བོན་གཞུང་ལས་བྱུང་བའི་གླང་ཆེན་འགྱིང་རི།
[ཟླ་ཚེས། 2023-03-26 17:02:02][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ][ཀློག་གྲངས། ]
བོན་གྱི་དཔེ་གཞུང་ནང་དུ་ཚེ་དབང་གནས་བརྒྱད་གསོལ་འདེབས་ཞེས་པ་ཞིག་ཡོད། བཤད་སྲོལ་ལ་ཚེ་དབང་རིག་འཛིན་ཉིད་ཞང་ཞུང་དང་བལ་པོ། རྒྱ་གར་དང་རྒྱ་ནག། བོད་དང་སྟག་གཟིག་སོགས་འཛམ་གླིང་གི་གནས་ཆེན་བརྒྱད་ལ་སྒྲུབ་པ་མཛད་པའི་གཞུང་བརྒྱད་ཡོད། དེ་ལས་ཚེ་དབང་བོད་ཡུལ་མ་དང་རྒྱ་ནག་མ། ཚེ་སྒྲུབ་བྱ་རི་མ་དང་ཚེ་དབང་ཡང་ཞུན་སོགས་ད་ལྟའང་དཔེ་རྒྱུན་མཇལ་དུ་ཡོད། དེའང་ཚེ་དབང་གནས་བརྒྱད་གསོལ་འདེབས་ནི་སྒྲུབ་གནས་བརྒྱད་དང་འབྲེལ་བའི་གསོལ་འདེབས་ཤིག་ཡིན། མཛད་པ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་ཡིན། གསོལ་འདེབས་ལས། གླང་ཆེན་འགྱིང་བའི་རི་བོ་ན། །འགྲོ་མགོན་ཚེ་དབང་རིག་འཛིན་བཞུགས། །རྣམ་སྤྲུལ་རིག་འཛིན་སྟོང་གིས་བསྐོར། །ཞེས་གླང་ཆེན་འགྱིང་རི་ནི་བོན་སྐུ་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་གཙོ་བོ་ཞིག་ཏུ་ངོས་འཛིན་གནང་ཡོད། དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་ལ་རིག་འཛིན་གྱེར་མི་ཉི་འོད་ལའང་ཚེ་དབང་གནས་བརྒྱད་གསོལ་འདེབས་ཤིག་ཡོད་ཀྱང་ཕྲན་གྱི་ལག་ཏུ་མ་སོན། དེ་བཞིན་དུ་བོན་ལུགས་གནས་བརྟན་ཕྱག་མཆོད་ལས། གླང་ཆེན་འགྱིང་བའི་རི་བོ་ན། །འཕགས་པའི་གནས་བརྟན་མཆོག་ལྡན་དཔལ། །རྔ་ཡབ་སྤོས་ཕོར་འཛིན་ཕྱག་འཚལ། །སངས་རྒྱས་གཡུང་དྲུང་བསྟན་པ་འདི། །ཕྱོགས་བཅུ་རྒྱས་པར་བྱིན་གྱིས་རློབས། །ཞེས་གནས་བརྟན་མཆོག་ལྡན་དཔལ་ཞེས་པ་ནི་སྟོན་པ་གཤེན་རབ་ཀྱི་སློབ་མ་ཞིག་ཡིན་ཞིང་ཁོང་གླང་ཆེན་འགྱིང་རི་ལ་བཞུགས་པར་བཤད་ཡོད།
