སྟོན་པ་གཤེན་རབ་རྒྱུས་ལོན་བྱེད་ཚུལ།
[ཟླ་ཚེས། 2022-05-06 11:32:21][རྩོམ་པ་པོ། རག་ཤི་ཚངས་སྲས་འཇིགས་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྟོན་པ་གཤེན་རབ་ཀྱི་སྐུ་ཚེའི་མཛད་འཕྲིན་དང་བསྟན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་ཚོགས། དུས་ཕུན་ཚོགས། གནས་ཕུན་སུམ་ཚོགས་པ་སོགས་ལ་ཞིབ་མོར་རྒྱུས་ལོན་བྱེད་འདོད་ན་ཁོང་གི་རྣམ་ཐར་རྒྱས་པ་པོད་བཅུ་གཉིས། ལེའུ་ཉེར་གཅིག་གི་བདག་ཉིད་<<དྲི་མེད་གཟི་བརྗིད་>>དང་། རྣམ་ཐར་འབྲིང་པོ་གླེགས་བམ་གཉིས། <<མདོ་གཟེར་མིག>>ལེའུ་བཅོ་བརྒྱད། རྣམ་ཐར་བསྡུས་པ་<<མདོ་འདུས་པ་རིན་པོ་ཆེའི་རྒྱུད།>>ལེའུ་ཉེར་བཞི་སོགས་སུ་གཟིགས་ན་ཁོང་གི་ལོ་རྒྱུས་ཟབ་ཅིང་རྒྱས་པར་མཐོང་ཞིང་གསར་གཏོད་ཀྱི་ཐར་ལམ་དང་རིན་ཐང་བྲལ་བའི་བསམ་བློ། གཏིང་དཔག་དཀའ་པའི་རིག་གཞུང་བཀའ་རྒྱས་འབྲིང་བསྡུས་གསུམ་བཅས་ཇི་ལྟར་སྟོན་པ་རྒྱུས་ལོན་བྱུང་།
ཡང་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ཞིབ་མོར་མཇལ་མ་ཐུབ་ནའང་། སངས་པོ་ཁྲིན་ཁོད་ཀྱིས་ཡི་གེར་བཏབ་པའི་བོན་གྱི་དཔེ་རྙིང་རྩ་ཆེན་<<སྲིད་པ་སྤྱི་སྐོང་>>དེ་ཉིད་བལྟས་ན་གཤེན་རབ་མི་བོའི་སྐུ་ཚེའི་མཛད་པ་དང་། འཁྲུངས་ཡུལ་སོགས་རགས་ཙམ་ངེས་ཐུབ། དཔེ་རྙིང་འདིའི་མིང་ཆ་ཚང་ནི་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཞེས་བྲིས། དབྱི་ཏ་ལིའི་བོད་རིག་པའི་མཁས་པ་“ཏུའུ་ཆི་ཡིས་”ཐོག་མར་བོད་ནས་ཡིག་ཆ་ལག་བྲིས་མ་ཞིག་རྙེད། ཁོང་གིས་དཔེ་ཆ་དེ་དབྱི་ཏ་ལིར་ཁྱེར་པ་ནས་བཟུང་ཚང་མས་དོ་སྣང་འགོ་ཚུགས། ཡིག་ཆ་དེ་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་དང་མཉམ་དུ་དབྱི་ཏ་ལི་རྒྱལ་ཁབ་ཀྱི་ཤ་ཡ་དང་ཨ་ཧྥེ་རི་ཀ་ཞིབ་འཇུག་གླིང་གིས་ཉར་ཚགས་བྱས་རྗེས་མཁས་དབང་ནམ་མཁའི་ནོར་བུ་སོགས་མང་ཞིག་གིས་རྩོམ་གཞུང་དུ་ལུང་འདྲེན་དང་གདེངས་འཇོག་ཆེན་པོ་བྱས