བོད་མིའུ་གདུང་དྲུག་སྐོར་གྱི་རེག་ཟིག
[ཟླ་ཚེས། 2021-04-17 12:05:23][རྩོམ་པ་པོ། རག་ཤི་ཚངས་སྲས་འཇིགས་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ང་ཚོའི་དཔེ་རྙིང་དབུ་ནག་མིའུ་འདྲ་ཆགས་ལྟར་ན། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའམ་སྨོན་མི་ལམ་ལམ་ལུམ་ལུམ་ནས་རིམ་པར་བྱུང་བའི་སྲིད་པའི་ལྷ་རབས་མཆེད་བཞིའི་སྲས་སུམ་ཅུ་སོ་གཅིག་བྱུང་པའི་གྲས་སྣེ་ཁྲོམ་ལ་ཁྲ་ནི་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་སྲས་ཆུང་བ་ཡིན། ཁོང་ལྷ་རབས་ཀྱི་ཐ་ཆུང་དང་མི་རབས་སྲིད་པའི་མགོ་བོ་ཡིན། དེ་ནས་ཕྱ་རྗེ་ཡབ་བླ་བདལ་དྲུག་གིས་མི་ཡུལ་དུ་མི་རྒྱུད་སྤེལ་བར་སྟོན། དེར་སྣེ་ཁྲོམ་ལ་ཁྲས་ལྷ་ལྕམ་དཀར་མོ་བཞེས་བའི་སྲས་ཕ་རྒྱལ་པོ་འཁྲུངས། ཕ་རྒྱལ་པོས་ལུང་ཁ་ཧྲིལ་མོ་ཁབ་ཏུ་བཞེས་པས་འཐིང་པོ་འཐིང་གེ་འཐིང་མིག་གསུམ་སྐྱེས། དེ་ནས་རིམ་བཞིན་རྒྱལ་བུ་འཐིང་གེ་རྒྱུད་བོད་འཛོམ་ལ་སྲས་ཨ་མྱེ་མུ་ཟི་ཁྲི་ཏོ་ཆེན་པོ་བྱ་བ་བྱུང་།
ཨ་མྱེ་ཁྲི་ཏོ་ཆེ་པོར་སྲས་དྲུག་འཁྲུངས་ཤིང་། མིའི་རིགས་བཞིའམ། རྩ་བའི་རུས་ཆེན་བཞི། བོད་མིའི་རིགས་དྲུག་གམ། བོད་མ་སུམ་བུ་དྲུག བོད་སྤུན་བདུན་སོགས་རྣམས་གྲངས་མི་འདྲ་བར་བཞེད་སྲོལ་འདྲ་མིན་སྣང་མོད། དེང་དུས་ཡོངས་སུ་གྲག་ཆེ་བའི་དབང་དུ་བྱས་ན་བོད་མིའུ་རིགས་དྲུག་ཞང་པོ་སྒོ་དང་བདུན་ཞེས་དབྱེ་ཚུལ་མང་། ཡང་མིའི་རིགས་བཞི་ཞེས་དབྱེ་བ་ནི། སྭེ་དང་། རྨུ། ལྡོང་། སྟོང་སྟེ་རུས་ཆེན་བཞི་ཟེར་ལ། རྩ་བའི་རུས་ཆེན་བཞི་དབྱེ་སྟངས་ནི་སྒ་དང་། འབྲུ། སྦྲ། གདོང་ཞེས་གྲག་སྟེ་སྡེ་དགེ་རྒྱལ་པོའི་ལོ་རྒྱུས་སུ་བོད་ཆེན་ཡོངས་ཀྱི་འགྲོ་བ་འདི་དག་ཀུན། སྒ་འབྲུ་སྦྲ་གདོང་བཞི་ལས་ཆད་མོད་ཀྱང་། ཞེས་གསལ།
