ཡོག་ཅན་སྐམ་ཚང་སྦྲ་ཚང་གི་སྦྲ་ནག་ལན་གསུམ་མ་ལེགས་གྲུབ་ཀྱི་བཤད་པ་མདོར་བསྡུས།
[ཟླ་ཚེས། 2022-07-24 20:43:49][རྩོམ་པ་པོ། སྐམ་ཚང་མཉམ་ཉིད་བྱམས་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཨེ་མ་ཧོ། བསྐལ་ཆེན་སྟོན་པ་གཤེན་རབ་མི་བོ་དང་། །
སྙིགས་མའི་འདུལ་དཔོན་དྲན་པ་ཡབ་སྲས་གསུམ། །
མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན། །
སྐྱབས་གནས་དཀོན་མཆོག་གསུམ་གྱི་ཤིས་པ་རྩོལ། །
རྒྱལ་བའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། །
མཁས་པའི་དབང་པོ་ཉི་མ་བསྟན་འཛིན་རྗེ། །
སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་གཙོས། །
སྐམ་ཚང་བླ་བརྒྱུད་གོང་མ་ལ་ཕྱག་འཚལ། །
སྙིགས་མའི་འདུལ་དཔོན་དྲན་པ་ཡབ་སྲས་གསུམ། །
མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན། །
སྐྱབས་གནས་དཀོན་མཆོག་གསུམ་གྱི་ཤིས་པ་རྩོལ། །
རྒྱལ་བའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། །
མཁས་པའི་དབང་པོ་ཉི་མ་བསྟན་འཛིན་རྗེ། །
སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་གཙོས། །
སྐམ་ཚང་བླ་བརྒྱུད་གོང་མ་ལ་ཕྱག་འཚལ། །



སྐམ་ཚང་སྦྲ་ཚང་གི་ནང་རྟེན་མཆོད་རྟེན་ཆ་བརྒྱད།
སྐབས་དེ་དུས་སྦྲ་ནག་ལན་གསུམ་མ་ཞེས་སྐམ་ཚང་གི་དབྱར་རྒུན་མེད་པ་ཕུབ་ནས་སྒོ་ཤིང་སྒོ་ཅན་ཞིག་ཡོད་པ་དང་། སྒྲུབ་ཁང་དང་སྔགས་རྒྱུན་དེར་བཞུགས་ཡོད་པ་དང་། སྐམ་ལུགས་ཞེས་པ་འདོན་སྟངས་སྲོལ་དེ་ནས་དར། སྦྲ་དེའི་ནང་། རྩ་གསུམ་དང་སྲིད་རྒྱལ་དྲེལ་དམར་བཙན་རྒོད་སོགས་ནམ་ཟླ་དུས་བཞི་ལ་ཚོགས་བརྒྱ་རེ་ཆད་མེད་བྱེད་སྲོལ་ཡོད་འདུག ད་དུང་འདོན་ཚོགས་སྐོར། གེ་ཁོད་དགུ་གཏོར་ཆེན་མོ། འབུམ། ཁམས་ཆེན། སོགས་མང་པོ་སྦྲ་དེའི་ནང་འདོན་སྲོལ་ཡོད། སྟོན་ཁ་དང་དབྱར་ཁ་ཟླ་བ་གཅིག་གཉིས་ཙམ་ཡོག་ཆེན་ས་གནས་སུ། བོན་ཞུ་མཁན་དང་། བསྙེན་གནས་བསྙུང་གནས་འདུག་མཁན། དཔེ་ཁྲིད་ཞུ་མི་བརྒྱ་ཕྲག་ཁ་ཤས་ལོ་ལྟར་འཚོགས་སྲོལ་ཡོད་པའི་སྦྲ་ནག་ལན་གསུམ་པ་ཞེས་པ་ལོ་རྒྱུས་ཐོག་དེ་ལྟར་བྱུང་བ་ལྟར་གནའ་བོའི་སྦྲ་དེ་ཉིད་ཀྱི་ཤིང་སྒོ་ད་ལྟ་དངོས་སུ་བཞུགས། སྦྲ་ནག་ལེན་གསུམ་མ་ནི་སྲོལ་རྒྱུན་ལོ་རྒྱུས་ཡུན་རིང་ལྡན་པའི་སྦྲ་ཞིག་ཡིན་ལ་མི་ལོ་༢༠༠ཙམ་གྱི་ལོ་རྒྱུས་ཡོད།
ཧོར་སྦྲ་ཆེན་སྐམ་ཚང་སྦ་ཚང་བླ་མ་གཡུང་དྲུང་རྒྱལ་མཚན་དང་ཁྱུང་བཟའ་ལྷ་དཔལ་རྣམ་གཉིས།

