྐྲུན་བྱས་རྗེས་རྒྱལ་ཕྱི་ནང་གི་བོད་རིག་ཞིབ་འཇུག་པ་དག་གིས་གདེང་འཇོག་ཆེན་པོ་བྱས་པ་དང་། རྒྱལ་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་ལྟེ་གནས། བོན་པོའི་དགོན་པ་སོགས་ཀྱིས་སྔ་རྗེས་སུ་ཉོས་ཤིང་ཉར་ཚགས་བྱས་ཤིང་། དེ་ནི་དུས་རབས་གསར་བའི་སྲིད་ཇུས་འོག་གི་བོད་ཀྱི་གནའ་བོའི་རིག་གནའ་འཚོལ་སྙེག་གི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་རྒྱལ་ཕྱི་ནང་གི་བོད་ཀྱི་བོན་པོའི་ཡིག་ཆའི་སྐོང་ཆ་བསྐངས་པ་དང་བོད་རིག་ཞིབ་འཇུག་དང་རང་རེའི་རིག་གནས་རྒྱུན་འཛིན་ལ་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།