མདངས་དར་དགོན་གསར་བཞེངས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2013-12-04 10:24:29][རྩོམ་པ་པོ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་ཆབ་མདོ་མཛོ་སྒང་རྫོང་མདངས་དར་དགོན་པའི་ཚོགས་ཁང་གསར་བཞེངས་སོགས་ཀྱི་མཛད་སྒོ་སྤེལ་བ།

11 (13).JPG
11 (15).JPG
11 (14).JPG

   དེ་ཡང་མདོ་ཁམས་སྒང་དྲུག་གི་ནང་ནས་མདོ་སྟོད་ཟལ་མོ་སྒང་གི་རི་བརྒྱུད་ཚ་བ་སྒང་གི་ཁོངས་གཏོགགས་སུ་ཆགས་ཡོད་པའི་མདངས་དར་དགོན་དེ་ནི། འཛམ་གླིང་མཁས་པའི་གཙུག་རྒྱན་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོས་ཕྱག་བཏབ་ནས་རྒྱལ་བའི་བཀའ་དྲི་མ་མེད་པ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་གནང་སའི་འདུས་སྡེའམ་བློ་ལྡན་གྲ་ས་འོག་མ་ཞེས་དགོན་ཆེན་ཞིག་ཡིན་པར་གྲགས། བཤད་སྲོལ་གཅིག་ལ་དཀོར་གཉེར་གྱིས་མེས་འཇིག་པར་བཤད། དེ་རྗེས་གོང་མ་གཙུག་ཕུད་ཚུལ་ཁྲིམས་ཞེས་སྲིད་ན་ཨུ་དུམ་ཝ་ར་ལྟར་བུའི་སྐྱེས་ཆེན་དེ་ཉིད་ཀྱིས་དགོན་པ་དེ་ཡང་བསྐྱར་ཉམས་གསོའི་བྱ་བ་བརྩོན་ནས་སྔར་སྲོལ་ལྟར་འདུས་སྡེ་བསྐྱངས་བའི་སྐྱེས་ཆེན་སྤྲུལ་སྐུ་སངས་གླིང་གཙོས་བསྟན་འགྲོ་སྨིན་པའི་སྐྱེས་ཆེན་མང་པོ་བྱོན་བཞུགས་གནང་སའི་དགོན་པ་ཞིག་ཡིན་པ་བཤད། དེ་ནས་རིག་གནས་གསར་བརྗེའི་གྱོང་གུད་སོང་ནས། སླར་ཡང་བསྐྱར་བཞེངས་ཆོག་པའི་སྲིད་ཇུས་ལ་བརྟེན་ནས། རྙིང་མ་བླ་མ་ཞིག་གིས་དགོན་འདིའི་སྲོལ་རྒྱུན་གྱི་ཆོ་ག་དག་རྙིང་མའི་ཆོ་ག་རུ་བསྒྱུར་ནས་ཡུལ་སྡེ་མང་ཚོགས་རྣམས་སོ་སོའི་ཆོས་ལུགས་ངོ་མ་ཤེས་པའི་གནས་ཚུལ་ཡང་ཆགས་པ་རེད། དེར་བསྟེན་མདངས་དར་དགོན་པ་དང་གཡུང་དྲུང་བོན་ལ་ལྷག་བསམ་དཀར་བའི་ཡུལ་མི་འགས་གནས་ཚུལ་དག་རྩེ་དྲུག་བསྟན་འཛིན་འོད་ཟེར་ལ་སྙན་ཞུ་བྱས་པས། དམ་པ་ཁོང་གིས་ཐུགས་དགོངས་ལ་ཡུལ་འདིའི་དགོན་པ་དང་ལྷ་སྡེ་རྣམས་གཟིགས་སྐྱོང་མ་གནང་ན་བོན་འབངས་དུད་གྲངས་སུམ་བརྒྱ་ལྷག་ཙམ་བོན་སྤང་ཆོས་བསྒྲུབ་ཀྱི་གནས་ཚུལ་དང་། ས་ཆགས་དེ་རུ་བོན་ནུབ་ལ་ཉེ་བ་ཡིན་པ་དགོངས་ནས། སྤྱི་ལོ་༢༠༠༥ལོར་ཚེས་༡༣ཉིན་རྩེ་དྲུག་ནས་མདངས་དར་དགོན་ལ་ཞབས་སོར་བཀོད་དེ། ལྷ་སྡེ་མང་ཚོགས་རྣམས་ལ་དགེ་སྡིག་སྤང་བླང་ཇི་ལྟར་དགོས་ཚུལ་གྱི་བཀའ་སློབ་དང་། ལྷག་ཏུ་རང་རང་གི་ཕ་ཆོས་ནི་གཡུང་དྲུང་བོན་ཡིན་པས་ནམ་ཡང་སེམས་ལ་འབོར་མི་ཉེན་ཞེས་བཀའ་སློབ་གནད་སྨིན་གནང་བ་དང་། དགེ་བཤེས་ཤེས་རབ་བློ་གྲོས་དགོན་གྱི་བླ་མ་ཡིན་ཞེས་ངོ་སྤྲོད་གནང་ནས་བླ་མ་ཤེས་རབ་བློ་གྲོས་ཁོང་གིས་སྤྱི་ལོ་༢༠༠༧ལོར་འགན་བཞེས་ཏེ་དགོན་པ་སླར་ཡང་གསར་དུ་བཞེངས་པས་འདུ་ཁང་གཅིག་དང་བླ་བྲང་གཅིག་ཇ་ཁང་གཅིག་སྲུང་མ་ཁང་གྲྭ་ཤག་སོགས་གསར་བཞེངས་དང་།

11 (12).JPG
11 (5).JPG
11 (9).JPG

ནང་རྟེན་ལ་རྟེན་གསུམ་སོགས་ལེགས་གྲུབ་བྱུང་ནས་ད་ལོ་སྤྱི་ལོ་༢༠༡༣་ལོའི་ཟླ་བ་༡༡ཚེས་༡༧་ནས་༢༥་བར་ཁང་གསོའི་མཛད་སྒོ་དང་མ་ཏྲི་བསྒྲུབ་པའི་མཛད་སྒོ་སོགས་སྤེལ་བ་རེད།

11 (8).JPG
11 (7).JPG
11 (1).JPG
11 (3).JPG
11 (11).JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།