བོད་མིའུ་གདུང་དྲུག་ནི། དབྲ་དང་། འགྲུ། སྡོང་། སྒོ། ནུ་བོ་དབལ་བརྡ་གཉིས་དང་དྲུག་དབྱེེ་སྲོལ་རྒྱ་བོད་ཡིད་ཚང་དུ་བཤད་ལ། སྭེ་དང་། རྨུ། སྟོང་། ལྡོང་། བཞི་ནི་རིགས་བཞི་བྱུང་བར་གྲག་ཅིང་། དབྲ། འབྲུ་གཉིས་བསྣན་པས་བོད་མིའུ་རིགས་དྲུག་ཏུ་གྲག་ཅེས་མཁས་པའི་དགའ་སྟོན་དུ་གསུངས། བོད་མ་གསུམ་བུ་དྲུག་ཅེས་བསྟན་ཚུན་ནི་མུ་ཟི་ཁྲི་ཏོ་ཆེས། སྙན་ཟ་ཤ་མིག་ལྕམ་དུ་བཞེས་པས་སྲས་ཆེ་བ་སྨུག་པོ་ལྡོང་། དེ་འོག་སྭེ་ཁྱུང་དབྲ། ཆུང་བ་ཨ་ལྕམ་འགྲུ་གསུམ་སྐྱེས་ཤིང་། དམུ་ཟ་ལྷ་མོ་ཁབ་རུ་བཞེས་པས་དམུ་ཚ་སྒ། བྲག་སྲིན་གདོང་དམར་མོ་དང་བཤོས་པས་དབལ་བརྡ་གཉིས་བཅས་མ་གསུམ་ལ་བུ་དྲུག་བྱུང་བར་རླངས་ཀྱི་པོ་ཏི་བསེ་རུའི་ནང་དུ་གསལ།
བོད་སྤུན་བདུན་དུ་བཤད་པ་ནི་དབུ་ནག་མིའུ་འདྲ་ཆགས་ལས། ནང་ཁམས་བོད་བུ་སྤུན་བདུན་ནི། དབྲ་འགྲུ་ལྡོང་གསུམ་སྒ་དང་བཞི། ནུ་བོ་དབལ་བརྡ་གཉིས་དང་མི་ཚོ་དྲུག ཞང་པོ་སྒོ་ལྷ་སྟེ་ལྡེ་དཀར་པོ་དང་བདུན་ཞེས་བཤད། འདི་དག་ཡིག་རིས་བསྟར་སྟངས་མི་མཐུན་པ་གནས་ཡོད་པ་ནི། དཔེར་ན། སྒ་ལ་ད་དགའ་དང་། ས་སྒ། ལ་ལྒ། ར་རྒ་བཞི་བྱུང་ལ། སྦྲ་ལ་ད་དབྲ་དང་། ས་སྦྲ་གཉིས་བྱུང་། དེ་བཞིན་བསེ། སྭེ་ཞེས་བྲིས་ཡོད། ལྡོང་ལ་ག་གདོང་དང་། ལ་ལྡོང་གཉིས་བྱུང་ཞིང་། རྨུ་ལ་ད་དམུ་དང་། ར་རྨུ་ཞེས་འབྲི་སྲོག་འདུག འགྲུ་ལ་འབྲུ་དང་། འགྲུ། འབྲི་ཞེས་མི་འདྲ་གསལ་བའོ། །དེ་ཡང་བོད་མིའུ་གདུང་དྲུག་གི་ཡབ་མུ་ཟི་ཁྲི་ཏོ་ཆེ་བྱ་བ་ནི། མི་དང་གཉན་བདུད་གསུམ་བར་འཁྲུག་པ་ཤོར་ནས་གཉན་གྱིས་བཀྲོངས་བར་བཤད། གཉན་ནི་བོད་ལྡོང་དབྲ་འགྲུ་གསུམ་གྱི་ཨ་ཞང་ཡིན། གཉན་གྱིས་བོད་མི་ཁྲི་ཏོ་ཆེ་བཀྲོངས་པའི་རྗེས་སུ་བོད་ཀྱི་གཅེན་གཅུང་དྲུག་ལ་གཉན་གྱིས་མི་སྟོང་དུ་སྲོག་ཆགས་རེ་སྤྲད། སྲོག་ཆགས་དེ་དག་གི་ཐོག་མ་བཞི་པོ་ནི། ཁྱུང་། འབྲུག གཡག སྟག་བཞི་ཡིན་ལ་དེ་རྣམས་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པ་མ་ཟད། དགྲ་ལྷར་ངོས་འཛིན་གནང་ནས་དེ་རྣམས་གཉན་ཆེན་སྡེ་བཞིའམ་རླུང་རྟའི་ལྷ་བཞི་ཞེས་འབོད།
