༼རྒྱལ་རོང་བཤད་སྒྲུབ་སློབ་གླིང་༽གི་རྟེན་འབྲེལ་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2013-05-15 00:53:51][རྩོམ་པ་པོ། ཁྲི་བློ་རྩེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   e.jpg

   སྤྱི་ལོ2013ལོའི་ཟླ5ཚེས13བོད་ཆུ་སྦྲུལ་ལོའི་ཟླ་བཞི་བའི་ཚེས་གསུམ་གྱི་དེ་རིང་གི་བཀྲ་ཤིས་སུམ་འཛོམ་གྱི་ཉིན་མོ་འདིར་ཤར་རྒྱལ་མོ་རོང་དུ༼རྒྱལ་རོང་བཤད་སྒྲུབ་སློབ་གླིང་༽གི་སྒོ་འབྱེད་རྟེན་འབྲེལ་ཤར་བའི་ཉི་མ་རེད།

rjtjt.jpg

སྐྱབས་རྗེ་བླ་མ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ཚང་སྐུ་དངོས་སུ་བྱོན་ནས་ཆུ་ཚོད་བཅུ་གཅིག་སྟེང་བླ་མ་དགེ་བཤེས་རྣམས་ཀྱིས་སྒོ་འབྱེད་མེ་ཏོག་གཏོར་བ་དང་། རྒྱལ་བ་གཤེན་གྱི་བསྟན་པའི་དར་ཆེན་མཁར་རུ་བསྒྲེངས།

f.jpg

   མཆོག་སྤྲུལ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ཚང་གིས་གསུང་གླེང་བསྩལ་བའི་རྗེས་ཐོག་ཏུ་གླིང་གཙོ་རྒན་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་ཚང་དང་། གླིང་གཙོ་གཞོན་པ་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས། དགེ་རྒན་ཆེན་མོ་དམུ་རིགས་དགེ་བཤེས་བསྟན་འཛིན་དབང་གྲགས། ཚ་པེ་སྤྲུལ་སྐུ་ཤེས་རབ་རྣམ་དག སྤ་ཚང་དགོན་གྱི་སྤྲུལ་སྐུ་ནམ་མཁའ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཤེས་བྱ་ཀུན་གྲགས། སྣང་དགོན་དོ་དམ་གཙོ་འགན་པ་དཀོན་མཆོག་བསྟན་འཛིན་བཅས་ཀྱི་ཁོར་ཡུག་དང་བསྟུན་པའི་གསུང་གླེང་མཛད།

wewe.jpg

   དེའི་རྗེས་ནས་སྐྱབས་རྗེ་བླ་མ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་ཚང་གིས་སྨྲ་བའི་སེང་གེ་བཀའ་དབང་ཆེན་མོ་དད་ལྡན་ཡོངས་ལ་ཐར་བའི་བགོ་སྐལ་དུ་བསྩལ་ནས་བདེ་ལེགས་ངང་གྲོལ།

rr.jpg

གླིང་འདིའི་འགན་ཁུར་མི་སྣ།

ལི་ཤུ་ཚང་གཤེན་རྒྱལ་བསྟན་འཛིན༼དབུ་བླ་དང་སྤྱི་ཁྱབ་འགན་འཛིན་པ༽
དགེ་བཤེས་ཤེས་རབ་གྲགས་པ༼གླིང་གཙོ་རྒན་པ༽
བོན་ནག་ཚང་ཡེ་ཤེས་བློ་གྲོས༼གླིང་གཙོ་གཞོན་པ༽
དགེ་བཤེས་བསྟན་འཛིན་དབང་གྲགས༼དགེ་རྒན་ཆེན་མོ་དང་རྩིས་པ༽
བང་ཧྲན༼རྒྱ་ཡིག་དགེ་རྒན༽
ཀུན་ཐར་མཚོ༼གློག་ཀླད་དགེ་རྒན༽
རྣམ་དག་ཚུལ་ཁྲིམས༼དགེ་བསྐོས༽
རིན་ཆེན་ཕུན་ཚོགས༼གཉེར་བ༽
ཅན་དཔའ༼ཇ་མ༽
ད་ལྟ་འཛིན་གྲྭ་བཞི་དང་སློབ་མ་ལྔ་བཅུ་ལྷག་ཙམ་ཡོད་དོ།།

ཤར་རྒྱལ་མོ་རོང་ནས་ཁྲི་བློ་རྩེ་རུ་འབོད་པས་གསལ་བཤད་ཙམ་དུ་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།