། དཔེ་ཆ་དེའི་འཇུག་བྱང་དུ་“སྲིད་པ་སྤྱི་སྐོང་སྣང་སྲིད་ཀྱི་མདོས་ཟབ་མོ། དབོན་གསས་ཐམས་ཅད་ཀྱི་སྲུང་བའི་གོ་ཁྲབ་གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ། སངས་པོ་ཁྲིན་ཁོད་བདག་གིས་ཡི་གེར་བཏབ་པ། ཞང་བོད་དབོན་གསས་བར་མ་ཆད་པས་ཐུ་ཐོབ་པ། ཟབ་མོ་ཆིག་ཆིག་ནི་རྫོགས་སོ།།”ཞེས་བཀོད་ཡོད། དཔེ་རྙིང་འདིར་གསལ་བའི་སངས་པོ་ཁྲིན་ཁོད་དང་། བོན་གྱི་རྫོགས་ཆེན་ཉམས་བཞེས་པ་བོད་རྗེ་གནམ་རི་སྲོང་བཙན་གྱི་ཡབ་མེས་རྗེ་སྟག་རི་སྙན་གཟིགས་ཀྱི་སྐུ་གཤེན་ར་སངས་ཁྲི་ནེ་ཁོད་གཉིས་མི་གཅིག་ཡིན་མིན་སྐོར་བསམ་གཞིགས་དགོས། འོན་ཏང་། ཉེ་བའི་ལོ་སྟོང་སྔོན་དུ་ཕར་བཤུ་ཚུར་བྲིས་ཀྱི་བརྒྱུད་རིམ་ཁྲོད་དུ་འབྲི་ཉེས་ཀྱི་རྐྱེན་གྱིས་མིང་གཅིག་ལ་གཉིས་ཀྱི་རྣམ་པ་གྱུར་བ་དང་། ད་ལྟའི་བར་མ་དག་རྒྱུན་འབྱམས་སུ་ལུས་པར་སེམས། དེབ་དེར་ཡིག་རྙིང་གི་ཚད་གཞིའང་བོད་ཀྱི་དྲིལ་བུའི་ཡི་གེ་དང་། རྡོ་རིང་ཡི་གེ ཏུན་ཧོང་ཡིག་ཆ་སོགས་ཀྱི་ཁྱད་ཆོས་མང་པོ་མངོན་ཡོད། དཔེར་ན། རྒྱལ་ལ་གྱལ། མི་བོ་ཆེ་ལ་མྱྀ་བོ་ཆེ། མདངས་ལ་དང་། མཐུ་ལ་ཐུ། མཁར་ལ་ཁར། ཞེས་པ་སོགས་མང་དུ་བྲིས་ལ། ཚིག་གི་མཚམས་གཅོད་སྟངས་ཀྱང་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ཚིགས་བཅད་དང་མཚུངས་པ་སྟེ། ཏུན་ཧོང་དཔེ་རྙིང་དུ། “ཆབ་ཆབ་ཀྱི་ཕ་རོལ་ན། ཡར་ཆབ་ནྀ་ཕ་རོལ་ན། དགུ་གྲྀ་ནི་ཟིང་པོ་རྗེ། ཉ་ལས་ནྀ་ཁམ་དུ་བཀོང་།”ཞེས་དང་། “ཡུལ་གྱི་ནྀ་སྐལ་པོག་པ། ཁྱུང་ལུང་ནྀ་རྔུལ་མཁར་ཞིག ། མུ་སུ་ནི་གཞན་ན་རེ། པྱི་བལྟས་ནྀ་ངམ་དང་བྲག ནང་བལྟར་ནྀ་གསེར་དང་དབྱིག །བདགྀ་ནི་གཡར་སྔ་རུ། མཆིས་སུ་ནྀ་མ་ཐོ་འམ། སྐྱ་མོ་ནི་བསེང་བསེང་མོ། བྲན་གྱྀ་ནི་སྐལ་པོག་པ། གུ་གེ་ནྀ་རྐང་པྲན་ཞིག།”ཅེས་པ་དང་<<སྲིད་པ་སྤྱི་མདོས་>>ལས། “ཡེ་སྲིད་ཀྱི་སོ་མཚམས་ན། སྤྱན་འདྲེན་ནི་གཤེན་རབ་འདྲེན། དགུང་གསུམ་གྱི་ཡ་ཤེད་ན། སྤྱན་འདྲེན་སུ་འདྲེན་ན། སྤྱན་འདྲེན་ནི་དགུང་རྒྱལ་འདྲེན། དགུང་གསུམ་གྱི་བར་ཤེད་ན། སྤྱན་འདྲེན་སུ་འདྲེན་ན། སྤྱན་འདྲེན་ནི་དམུ་རྗེ་འདྲེན།”ཞེས་པ་ལྟ་བུ་དཔེ་རྙིང་གི་ཁྱད་རྟགས་མངོན་པ་འདྲ་ཡོད།