སྲོག་ཆགས་དེ་དག་གི་གཟུགས་རིས་རླུང་རྟའི་དར་ལྕོག་ཐོག་ཏུ་བཀོད་ཅིང་ཁང་པའི་སྟེང་དང་། རི་མགོ་སོགས་སུ་སྒྲོང་པའི་ལུགས་སྲོག་ད་བར་གནས་ཡོད། དེ་ནས་རིམ་པར་རྒྱུད་བོད་མིའུ་གདུང་དྲུག་རྣམས་ས་ཆ་དགོས་ཤིང་ཡུལ་ཁམས་རེ་བདག་དབང་བྱས་ལ། གདུང་དྲུག་ལས་ནང་གསེས་རུས་ཚན་མི་འདྲ་བ་མང་དུ་གྱེས་ཡོད། དེར་གདུང་དྲུག་གིས་ཡུལ་ཁམས་རེར་བཟུང་ཚུལ་ནི་རྒྱ་བོད་ཡིག་ཚང་ཆེན་མོ་ལས། བོད་མ་གསུམ་བུ་དྲུག་ས་དགོས་བྱས། ལྡོང་གིས་པ་མ་ལེ་པང་ཐོབ། དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ། ལྒ་ཡིས་ལྒར་མ་མེ་པོ་ཐོབ། དབས་བརྡས་རྒྱ་བོད་ས་མཚམས་སུ། མཚམས་བཞི་མདའ་དར་གོང་མ་བཟུང་། ཞེས་སྨུག་པོ་ལྡོང་གིས་པ་མ་ལེ་པང་བཟུང་བ་དང་། ཨ་ལྕམ་འགྲུ་ཡིས་འབྲུ་མོ་ཁྲོམ་ཁྲོམ་ཟེར་བའི་ས་ཆ་བཟུང་། བསེ་ཁྱུང་དབྲ་ཡིས་དབྲ་མོ་རབ་བཀྲ་བྱ་བ་ཐོབ། དམུ་ཚ་སྒ་ཡིས་སྒར་མ་མེ་པོ་བཟུང་བ་དང་། དབལ་བརྡ་གཉིས་ཀྱིས་རྒྱ་བོད་ས་མཚམས་མདའ་དར་གོང་མ་བཟུང་བ་བཅས་སོ། །
གཞན་ཡང་གདུང་དྲུག་གི་ཐ་སྙད་གང་འདྲ་བྱུང་མིན་ཐད་དཔེ་གཞུང་དུ་གྲ་རྒྱས་པོ་མ་མཐོང་ནའང་། བཀའ་ཆེམས་ཀ་ཁོལ་མ་ལས། ཕ་བྱང་སེམས་ཀྱི་སྤྲེའུ་ཕྲུག་རྣམས་ཕན་ཚུན་མ་མཐུན་ཞིང་ཁྱུ་ཚོགས་གྱེས་སྐབས། ཚོ་པ་གཅིག་ནི་སྣ་ལྡོང་ངེ་བ་འདུག་པས་ལྡོང་དང་། དེ་འོག་འགྲམ་ཤ་སྟོང་ངེ་བ་འདུག་པས་སྟོང་། དེ་འོག་མགོ་བསེ་ཡང་ངེ་བར་འདུག་པས་སེ། དེ་འོག་འཚུལ་པ་སྨུག་སྒོ་རེ་བར་འདུག་པས་སྨུ་ཞེས་ཤོད་སྲོལ་འདི་ནི་ཚུལ་གཞན་དང་རྩ་བའི་རུས་ཚན་མཆེད་ལུགས་བཞེད་སྟངས་མ་མཐུན་ཡང་རུས་དྲུག་གི་བརྡ་ཆད་གང་འདྲ་བྱུང་མིན་བཀོད་པ་དཔེ་ཆ་འདི་ཉིད་ལས་གཞན་མ་མཐོང་།