ལོ་རྒྱུས་ལྡན་པའི་སྐམ་ཚང་སྦྲ་ནག་ལན་གསུམ་མ་ཉམས་གསོའི་སྟོན་མོ།
མ་ཚད་སྦྲ་ནག་ལན་གསུམ་མ་ཉམས་གསོ་བྱེད་མཁན་གྱི་མགོ་འཛིན། སྐམ་ཚང་ཚ་བོ་གཡུང་དྲུང་བཀྲ་ཤིས། ནོར་རྒྱལ་བསོད་བཀྲ། ནོར་བུ་བཅས་ཀྱི་གཙོ་འགན་བཞེས་ནས་སྦྲ་ནག་ལན་གསུམ་མ་ཉམས་གསོ་བྱེད་མཁན་གྱི་སྐམ་ཚང་ཚ་བོ་ཚ་མོ་དང་ཡོག་ཆེན་གྲོང་ཚོ་དང་པོའི་ཡུལ་སྡེ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཀའ་དྲིན་མཚོན་བྱེད་ཀྱི་དྲན་རྟེན་སོ་བརྒྱད་མཁན་པོ་ཉི་རྒྱལ་མཚན་སྐུ་པར་དང་མགུལ་དར་རེ་འབུལ་རྒྱུ་ཡོད།





སྦྲ་ནག་ལན་གསུམ་མ་ཉམས་གསོའི་སྦྱིན་བདག་སྐམ་ཚང་ཚ་བོ་ཚ་མོ་རྣམ་པའི་དྲན་རྟེན།
མཇུག་ཏུ། གསེར་འོད་ནོར་བུ་འོད་འབར་ལས་གསུང་པ་ལྟར། ཀླུ་རིགས་ལོངས་སྤྱོད་ཕུན་སུམ་ཚོགས། ཀླུ་རྣམས་གཡུང་དྲུང་ཀློང་དུ་གྱུར། དེ་བཞིན་སྒྲུབ་གཤེན་ཡོན་བདག་གིས། བཙན་ཕྱུག་འཕན་དར་ཕྱ་གཡང་སྐྱབས། བཀྲ་ཤིས་བཙན་ཕྱུག་འཛོམ་པར་ཤོག འཛོམ་པ་ལྷ་ཡི་ནོར་གཡང་ཤོག སྤུ་རྒྱལ་བོད་ཀྱི་ཚེ་གཡང་ཤོག ཨ་བོ་ཧོར་གྱི་བཙན་གཡང་ཤོག སྨུག་པོ་གདོང་གི་རྒྱལ་གཡང་ཤོག སེ་ཁྱུང་དབྲ་ཡི་བཟང་གཡང་ཤོག ཨ་ལྕགས་འགྲུ་ཡི་དཔའ་གཡང་ཤོག དམུ་ཚ་སྒ་ཡི་འབྱོར་གཡང་ཤོག ལྡ་ལྡིང་སྒོ་ཡི་རྒྱལ་གཡང་ཤོག དབལ་ཟླ་གཉིས་ཀྱི་ནོར་གཡང་ཤོག ཤར་དུ་ཕྱ་ཁུག་གཡང་བླན་ནོ། ཕྱྭ་གཡང་མི་འཆུག་བརྟན་གྱུར་གཅིག བྱང་དུ་ཕྱ་ཁུག་གཡང་བླན་ནོ། ཕྱྭ་གཡང་མི་འཆུག་བརྟན་གྱུར་གཅིག ནུབ་ཏུ་ཕྱ་ཁུག་གཡང་བླན་ནོ། ཕྱྭ་གཡང་མི་འཆུག་བརྟན་གྱུར་གཅིག ལྷོ་རུ་ཕྱ་ཁུག་གཡང་བླན་ནོ། ཕྱྭ་གཡང་མི་འཆུག་བརྟན་གྱུར་གཅིག ལྷ་ཀླུ་མི་གསུམ་རབ་ཏུ་དགྱེས་པར་ཤོག ཐུགས་རྗེ་ཆེ།