གཞན་ཡང་བློ་ལྡན་ཟུར་བྱང་ལས་ཀྱང་གནས་བརྒྱད་གསོལ་འདེབས་དང་ནང་དོན་འདྲ་བོ་བྲིས་ཡོད། དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་ལ་རྒྱལ་རོང་གཡུང་དྲུང་འོད་ཟེར་གྱིས་གླང་ཆེན་འགྱིང་རི་ཝན་ལན་དགོན་ནས་རྒྱ་བོན་ལེགས་བཏང་རྨང་པོས་སྦས་པའི་ཕྱག་ཆེན་ཞིག་གཏེར་ནས་དྲངས། སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ལ་སྤྲུལ་སྐུ་སངས་རྒྱས་གླིང་པས་འཆི་མེད་རིག་འཛིན་གྱིས་བྱིན་གྱིས་རླབས་པའི་གནས་ཆེན་རྒྱ་ནག་གླང་པོ་རིའི་དཀར་ཆག་ཅེས་པ་ཞིག་བསྒྲིགས། གཞན་ཡང་གཏེར་སྟོན་གསང་སྔགས་གླིང་པའི་སྙན་རྒྱུད་ཚེ་དབང་རིག་འཛིན་གྱི་རྣམ་ཐར་སྨད་ཆ་ལས་ཀྱང་ཚེ་དབང་རིག་འཛིན་ཉིད་གླང་ཆེན་འགྱིང་རི་ལ་ཕེབས་པའི་གཏམ་རྒྱུད་སོགས་མདོར་ན་བོན་གྱི་དཔེ་ཆ་དུ་མའི་ནང་དུ་གླང་ཆེན་འགྱིང་རི་ནི་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཤིག་ཏུ་ངོས་འཛིན་གནང་ཡོད།།
འོ་ན་གླང་ཆེན་འགྱིང་རི་ཉིད་ཡུལ་གང་ཞིག་ཏུ་ཡོད་ཅེ་ན། ད་ལྟ་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས། རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཤར་མཐའ། རྒྱ་བོད་གཉིས་ཀྱི་སོ་མཚམས། ཆང་ལེ་རི་བོ་དང་འབྲེལ་ནས་ཡོད། རྒྱ་ནག་སྐད་ཀྱི་ནང་དུ་དེ་ལ་འོ་མིས་ཤན་དང་ཕུའུ་ཤན་ཕུའུ་སཱ་ཏའོ་ཁྲང(普贤菩萨道场)ཟེར། དེའང་ཕུའུ་ཤན་ཞེས་པ་ཀུན་དུ་བཟང་པོར་བསྒྱུར་ཡོད། ཕུའུ་སཱ་ནི་ཕུའུ་ཐིས་ས་ཏྭའའམ་བྷོ་དྷི་ས་ཏྭའི་བསྡུས་མིང་ཡིན། འཕགས་པ་དང་བྱང་སེམས་སོགས་ལ་གོ། བོད་སྐད་དུ་འཕགས་པ་ཀུན་དུ་བཟང་པོའམ་བྱང་སེམས་ཀུན་དུ་བཟང་པོ་ཞེས་བསྒྱུར་དགོས། ཏའོ་ཁྲང་ཞེས་པ་ནི་སྒྲུབ་གནས་དང་གནས་རི་སོགས་ལ་གོ། མདོར་ན་འཕགས་པ་ཀུན་དུ་བཟང་པོའི་སྒྲུབ་གནས་ཤིག་ཏུ་ངོས་འཛིན་པར་མ་ཟད། རྒྱ་ནག་གི་གནས་རི་ཆེན་པོ་བཞིའི་ཡ་གྱལ་ཞིག་ཏུ་རྩི་ནས་མཐོང་ཆེན་བྱེད་སྲོལ་ཡོད།
དེས་ན་བོན་ལུགས་ལ་ཀུན་དུ་བཟང་པོ་ནི་སྐུ་གསུམ་ལས་བོན་སྐུར་འདོད་པར་མ་ཟད། རྫོགས་པ་ཆེན་པོའི་གྲོལ་ཕུགས་ཤིག་ཏུ་ཁས་ལེན་གྱི་ཡོད། སྤྱིར་རྒྱ་གར་གྱི་ཐེག་ཆེན་ཆོས་ལུགས་དང་རྒྱ་ནག་གི་ནང་ཆོས་སོགས་སུ་སྐུ་གསུམ་གྱི་རྣམ་བཞག་ཡོད་ནའང་། ཆོས་སྐུ་རྡོ་རྗེ་འཆང་དང་རྣམ་པར་སྣང་མཛད་ཟེར་བ་ལས་ཀུན་དུ་བཟང་པོར་བགྲང་གི་མེད་མོད། བོད་ལའང་རྙིང་མ་དང་བོན་པོ་མ་གཏོགས་ཀུན་དུ་བཟང་པོ་ཆོས་སྐུར་འདོད་པའི་སྲོལ་མེད། ཀུན་དུ་བཟང་པོ་ནི་རྫོགས་ཆེན་དང་འབྲེལ་བའི་ལྷ་ཞིག་ཡིན་པ་དཔེར་ན་རྙིང་མའི་རྫོགས་ཆེན་བརྒྱུད་རིམ་ལས།ཆོས་སྐུ་ཀུན་དུ་བཟང་པོ། །ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབས་རྡོ་རྗེ། །སོགས་ཟེར། བོན་ལུགས་ལ་ཡེ་ཉིད་སྟོན་པ་ཀུན་དུ་བཟང་པོ། ཀུན་བཟང་རྒྱལ་བ་འདུས་པ། ཀུན་བཟང་གཤེན་ལྷ་འོད་དཀར་སོགས་ཀུན་བཟང་གི་མིང་འཐོགས་ས་མང་བར་མ་ཟད། བོན་སྐུ་ཀུན་དུ་བཟང་པོ། ལོངས་སྐུ་གཤེན་ལྷ་འོད་དཀར། སྤྲུལ་སྐུ་སྟོན་པ་གཤེན་རབ་ཟེར་སའང་མང་། དེས་ན་ཚེ་དབང་བོད་ཡུལ་མ་སོགས་སུ་ཚེ་དབང་རིག་འཛིན་ལའང་ཀུན་དུ་བཟང་པོ་དང་བོན་སྐུ་ཚེ་དབང་རིག་འཛིན་སོགས་འབོད་ཀྱི་ཡོད་པས། ཀུན་དུ་བཟང་པོ་དང་ཚེ་དབང་རིག་འཛིན་གཉིས་འབྲེལ་བ་ཡོད་པར་མ་ཟད། གླང་ཆེན་འགྱིང་རི་ལའང་འབྲེལ་བ་ཡོད་པར་སེམས་སོ། །
རྒྱ་ནག་གི་ལོ་རྒྱུས་རྣམས་སུ་ཀྲུའུ་ནུབ་མའི(3000年前)སྐབས་ནས་འོ་མིས་ཤན(峨眉山)ཞེས་ཐ་སྙད་འདི་བྱུང་ཞིང་། འོ་མིས་ཤན་ལ་འགྲེལ་རྒྱག་སྟང་ཡང་ཧ་ཅང་མང་པོ་ཞིག་ཡོད། ད་ལྟ་གླང་ཆེན་འགྱིང་རིའི་རི་འདབས་ཀྱི་དགོན་པ་ཞིག་ལ་ཝན་ལན་སི(万年寺)སྟེ་ཁྲི་ལོ་དགོན་ཞེས་པ་ཞིག་ཡོད། དགོན་པ་འདི་ལ་ལོ་ཁྲི་ཕྲག་གི་ལོ་རྒྱུས་ཡོད་པས་དེ་ལྟར་འབོད་པར་བཤད། ངག་རྒྱུན་ལ་གླང་ཆེན་འགྱིང་རིའི་རྩེ་ན་ཀུན་དུ་བཟང་པོ་གཉིས་ཡོད་པ་ལས། རྒྱ་ཀུན་དུ་བཟང་པོ་ཞེས་པའི་རྒྱ་ལྷ་ཞིག་ཁ་ཤར་ཕྱོགས་རྒྱ་ཡུལ་ལ་འཁོར་ནས་ཡོད། བོད་ཀུན་དུ་བཟང་པོ་ཞེས་བོད་ལྷ་ཞིག་ཁ་ནུབ་ཏེ་བོད་ལ་འཁོར་ནས་ཡོད་པར་བཤད། གང་ལྟར་གནས་རི་འདི་ནི་རྒྱ་བོད་ཐུན་མོང་གི་གནས་རི་གལ་ཆེན་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