དེ་ཡང་གནའ་བོའི་ཞང་ཞུང་ཡུལ་དང་མང་ཡུལ་སོགས་ལ་བོད་མིའུ་གདུང་དྲུག་གི་རུས་ཚན་རེ་འགས་བཟུང་ནས་རུས་ཚན་ཚོ་པ་དང་ཞང་ཞུང་མི་རྒྱུད་སོགས་འཕེལ་ཡོད་དེ། བཤད་མཛོད་ཡིད་བཞིན་ནོར་བུ་ལས། ཞང་ཞུང་ཡུལ་དང་པུ་རང་མང་ཡུལ་གསུམ། དཔའ་བོ་གངས་ཀྱིས་བསྐོར་བ་འདྲ། རུམ་བུ་རྫ་ཡིས་སྐོར་བ་དང་། གུ་གེ་གཡས་སུ་སྐོར་བ་གསུམ། མངའ་རིས་སྐོར་གསུམ་ཟེར་བ་ཡིན། ཞེས་དང་། ཡུལ་དེ་སུས་འཛིན་ན། ཅོག་རོ་ཅོག་རྩེ་ཐང་དཀར་གསུམ། བྲེ་དང་ཁྱུང་པོ་ཝ་ན་གསུམ། རུས་ཆེན་དྲུག་གིས་འཛིན་པ་ཡིན་ཞེས་གསུང་པས་སོ། །དེར་དབྲ་ཡི་རུས་ཚན་ལས་ཞང་ཞུང་གི་མི་རྒྱུད་མཆེད་པ་དང་། ལྡོང་གི་མི་རྒྱུད་ལས་མེ་ཉག་དང་། སྒ་ཡི་རུས་རྒྱུད་དུ་འ་ཞ། འགྲུའི་རུས་རྒྱུད་ནས་སུམ་བྷ་མཆེད་ཚུལ་དང་། སངས་རྒྱས་ཆོས་ལུགས་ཀྱི་དཔེ་རྒྱུན་དུ་གླིང་གེ་སེར་གྱི་མི་རྒྱུད་ཀྱང་ལྡོང་ཡིན་པར་བསྟན་པ་མ་ཟད་མདོ་ཁམས་མི་རྒྱུད་མང་ཆེར་ལྡོང་ལས་གྲོལ་བར་བཤད་དེ། དོན་ཐོག་གཏོ་ཕུག་ཅེས་པའི་དཔེ་དེབ་ཏུ། རྗེ་གཉའ་ཁྲི་བཙན་པོའི་སྔ་རོལ་གྱི་རྒྱ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས། ཡུལ་མེ་ཉག་ནས་ལྡོང་རིགས། ཞང་ཞུང་ནས་སྦྲ་རིགས། འ་ཞ་ནས་སྒ་རིགས། སུམ་བྷ་ནས་འབྲི་རིགས་ཏེ་བོད་ཀྱི་མི་རྒྱུད་འཕེལ་བར་བཤད་ལ། གཏོ་ཕུག་ཅེས་པའི་དཔེ་རྙིད་འདི་ཉིད་ཆེའི་སྔ་མའི་བོན་གྱི་ཡིག་རྙིང་ཞིག་ཡིན་པ་རུས་མཛོད་མེ་ཏོག་སྐྱེས་ཚལ་དུ་གསལ། གེ་སེར་གྱི་རུས་ལྡོང་རིགས་ཡིན་པ་བོན་པོའི་དཔེ་རྒྱུན་དུ་གསལ་པ་ནི་དབུ་ནག་མིའུ་འདྲ་ཆགས་ལས་ཁྲ་བོ་ལྡོང་ལ་བཙུན་བཞི་བསྟན་པའི་སྐབས་སུ། རྒྱ་ལ་བྱིལ་ཏ་སྐྱ་མི་དེ། སེང་བློང་ནོར་བུ་གེ་སར་ཡིན། ཁུངས་མི་ཤེས་གང་གླུ་ལེན་མི་དེ། གཡུ་ཡག་སྦྲང་ཚ་སྒ་སྡེ་ཡིན། མཁས་པས་བརྩིས་ན་བཙུན་དྲུག་ཡོད་ཅེས་གསུངས།
