ཁྱུང་ལུང་དངུལ་མཁར་སྐོར་གྱི་ལོ་རྒྱུས་གནས་བབ་གླེང་བ།
[ཟླ་ཚེས། 2013-07-16 23:01:01][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཉེ་ཆར་སི་ཁྲོན་སློབ་ཆེན་དུ་༼ དུས་རབས་༧པ་ནས་༡༧་བར་བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད། ཆོས་ལུགས་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་༽ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་ཆེན་གྱི་སྟེང་དུ་བོན་གྱི་མཁས་དབང་དོན་གྲུབ་ལྷ་རྒྱལ་མཆོག་ནས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གདོང་གི་ལོ་རྒྱུས་གནས་བབ་གླེང་བ།
ཉེ་ཆར་ཟི་ཁྲོན་སློབ་གླིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཨ་རིའི་ཧ་ཕོ་སློབ་གླིང་གཉིས་མཉམ་གཉེར་གནང་བའི་༼དུས་རབས་༧པ་ནས་༡༧་བར་བོད་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་དཔྱོད། ཆོས་ལུགས་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་༽ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་ཆེན་གྱི་སྟེང་དུ་ཞང་ཞུང་རིག་གནས་དང་བོན་གྱི་ཞིབ་འཇུག་པ་ཆེན་མོ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མཁས་དབང་རྒན་དོན་གྲུབ་ལྷ་རྒྱལ་མཆོག་ནས་《བོན་གྱི་ལོ་རྒྱུས་ཡིག་ཆ་ལས་མངའ་རིས་ཁྱུང་ལུང་མཁར་གདོང་གི་ལོ་རྒྱུས་གནས་བབ་གླེང་བ་》ཞེས་པའི་དཔྱད་རྩོམ་སྒྲོགས་བྱང་གི་ཁ་ཕྱོགས་བཟུང་སྟེ་ཞང་ཞུང་རིག་གནས་སྤྱི་དང་། ཁྱད་པར་དུ་མངའ་རིས་ཁྱུང་ལུང་དངུལ་མཁར་གྱི་སྐོར། ཡང་སྒོས་སུ་ཁྱུང་ལུང་མཁར་གདོང་གི་སྐོར་ལ་ཁོང་གིས་ལོ་ངོ་དུ་མའི་རིང་ལ་ཞིབ་འཇུག་གནང་བའི་གྲུབ་འབྲས་ཐད་ལ་ངོ་སྤྲོད་སོགས་གནང་བའི་རྒྱལ་ཕྱི་ནང་གི་ཆེད་མཁས་རྣམས་ནས་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཚོགས་འདུ་དེ་ནི་སྤྱི་ཟླ་བདུན་པའི་ཚེས་༡༣ནས་༡༥་བར་འཚོགས་པ་རེད།
མཁས་དབང་དོན་གྲུབ་ལྷ་རྒྱལ་གྱི་ལོ་རྒྱུས་གནད་བསྡུས།http://old.himalayabon.com/article/character/researchers/20100705182.html