ད་ལྟ་ཏི་དབྱང་ཀོན་ཧན་གྱི་སན་ཤིན་ཏིའི་(德阳广汉三星堆遗址)གནའ་ཤུལ་ནང་དུ་ལོ་སུམ་སྟོང་སྔོན་དུ་འགྲོ་ཐུབ་པའི་གླང་པོ་ཆེའི་མཆེ་བ་འབོར་ཆེན་བྱུང་ཡོད་པས། མི་ལོ་སུམ་སྟོང་སྔོན་དུ་གྲོང་ཁྱེར་སྤོས་ལྡན་མཐའ་ན་གླང་པོ་ཆེ་ཡོད་པ་སྨོས་མ་དགོས། དེས་ན་བོན་གྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་སོགས་ལས། འདུས་སྲོང་མང་པོ་རྗེའི་སྐབས་ཁྱུང་པོ་གྱེར་ཟླ་མེད་སོགས་ཀྱིས་སྣེ་ཁྲིད་དེ་བོད་ཀྱིས་འཇང་ལ་རྒོལ་བ་བྱེད། གླང་པོ་སྟོང་གི་སྣ་བཅད་པའི་ལོ་རྒྱུས་ཡོད་པས། གླང་ཆེན་ཡོད་པར་མ་ཟད། གླང་ཆེན་ནི་དམག་དོན་ལ་མཁོ་གལ་ཆེ་བའི་སྲོག་ཆགས་ཞིག་ཡིན་པའང་ཤེས་ཐུབ། དེར་བརྟེན་གླང་ཆེན་འགྱིང་རི་ཞེས་པའང་གནའ་བོའི་གླང་ཆེན་གཟུགས་ཅན་གྱི་ལྷ་དང་ཡང་ན་ཡ་ཐོག་གི་རིག་གནས་ལ་འབྲེལ་བ་ཡོད་པར་ཤེས་ཐུབ།
ད་ལྟ་སི་ཁྲོན་གཡག་རྔ་ས་ཁུལ་གྱི་ཧྲི་མྱན་རྫོང་(石棉县)དང་བོན་གཤེན་རྫོང་(宝兴县)། སི་ཁྲོན་མྱན་དབྱང་གྲོང་ཁྱེར་(绵羊)དང་ཏི་དབྱང་(德阳)སོགས་སུ་ང་རང་དངོས་སུ་འགྲོ་མྱོང་། དེ་ལས་ཧྲི་མྱན་ལ་ད་ལྟའང་བོན་གྱི་དགོན་པ་ཡོད། བོན་གཤེན་རྫོང་ལ་དགེ་ལུགས་པའི་དགོན་པ་ཆུང་ཆུང་ཞིག་ཡོད་ཀྱང་གྲྭ་བ་མེད། བཤད་སྲོལ་ལ་སྔོན་ཆད་བོན་པོ་ཡིན་ཀྱང་དུས་རབས་བཅུ་དགུ་པའི་ནང་དུ་དགེ་ལུགས་སུ་བསྒྱུར་བར་བཤད། ཡུལ་དེ་ན་བོན་གྱི་གཞི་བདག་མང་པོ་འདུག ཡང་ས་ཆ་འགའ་ཞིག་ད་ལྟ་ཆཱང་རིགས་ལ་འགྱུར་ནས་ཡོད་ཀྱང་། བོན་གྱི་ཡིག་རྙིང་ཅི་རིག་མཇལ་དུ་ཡོད། དུས་རབས་བཅུ་བདུན་པར་བྱོན་པའི་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱི་རང་རྣམ་ལས། ཁོང་ལོ་དུས་ལྟར་གླང་ཆེན་འགྱིང་རི་ལ་ཕེབས་ཞོལ་རྒྱ་ནག་གི་བོན་དགོན་ཁག་ལ་འགྲོ་སྲོལ་ཡོད་པའང་ཡུལ་གྲུ་འདི་དག་ཡིན་ནམ་སྙམ། གང་ལྟར་གླང་ཆེན་འགྱིང་རི་ནི་བོན་གྱི་སྐྱེས་ཆེན་དུ་མའི་སྒྲུབ་པ་མཛད་སའི་གནས་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པ་དཔེར་ན། དགེ་བཤེས་གཡུང་དྲུང་བསྟན་འཛིན་དང་སྤྲུལ་སྐུ་སངས་རྒྱས་གླིང་པ། ཀུན་གྲོལ་གྲགས་པ། རྟོགས་ལྡན་དཀོན་མཆོག་འཇིགས་མེད་གླིང་པ། རྒྱལ་རོང་གཡུང་དྲུང་འོད་ཟེར། གཞི་རིང་དགོན་པའི་བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན་སོགས་བོན་བླ་མང་པོ་གླང་ཆེན་འགྱིང་རི་ལ་ཕེབས་ནས་དྲན་པ་ཡབ་སྲས་བཅུད་དྲིལ་གྱི་སྒྲུབ་པ་མཛད་པའི་རྣམ་ཐར་ཡོད།
ལོ་ངོ་བཅུ་ཁ་ཙམ་གྱི་སྔོན་དུ་ཕ་ཡུལ་བོད་ལྗོངས་དྭངས་ར་ནས་ཡིན་པའི་བླ་མ་དྭངས་ར་སྤྲུལ་སྐུ་ཞེས་ལུང་བསྟན་ལ་ཐོགས་པ་མེད་པའི་བོན་བླ་ཞིག་ཡོད། ཁོང་གིས་གླང་ཆེན་འགྱིང་རིའི་དཀར་ཆག་ཅིག་མཛད་པའང་བོན་གྱི་ལོ་རྒྱུས་ཡིག་ཆ་དང་ཧ་ཅང་མཐུན། སེང་སྤྲུལ་རིག་འཛིན་ཉི་མས་བོན་གྱི་སྦས་གནས་གླང་ཆེན་འགྱིང་རིའི་ལོ་རྒྱུས་ནོར་བུའི་མེ་ལོང་ཞེས་གླང་ཆེན་འགྱིང་རིའི་ལོ་རྒྱུས་ཁ་གསལ་ཞིག་བྲིས་ཡོད། སྤྱི་ལོ༢༠༡༩ལོར་ང་ཡི་ནུ་བོ་བཀྲ་ཤིས་འོད་ཟེར་ལགས་ཀྱིས་ཚེ་དབང་རིག་འཛིན་གྱི་ཟངས་སྐུ་ཞིག་གླང་ཆེན་འགྱིང་རིའི་རི་འདབས་ཝན་ལན་དགོན་ལ་ཕུལ་བས། ད་ལྟའང་དགོན་པའི་ནང་རྟེན་གྲས་སུ་བཞུགས། ང་རང་གནས་དེ་ལ་སྐོར་བ་ཐེངས་གཉིས་འགྲོ་མྱོང་། ཐེངས་དང་པོ་སྤྱི་ལོ༢༠༠༡ལོར་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གྱུར་པུའུ་ཡིས་བཀོད་བསྒྲིགས་ལྟར་སོང་། ཐེངས་གཉིས་པ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་བཀོད་བསྒྲིགས་ལྟར་སོང་བར་མ་ཟད། ཡུལ་དེ་ཀའི་གྲྭ་བ་ཚོ་དང་དངོས་སུ་བགྲོ་གླེང་བྱེད་པའི་གོ་ཡང་སྐབས་ཐོབ།
གཞན་ཡང་ཉེ་ཆར་དཔེ་སྐྲུན་བྱས་པའི་ཞང་བོད་ཚིག་མཛོད་ཆེན་མོ་ལས། ཚེ་དབང་གནས་བརྒྱད་ནི་འོག་མིན་བདེ་ཆེན་གནས་དང་རྒྱ་གར་གཡུ་ལོ་མཛེས་པའི་རི་བོ། ཞང་ཞུང་ཁྱུང་ཆེན་སྤུངས་པའི་རི་བོ། སྟག་གཟིག་སེང་ཆེན་འགྱིང་བའི་རི་བོ། ཨུ་རྒྱན་རྨ་བྱ་མཛེས་པའི་རི་བོ། རྒྱ་ནག་གླང་ཆེན་འགྱིང་རི། བོད་ཡུལ་ཏི་སེ་གངས་ཀྱི་རི། བོད་ཡུལ་བཀྲ་ཤིས་ཕྱུག་མོ་རི་བཅས་གྲངས་ཡོད་པས། བོན་སྔ་རབས་པའི་དགོངས་པ་ལྟར་བྲིས་ཡོད།