དེ་ཡང་སྔོན་གྱི་དཔེ་རྙིང་ཁག་ལྟར་རུས་ཆེན་སྡེ་དྲུག་ལས་རིགས་རུས་མི་འདྲ་བ་མཆེད་པའི་ཚུལ་ནི། ལྡོང་ལ་སྨུག་པོ་ལྡོང་དང་ང་ཆེ་ལྡོང་ཐོག་ཐོག་ལྡོང་ཞེས་གསུམ་བྱུང་སྟེ། བྱང་ཟླ་ཤོད་ཀྱི་ཡུལ་དེར་ང་ཆེ་ལྡོང་། བོད་ངམ་ཤོད་ཀྱི་ཡུལ་དེར་ཐོག་ཐོག་ལྡོང་། ཤར་གངས་སྐྱའི་ཞོར་དེར་སྨུག་པོ་ལྡོང་བཅས་ཆགས། ཡང་ལྡོང་ལ་དཀར་ནག་ཁྲ་གསུམ་ཡོད། དཀར་པོ་ལྡོང་ལ་རྒྱལ་བཞི། ཁྲ་བོ་ལྡོང་ལ་བཙུན་བཞི། ནག་པོ་ལྡོང་ལ་དཔའ་བཞི་བཅས་བྱུང་། སྨུག་པོ་ལྡོང་ལ་ཆེ་དྲུག་བྱུང་ཞིང་ཆེ་དྲུག་བརྩི་སྲོལ་ཅུང་ཟད་མི་འཐད་དེ། རྒྱ་བོད་ཡིག་ཚང་ཆེན་མོ་ལྟར་ན། སྤ་ཚབ། འབྲིང་ཡས་གཉིས། རོ་མཛེ། རག་ཤི་གཉིས། མི་ཉག་དང་། གྱི་ཐན་གཉིས་ཞེས་གསལ་ལ། དབུ་ནག་མིའུ་འདྲ་ཆགས་སུ། ཚབ་དང་། འབྲི་གཡག་གཉིས། ཁ་བོ། བེ་རུ་གཉིས། མི་ཉག ཁྱི་ཐན་གཉིས་ཏེ་དྲུག་བཤད། དེ་ཉིད་ལས་ཆེ་བརྒྱད་མཚན་གྱི་བཙུན་བརྒྱད་བསྟན་པ་ནི། རག་ཤི་ལ་གཙང་སྡེ་དང་རྨང་གཉིས། རོ་མཛེ་ལ་སྟོད་དཔོན་དང་བློན་པོ་གཉིས། ཁ་བོ་ལ་རྩེ་པ་དང་སྒོང་པ་གཉིས། བེ་རི་ལ་མདོ་དང་གླིང་གཉིས་བཅས་བཤད། ལྡོང་ལ་བབ་པའི་རྒྱལ་བཞི་ནི། ཨུ་ག་ཨུ་རྒྱལ་ཨུ་མགོ་གསུམ་བཅས་སྨུག་པོ་ལྡོང་གི་རིགས་རུས་གྱེས་ཚུལ་ཕྲན་ཙམ་བརྗོད་པ་དེའོ།།
དབྲའི་རིགས་ཚན་བརྗོད་པ་བོད་ཀྱི་ལོ་རྒྱུས་མང་ཆེ་ཤོས་སུ་སེ་ཁྱུང་དབྲ་ལ་ཆེ་དྲུག་ཅེས་བཞེད་དེ། ཞང་ཞུང་དང་། ཁྱུང་པོ་གཉིས། མར་པ། སྤུ་རང་གཉིས། རི་ཁེ། ཉག་ལེ་གཉིས་དང་དྲུག་བསྟན་ཞིང་། ཆེ་དྲུག་མཚན་གྱི་བཙུན་དྲུག་ནི། ཀྲི་ལ། རྨེ་ཤ་གཉིས། གུ་གུ། རྡོར་ཉེ་གཉིས། ཁོ་པོ། ཁོ་དབྲ་གཉིས་དང་དྲུག་བཞེད། དེ་དག་ལས་ཅུང་ཟད་རྒྱས་པར་སྤྲོས་ན། དབྲ་དཀར་དབྲ་ནག དབྲ་ཁྲ། ཞེས་བྱུང་བ་མ་ཟད། དེར་སྟོད་ན་དབྲ་དཀར་ཚོ་དགུ། ཚོ་དགུ་བས་ཀྱང་བཅུ་གཉིས། བར་ལ་ཁྲ་བོ་བུ་དགུ། བུ་དགུ་བས་ཀྱང་བཅུ་གཉིས། སྨད་དུ་དབྲ་ནག་ཚོ་དགུ། ཚོ་དབུ་བས་ཀྱང་བཅུ་གཉིས། སེ་ཁྱུང་དབྲ་ལ་ཆེ་དྲུག་བཅས་བྱུང་ལ། དབྲ་དཀར་ཚོ་དགུ་