སྣང་ཞིག་དགོན་ནས་སྙན་ངག་བགྲོ་གླེང་ཐེངས་གཉིས་པ་འཚོགས་པ།

[ཟླ་ཚེས། 2013-04-27 14:57:53][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg

ང་ཚོ་སྙན་ངག་མེ་ལོང་མ་ལས་ཕྱིར་བསྣུར་བྱེད་དགོས།

(ཁག་གཉིས་པ།  སྙན་ངག་ནི་གསར་རྟགས་ཆེ་བ་ཞིག་རེད།)

2-1.JPG2-2.JPG2-2.JPG

       སྤྱི་ལོ2013ལོའི་ཟླ4ཚེས14ཕྱི་དྲོའི་དུས་ཚོད5-9བར་དུ་བོད་གངས་ཅན་གྱི་དབེན་ས་ཁ་གཉིས་པ་མདོ་སྨད་ཞིག་པོའི་གླིང་དུ་ད་ལོ་གསར་དུ་བཙུགས་པའི་སྒེར་གཙུགས་ཚོགས་པ་སྟེ“གཤེན་བསྟན་དར་སྤེལ་ཚོགས་པའི་”བགྲོ་གླེང་ར་བ་རུ་ཅོག་ལོའི་ཕྱྭ་སྲས་རྣམ་བཞིས་གཙོ་སྒྲུབ་མཛད་པའི“ང་ཚོ་སྙན་ངག་མེ་ལོང་མ་ལས་ཕྱིར་བསྣུར་བྱེད་དགོས”ཞེས་པའི་སྒྲོག་གླེང་ཚོགས་འདུ་ཐེངས་གཉིས་པ“སྙན་ངག་ནི་གསར་རྟགས་ཆེ་བ་ཞིག་རེད”ཅེས་པའི་ལྟ་ཚུལ་བཟུང་སྟེ་སེར་མོའི་སྙན་ངག་དེང་རབས་ཅན་དུ་ཕྱོགས་པའི་ལམ་བུ་ལ་མཚོན་རྟགས་བརྒྱབ།

3.JPG

      ཐེངས་འདིའི་སྒྲོག་སྤེལ་དང་ལྟ་བའི་ཁ་ཕྱོགས་སྙིང་ནས་སློག་མཁན་ནི་ཀ་ཤུལ་བསོད་རིན་དང༌། ལྕེ་གསུམ་པ། བཞེངས་དུང༌། བྲག་ཞོགས་སྐྱེས་རྣམས་ཡིན་ལ། ཞོར་དུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་དང༌། སྒོ་སྔུན་དགེ་བཤེས་བསམ་འཕེལ་སོགས་ཀྱིས་ཀྱང་ཐེངས་འདིའི་ཚོགས་བཤད་ལ་དོ་ཁུར་ཆེར་བཞེས་ཀྱིས་གསུང་བཤད་གནང༌།

4.JPG

       ལྷག་དོན“སྙན་ངག་ནི་གསར་རྟགས་ཆེ་བ་ཞིག་རེད”ཅེས་པའི་ཚོགས་བཤད་སྟེང་ཚོགས་ཞུགས་སློབ་གྲོགས་དང་དགེ་རྒན་རྣམས་ཀྱིས་མི་བུ་སྒེར་གྱི་ལྟ་ཚུལ་རྣམས་དྲི་བ་བྱས་ཏེ་བཏོན།

5.JPG

       ཚོགས་བཤད་འདིའི་སྟེང་སྙན་ངག་ལ་དགའ་མོས་ཆེ་བའི་སེར་མོ་བ་གཙོ་ཡིན་པའི་མི་མགོ་བརྒྱ་ལྷག་ལྷན་འཛོམས་བྱུང་ཞིང༌། དེ་དང་ལྷན་གོང་གསལ་མི་མགོ་བཞི་བོས་ཀྱང་སྒྱུ་རྩལ་རྩོམ་རིག་གི་ལམ་དུ་བསླངས་པའི་སྙན་ངག་ཅིག་གི་ལྟ་གྲུབ་ལས་སེར་མོའི་སྙན་ངག་གི་ནང་ནོམ་སྒྱུ་རྩལ་གྱི་གཞལ་ཡས་ཁང་སྟེ་རྟོགས་དཀའ་བའི་བསམ་བློའི་མཚོན་ཐབས་སུ་བསྒྱུར་དགོས་པ་ལས་སྔར་བཞིན་སེར་མོའི་སྙན་ངག་ཉར་སར་ལྷུང་བསྡད་ན་མི་འགྲིག་པར་སྒྲོག་སྤེལ་བྱས་ཏེ་ཐེངས་འདིའི་ཚོགས་བཤད་རྒྱལ་ཁ་དང་བཅས་ལེགས་གྲུབ་བྱུང༌།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།