རིན་སྤུངས་དགོན་པའི་དུས་ཆེན་གྱི་མཛད་སྒོ།
[ཟླ་ཚེས། 2013-05-26 11:46:39][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་དབྱར་གནས་ཆེན་མོ་དང་སྐུ་གདུང་ཁང་
བསྐྱར་བཞེངས་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ་བ།
དེ་ཡང་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་བཞི་བའི་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་ལ་མདོ་སྨད་ཟིང་ཆུ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་དབྱར་གནས་ཆེན་མོའི་མཛད་སྒོ་དང་སྐུ་གདུང་གཟི་འབར་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་རྟེན་འབྲེལ་མཛད་སྒོ་སྤེལ་བ་རེད། དེ་ཡང་སྤྱིར་རིན་སྤུངས་དགོན་ནི་ད་བར་དུ་སྤྱིའི་ལོ་རྒྱུས་ལོ་ངོ་བརྒྱ་ཕྲག་དུ་མ་ལྡན་ལ། ཁྱད་པར་དུ་སྐྱང་བཙུན་གཡུང་དྲུང་བསྟན་རྒྱལ་རིན་པོ་ཆེ་ནས་ད་ཡོད་ཀྱི་གདན་ས་འདིར་བོད་རབ་བྱུང་བཅུ་གསུམ་པའི་ནང་ཚན་སྤྱི་ལོ་༡༧༦༨ལོར་ཕྱག་བཏབ་གནང་ནས་ད་བར་དུ་ལོ་ངོ་ཉིས་བརྒྱ་ལྷག་སོང་ཡོད། དེ་ནས་ད་བར་དུ་བླ་རབས་དུ་མས་གདན་ས་འདི་ཉིད་སྐྱོང་བ་མཛད། ད་ཆ་ཡང་རིན་སྤུངས་ཨ་ལགས་རྣམ་གཉིས་དང་གྲྭ་ཚང་བླ་མ། སྒྲུབ་གྲྭའི་དཔོན་སློབ་སོགས་བླ་གྲྭ་བརྒྱ་ལྷག་ཡོད།
མཁན་སློབ་བླ་གྲྭ་རྣམས་སེར་ཕྲེང་ལ་ཕེབས་བཞིན་པ།
སྐུ་གདུང་གཟི་འབར་ཁང་སྒོ་འབྱེད་ཀྱི་སྨོན་ལམ་གསུངས་བཞིན་པ།
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་རང་དགོན་གྱི་དཔོན་སློབ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ནས་སྒོ་འབྱེད་གནང་བཞིན་པ།
བསྐྱར་བཞེངས་ཀྱི་སྐུ་གདུང་གཟི་འབར་ཁང་ནི་༢༠༡༢ལོ་ནས་དབུ་བཟུང་སྟེ་བསྐྱར་བཞེངས་གནང་བ་དང་། ནང་ལ་ཡང་ལི་སྐུ་རྫོགས་སྐུ་གཤེན་ལྷ་འོད་དཀར་དང་། ཐུགས་རྗེ་བྱམས་མ། སྟོན་པ་ཁྲི་གཙུག་རྒྱལ་བ། གཤེན་རབ་རྣམ་པར་རྒྱལ་བ། གྱེར་སྤུངས་དྲན་པ་ནམ་མཁའ། འགྲོ་མགོན་ཚེ་དབང་རིག་འཛིན། གཡུང་དྲུང་མཐོང་གྲོལ་བཅས་རྨིའུ་གཅིག་ཅན་དང་། དེ་བཞིན་སྐྱང་བཙུན་གཡུང་དྲུང་བསྟན་རྒྱལ་རིན་པོ་ཆེའི་གསེར་ཟངས་ལས་གྲུབ་པའི་སྐུ་གདུང་རྨིའུ་གསུམ་ཅན་གཅིག་དང་། དེ་བཞིན་བླ་རབས་མཁན་ཆེན་ཤེས་རབ་ཡེ་ཤེས་ཀྱི་གསེར་གདུང་། སྐྱང་སྤྲུལ་བསྟན་འཛིན་ཕུན་ཚོགས་དང་། མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ། མཁན་པོ་བསྟན་པའི་རྒྱལ་མཚན་བཅས་ཀྱི་གསེར་གདུང་རྨིའུ་གཅིག་ཅན་རེ་དང་། དེ་བཞིན་རྒྱལ་བའི་བཀའ་རིན་པོ་ཆེ་དང་། བཀའ་བརྟེན་རིན་པོ་ཆེ་བཅས་ཚར་རེ་དང་། དེ་བཞིན་ཤེས་རབ་སྨྲ་བའི་སེང་གེའི་ལི་སྐུ་བལ་ཡུལ་ནས་གདན་དྲངས་པའི་སྐུ་བརྒྱ་དང་བཞི་བཅུ་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་སོགས་བསྐྱར་བཞེངས་གནང་ཡོད་པ་རེད།
བླ་གྲྭ་ལྷན་རྒྱས་ནས་སྐུ་གདུང་གཟི་འབར་ཁང་རབ་གནས་གསུངས་བཞིན་པ།
མཁན་སློབ་བླ་སྤྲུལ།
རྔ་གྲལ་བསུ་བཞིན་པ།
ཁྲོ་འཆམ།
རྣམ་བརྒྱད་དང་ཧ་ཤང་།
ཨ་ཙ་རའི་འཆམ།
དུར་ཁྲོད་འཆམ།
ཤྭ་འཆམ།
སེང་འཆམ།
དད་ལྡན་དམངས་ཚོགས་རྣམས་ནས་སེང་རྫིའི་འཆམ་དང་སེང་ཕྲུག་འཆམ་ལ་དར་དཀར་ཕུལ་བཞིན་པ།
མ་མཆོག་སྲིད་པའི་རྒྱལ་མོ།
འགུག་སྒྲོལ་བསྟབ་གསུམ་གྱི་འཆམ།
དད་ལྡན་དམངས་ཚོགས་རྣམས་ནས་སྲུང་མ་རྣམས་ལ་འཕྲིན་བཅོལ་གྱི་དར་དཀར་ཕུལ་བཞིན་པ།
དགེ་སྐོས་ཆེན་མོ་ནས་ཚོགས་གཏམ་གནང་བཞིན་པ།