བོད་རིག་པའི་མཁས་ཅན་<<སྐུ་ཞབས་སྟོང་སྐོར་ཚེ་རིང་ཐར་>>མཆོག་ལ་གུས་པས་བཅར་འདྲི་ཞིག་གི་སྐབས་སུ་ཁོང་གིས་གསུང་རྒྱུར་ཡིག་ཆ་འདི་ལ་ཧ་ཅང་གལ་ཆེ་བའི་ཁྱད་རྟགས་ཡོད་པ་ནི། ཡིག་ཆ་ཡོངས་ཀྱི་ནང་དོན་ལ་ཐུབ་བསྟན་ཀྱི་ཤུགས་རྐྱེན་ཅི་ཡང་མཐོང་རྒྱུ་མེད་པ་དེ་རེད། ཁོ་བོས་ཀྱང་ཡིག་ཆ་འདི་མ་མཐའ་སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་ཀྱི་ཡིན་པར་འདོད་ཡོད། ང་ཚོ་ལ་རིན་ཐང་ལྡན་པའི་དཔེ་ཆ་འདི་བཞིན་ཡོད་པ་དག་མི་མཐུད་ནས་རྒྱུན་སྐྱོང་དང་འཚོལ་ཞིབ་ཡག་པོ་གནང་དགོས་ཞེས་གསུང་མྱོང་། གུས་པས་རྩོམ་ཡིག་འདི་འབྲི་པའི་བར་གསེང་ནས་བློ་བུར་ཡིད་ཡུལ་དུ་འཆར་ལ། གསུང་བཤད་འདི་ཡིད་རྟོན་རུང་བའི་གནས་སུ་འདུག་པར་སྙམ་ནས་འདིར་འགོད་པ་ལགས་སོ། ། མདོར་ན་སྲིད་པ་སྤྱི་མདོས་ཞིབ་འཇུག་བྱས་པའི་དབང་གིས། བོན་ཞེས་པའི་གོ་དོན་དང་། གཡུང་དྲུང་བོན་གྱི་གྲུབ་མཐའ། སྟོན་པ་གཤེན་རབ་མི་བོ་འཁྲུངས་གནས། གཤེན་རབ་མི་བོའི་མཛད་འཕྲིན་སོགས་དུ་མ་ཞིག་རྒྱལ་ཕྱི་ནང་མཁས་པ་ཀུན་ལ་ངེས་ཤེས་བྱུང་བ་ནི། དངོས་ཐོག་བདེན་འཚོལ་རིག་པས་ཐག་གཅོད་བྱུང་སྟེ། <<སྲིད་པ་སྤྱི་མདོས་>>ལས། “ཡ་ཀི་སྐྱིད་པའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་འགོ། རི་རྒྱལ་ཏི་སེ་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར།”ཞེས་པའི་ཚིགས་བཅད་དེའི་ནང་དུ་མཛེས་ཤིང་ལྟ་ན་སྡུག་པའི་ཞིང་ཁམས། གཟི་བྱིན་འབར་བའི་གངས་ཏི་སེ། དེའི་ཕྱོགས་བཞི་ནས་བབས་པའི་སེང་གེ་ཁ་འབབ་དང་། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ་བཅས་དྭངས་གཙང་གི་ཆུ་ཆེན་བཞི་སྟེ། ད་ལྟའི་སྟོད་མངའ་རིས་ཀྱི་སྤུ་ཧྲང་ས་ཆ་དང་། མཚོ་མ་པང་གཡུ་མཚོ་སོགས་འཁྱིལ་བའི་ས་ཁུལ་དེར་‘‘འོལ་ལུང་’’ཞེས་བརྗོད་ནས་བསྟན་པ་ནི། སྙན་ངག་གི་ཚིག་གྲངས་མཉམ་པའི་ཆེད་དུ་འོལ་མོ་ལུང་རིང་གི་བསྡུས་མིང་སྨྲས་པ་སྨོས་ཅི། སྐབས་དེར་འབྱུང་བཞི་ཆ་མཉམ། ཕྱི་ནང་ཉམས་དགའ། སྐྱེ་འགྲོ་བག་ཕེབས་འཛོམས་པ། གཡུ་མཁར་ངོ་མཚར་ཆེ་བའི་ཕོ་བྲང་དེ་ནི་གཤེན་རབ་མི་བོའི་བཞུགས་གནས་ཡིན་པར་མངོན་ཏེ། དེ་ཉིད་ལས། “དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་བཞུགས་ན། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ། སྐུ་དྭངས་དུང་གདའ་འདྲ། འཛུམ་མདངས་མེར་རེ་རེ། སྐུ་གཏོས་རི་ལས་བརྗིད།”ཞེས་སྙན་ཚིག་རིག་པའི་ཐབས་ལམ་བརྒྱུད་ནས་བྲིས་པའི་སྟོན་པ་གཤེན་རབ་གླེང་བ་ཆེས་སྔ་ཤོས་ཀྱི་དཔེ་རྙིང་ཞིག་ཡིན། གཞུང་དེ་ཉིད་ལས་གསལ་བ་བཞིན། སྟོན་པའི་མཛད་རྣམ་རྒྱས་བསྡུས་སོགས་བོན་གྱི་རིག་གཞུང་ལས་ཀྱང་སྟོན་པ་གཤེན་རབ་ནི་མཚན་བཟང་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་རྫོགས་པར་སྐུ་མཛེས་པ་ཆོག་མི་ཤེས་པ། གཟི་བརྗིད་ལྡན་པའི་སྐྱེས་མཆོག་ཞིག་ཏུ་བྱོན་བར་གསུང་ཡོད། མཛད་རྣམ་ཁག་ཏུ་སྟོན་པ་ཆུ་བོ་བཞི་འདུས་ཀྱི་འགོར་བྱོན་ནས་བདུད་སྲིན་རྣམས་དམ་ལ་བཏགས་ཤིང་གདོད་མའི་བོན་གཡུང་དྲུང་བོན་དུ་བསྒྱུར་ཡོད་པ་མང་དུ་གསུང་པ་བཞིན། <<སྲིད་པ་སྤྱི་མདོས་>>ལས། “བདུད་བོན་གྱི་དམག་ཐབ་ལ། གཤེན་རབ་ནི་ཅི་བགྱིས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་བསྐོར། དམག་ཐག་གིས་འདྲེས་བྱུང་ན། གཤེན་ལྷ་ལ་ནོང་བ་ཐོལ།” ཞེས་གསལ་བ་ནི་སྟོན་པ་གཤེན་རབ་ཀྱི་སྐུ་ཚེ་གང་གི་དགྲ་ཟླ་བདུད་ཁྱབ་པས། གཤེན་རབ་ཀྱི་ཆིབས་རྟ་བརྐུས་བྱས་ནས་ཀོང་ཡུལ་དུ་བྲོས་སྐབས། སྟོན་པས་རྗེས་སུ་དེད་དེ་ཁོང་གཉིས་ཀོང་ཡུལ་དུ་འཕྲད། དུས་དེར་སྟོན་པས་ས་བདག་དང་། ཀླུ། གཉན། དགྲ་བླ། ཝེར་མ། ལྕང་སེང་། སྲུང་མ་སོགས་ལ་འཕྲིན་བཅོལ་ཕུལ་བ་འབྲུ་དཀར་གྱི་གཏོར་མའམ་མདོས་ཀྱིས་ཐུགས་དམ་བསྐངས་ཤིང་། གཤེན་རབ་དང་ཁྱབ་པ་གཉིས་འཐབ་འཁྲུག་བྱུང་བའི་མཐར་སྟོན་པ་རྒྱལ་ཞིང་བདུད་ཕམ་ནས་མཐོལ་བཤགས་བྱས་པའི་ལོ་རྒྱུས་ཤིག་ཏུ་འཁུམས།