ནི། རྐོང་པོ། དག་པོ། ཉང་པོ་གསུམ། མར་ཡུལ། ཞང་ཞུང་། བལ་པོ། མུ་ཐུད། སྤྲ་ཕུད། ཡོ་བྱེད་དགུ་ཡིན། དེའི་སྟེང་ཁྱུང་པོ། བཙན་པོ། པུ་རང་གསུམ་དང་བཅུ་གཉིས་བྱུང་། དབྲ་ཁྲ་བུ་དགུ་ནི། དབུ་དང་། མགོ་དང་། ག་གཟི་གསུམ། རྒྱ་དང་། རྐྱང་དང་། གླང་དང་དྲུག རེ་ཁེ། དེ་ཁེ། ཤུང་ཁེ་དགུ་ཡིན་ལ་དེའི་ཐོག་བྲ་བོ་དང་རྒྱུ་ཆེན་ཁྱུང་རིལ་གསུམ་བསྣན་པས་དབྲ་ཁྲའི་རུས་རིགས་བཅུ་གཉིས་ཡོད། དབྲ་ནག་པོ་ཅན་གྱི་ཚོ་དགུ་ནི། གདའ་ཐུ། ཉག་རྒྱུ། འགུ་ཟི་གསུམ། མ་ཐང་། བལ་ཐང་། ཅོག་ཐང་གསུམ། ཁོ་ཡོ། ཁོ་འདྲ། ཁོ་དབྲ་གསུམ་དང་བཅུ་གཉིས་ཡིན་ལ། དེའི་སྟེང་སྟག་དང་སྟེག་གུ་རྒྱལ་དང་བཅུ་གཉིས་བྱུང་བར་བསྟན། དབྲ་སེལ་ཆེ་དྲུག་ཅེས་མང་ཡུལ་དང་པུ་རང་ཞང་ཞུང་དང་ཁྱུང་པོ་ཉག་རྒྱུ་དང་འགུ་ཟི་བཅས་དྲུག་བསྟན་ཡོད་ཀྱང་དབྲ་དཀར་ནག་ཁྲ་གསུམ་དུ་མ་འདུས་བ་ཞིག་བཤད་རྒྱུ་མེད།
འགྲུ་དཔའ་གཡེར་ཅན་གྱི་མི་རྒྱུད་བཤད་པ་ལ། འདིར་འགྲུ་དཔའ་གཡེར་ཅན་ཞེས་དམིགས་སུ་བཀར་ནས་བརྗོད་པ་ནི། བདུད་དང་གཉན་མི་གསུམ་འཁྲུག་བར་བཤད་པ་གོང་བཞིན་ལ་སྐབས་དེར་བོད་མིའུ་གདུང་དྲུག་གི་ཡབ་ཁྲི་ཏོ་ཆེའི་སྲོག་ཤོར་དེ་ནས་ལྡོང་དང་དབྲ་སོགས་ཀྱིས་བདུད་ལ་འགྲན་རྩལ་མ་ཕོད་མཐར་འགྲུ་རྗེ་ལྷ་དབང་ཐོད་དཀར་དེས་ལེ་ལན་ནག་པོ་བདུད་ཀྱི་ལག་ནས་བླང་། བདུད་མཁར་ཕྱ་ར་ཕྱེ་རྫོང་ཕབ། བདུད་ཀྱི་མི་ནག་གསུས་ཆེན་བསད། བདུད་ཁྱི་ངམ་སྟག་སྐྱ་བོ་བསད། བདུད་རྗེ་ལག་རིང་བཙོན་དུ་བཟུང་། ཞང་པོ་གཉན་ལ་ཕ་དམག་དྲངས། འགྲུ་དཔའ་གཡེར་ཅན་ཞེས་དེ་དུས་ཐོག ཨ་ལྕམ་འགྲུ་ཡིས་ནོར་གཡང་ལེན་པ་དེར་བྱུང་། དེ་ནས་འགྲུ་རྗེ་ལྷ་དབང་ཐོད་དཀར་གྱིས། ཕྱྭ་བཟང་ཁབ་ཏུ་བཞེས་པས། གནམ་ཐེལ་དཀར་པོ་དང་། ས་ཐེལ་ཁྲ་བོ་གཉིས་བྱུང་། ཁྲི་ཟི་འགྲུ་ཡི་གདུང་རྒྱུད་དུ། ཨ་ལྕམ་འགྲུ་ལ་ཆེ་དྲུག ཆེ་དྲུག་ཕག་ནས་བཙུན་དྲུག