བོན་གྱི་གྲུབ་མཐའི་བཞེད་སྟངས་སུ་སྟོན་པ་ཀོང་ཡུལ་དུ་བྱོན་པ་ཆིབས་རྟ་ལ་ཆགས་པ་མ་ཡིན་པར། ཀོང་པོ། ཉང་པོ། དྭགས་པོ་གསུམ་གདུལ་བྱ་འདུལ་བའི་དུས་ལ་བབས་པའམ། ཡུལ་དེར་བོན་བསྟན་སྤེལ་བ། མ་འོངས་བསྟན་པའི་གཞི་རྩ་འཛུགས་པ་སོགས་ཐུགས་དགོངས་རྒྱ་ཆེན་བཞེས་པར་འདོད། གཤེན་རབ་ཞང་ཞུང་ནས་ཀོང་ཡུལ་དུ་ཉིན་མ་དགུར་བྱོན་བའི་ལམ་བར་དུ་བདུད་ཀྱིས་ཆོ་འཕྲུལ་མང་དུ་བྱུང་ཡོད།
རིག་གཞུང་ཞིབ་འཇུག་ཐབས་ལམ་བརྒྱུད་ཁྱབ་པས་རྟ་བརྐུས་ནས་ཀོང་ཡུལ་དུ་བྲོས་པ་དང་། སྟོན་པ་ཀོང་ཡུལ་དུ་རྟ་རྗེས་བྱོན་པའི་བར་ཐག་ལ་གཞིགས་ཚེ་སྟོན་པ་བཞུགས་པའི་གནས་འཇིག་རྟེན་འདི་ལས་ཕལ་བརྒལ་བའམ། བོད་ཡུལ་དང་ལམ་ཐག་རིང་བའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་མིན་པའང་རྟོགས་སླའོ།། སྲིད་པ་སྤྱི་མདོས་ལས་གཤེན་རབ་མི་བོ་གནས་འདིར་འཁྲུངས་ཞེས་ཚིག་དངོས་སུ་མ་བྲིས་ནའང་། གནས་འདིའི་བཀོད་པ་ཞིབ་མོར་བཤད་པ་མ་ཟད། ཡིག་ཆ་འདི་ལས་གཤེན་རབ་མི་བོས་སྲིད་པའི་བོན་གྱི་ནང་དོན་མང་པོ་གདམ་གསེས་དང་བླང་དོར་བྱས་པའི་གོ་རིམ་ཁྲོད་ནས། བདུད་བོན་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་པའི་རྣམ་པ་གསལ་པོར་མངོན་འདུག བོན་གྱི་ཡིག་ཚང་ཁག་ཏུ་གསལ་བ་བཞིན་གཤེན་རབ་ཀྱི་སྲིད་པའི་བོན་ལ་བླང་དོར་བྱས་ཤིང་རིམ་གྱིས་གཡུང་དྲུང་བོན་གསར་གཏོད་གནང་བའི་ལོ་རྒྱུས་རྐང་འཛིན་ཡོད་པ་གསལ་དུ་འགྲོ། གཤེན་རབ་མི་བོ་ཞིང་འདིར་བཞུགས་ནས་རིམ་བཞིན་བསྟན་པ་ལྷ་བོན་སྒོ་བཞི་སོགས་རྒྱུ་འབྲས་ཀྱི་བོན་རྣམས་འཛིན་སྐྱོང་སྤེལ་གསུམ་གནང་བར་རྟོགས་ཚེ། བོན་བསྟན་རིག་གཞུང་གི་འབྱུང་ཁུངས་གནས་འདིར་ཡིན་པ་ཤེས་ཐུབ།

པར་བདག དགེ་བཤེས་དོན་ཀུན་འགྲུབ་པ།