འགྲུ་རྭ་ཅོ་ཅན་ལ་བཅོ་བརྒྱད་བཅས་མང་དུ་མཆེད་པར་བཞེད་ཡོད་ཀྱང་སྐབས་འདིར་འགྲུའི་རིགས་རུས་འབྲི་ཤེས་པ་ནི། འགར་དང་། རོང་པོ། སྒ་དང་། ཀྱུ་ར། ཁྲོམ། སྤུ་གུར། བླ་མེད། མོ་ཏྲི། སེ་རྒྱུ། ངོ་གྲོ། དབྱལ། གཟེ་རུ། རི་ཐོག ཅུ་ར། དོ་ཁོང་། བྲག་ཤི། ཉག་བྲེ། རྒ་རིང་། སྒོམ་རིང་། རྐོ་པོ། རྙི་པ། དྲེའོ། ངོ་ཁྲོ། གཅུར་ཡ་བཅས་འགྲུ་རུས་མང་དུ་གྱེས་ཡོད་ཀྱང་ཐམས་ཅད་འདིར་མ་འདུས།
སྒ་ཡི་རུས་རིགས་ག་ཚོད་ཡོད་མིན་གཏན་ཁེལ་ཞིག་འདིར་བརྗོད་མ་ནུས་ཀྱང་རུབ་ཙམ་ཞིག་འབྲི་ཁུལ་བྱས་ན། ང་ཚོའི་ལོ་རྒྱུད་ཁག་ཏུ་གསལ་བ་ནི་དམུ་ཚ་སྒ་ལ་ཆེ་དྲུག་ཅེས་ལུགས་གཅིག་དང་། དམུ་ཚ་སྒ་ལ་བུ་དགུ་བྱུང་ཞེས་གསུང་སྟངས་མི་འདྲ་གཉིས་ཡོད་དེ། སྒ་ལ་ཆེ་དྲུག་ཅེས་བཞེད་པ་ནི། ཐོས་རུས། སྟག་རུས་གཉིས། བྱ་ཅན། ཁྲབ་ཅན་གཉིས། བྱ་རྗེ། སྤེན་ཐོག་གཉིས་དང་དྲུག་བཤད་ལ། ཆེ་དྲུག་མཚན་གྱི་བཙུན་དྲུག་ནི། སྒ་ལ་བྱེས་པ་ཡུས་གཉིས། ལྟག་ལ་ཡུལ་སྟག་འབྲོག་སྟག་གཉིས། དབལ་ལ་ཆེ་སྐོར་ཆུང་སྐོར་གཉིས་གསལ། དམུ་ཚ་སྒ་ཡི་བུ་དགུ་ནི། སྤས། སྦས། རྩེ་ཕྲོམ། གྲོ་རྡེ། དེ་རྐྱེ། ནག་ནར། མགོ་བོ། མགོ་གཡག ཅོག་ཕྲུག་ཅེས་དགུ་བསྟན་ལ། སྒ་རིགས་ཆེ་དྲུག་དེ་ཉིད་དབུ་ནག་མིའུ་འདྲ་ཆགས་ལས་དམིགས་བསལ་ཞིག་མཐོང་པ་ནི། ཐོག་རུ། གླང་རུ་གཉིས། ཐེ་ཀན། ནེ་ཀག་གཉིས། སྦས། རྩེ་ཕྲོམ་གཉིས་ཞེས་བཞེད་པས་རྩེ་ཕྲོམ་གཉིས་དཔེ་ཆ་གཞན་དུ་ཁ་མཐུན་ཡང་གཞན་བཞི་པ་ཤོད་སྲོལ་མི་མཐུན།
ཡང་བོད་ཀྱི་ཡིག་ཚང་དུ་སྟོང་དང་སྒ་གཉིས་གཅིག་ཏུ་བྱས་ཏེ་སྒ་ཞེས་འདྲེན་པ་དང་། བསེ་དང་སྦྲ་གཉིས་གཅིག་ཏུ་བཞག་ནས་སྦྲ་ཞེས་འདྲེན་པའི་ལུགས་མང་དུ་མཆིས་ནའང་སྟོང་གི་རུས་རྒྱུད་དང་སྒ་ཡི་རུས་རྒྱུད་གཉིས་རྩ་བའི་གྱེས་བཞི་གཅིག་ནའང་། བྱེ་བྲག་མི་འདྲ་བ་མང་དུ་གསལ་བས་མུ་མཐུད་དུ་དཔྱད་ཞིབ་ཏུ་མཆིས་པ་ལགས་སོ།།

2020/4/3/ཉིན་བྲིས།