སྣང་ཞིག་ཁྲི་འཛིན་རིན་པོ་ཆེ ༧ རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག །
[ཟླ་ཚེས། 2023-04-19 22:09:54][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྒྱལ་བ་ཀུན་གྱི་ཐུགས་གཏེར་མཁྱེན་བརྩེའི་འོད།།
རྨོངས་ཆེན་འགྲོ་ལ་ཕན་བདེའི་ལམ་བཟང་གསལ།།
དེ་ལྟའི་འཕྲིན་ལས་སྐྱོང་བའི་མགོན་པོ་སྟེ།།
བློ་གྲོས་ཐོགས་མེད་དགོངས་རྟོགས་རྒྱས་གྱུར་ཅིག།
རྒྱལ་བ་སྨན་རི་བའི་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་སྐྱབས་རྗེ་ཡོངས་འཛིན་མཆོག་གིས་ཁོང་རིན་པོ་ཆེ་ལ་སྨོན་ཚིག་བཏབ་པའོ།།
སྣང་ཞིག་ཁྲི་འཛིན་རིན་པོ་ཆེ ༧ རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་གི་མཛད་རྣམ་རགས་བསྡུས།
༧ སྣང་སྟོན་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་ནི་སྤྱི་ལོ ༡༩༩༦ ལོར་སྣང་ཞིག་གི་དོ་འཕགས་ཆེན་པོའི་གདུང་ལ། ཡབ་གྲུབ་དབང་དམ་པ་ནམ་མཁའ་བློ་ལྡན་མཆོག་དང་ཡུམ་མཁའ་འགྲོ་དཔོན་བཟའ་ཚེ་རིང་སྐྱིད་གཉིས་ཀྱི་རིགས་སྲས་སུ། བོད་མེ་བྱི་ལོའི་རྒྱལ་བ་མཉམ་མེད་ཆེན་པོའི་དུས་མཆོད་ཉིན་མོ་སྟེ། ཧོར་ཟླ་དང་པོའི་ཡར་ཚེས་ལྔ་ལ་སྐུ་མཆོག་མཚན་དཔེ་མངོན་པར་བལྟམས་ཤིང་། ལྷ་དང་བླ་མ་གཉིས་ཀྱིས་ཁོང་གི་ངོ་མཚར་བའི་སྐྱེས་རྟགས་སོགས་ལ་ཐུགས་བཞེད་དགོངས་པ་གནང་སྟེ་མཚན་ལ་བློ་གྲོས་ཐོགས་མེད་ཅེས་ཕུལ་ཡོད་ལ། ཕྱིས་སུ་རབ་བྱུང་གི་མཚན་ལ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་གཡུང་དྲུང་བློ་གྲོས་ཐོགས་མེད་དང་། དེ་རྗེས་ཁམས་གསུམ་འགྲོ་འདྲེན་ཆེན་པོ་རྒྱལ་བ་སྨན་རི་བའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཆེ་བ་བརྗོད་པའི་མཚན་དུ་རྒྱལ་བ་བློ་གྲོས་ཐོགས་མེད་ཅེས་གསོལ།
དགུང་ལོ་བདུན་གྱི་སྟེང་དུ་རྒན་དམ་པ་གཙུག་ཕུད་འོད་ཟེར་ཁོང་དགེ་རྒན་དུ་བསྟེན་ཏེ་འདོན་ཀློག་ལ་བསླབས་པའི་ཤེས་རབ་མྱུར་ལ། དགུང་ལོ་བརྒྱད་ཀྱི་ཐོག་ཁོང་རིན་པོ་ཆེ་སྣང་ཞིག་ཆེན་པོའི་མི་འཇིགས་གདོང་ལྔའི་གསེར་ཁྲི་ལ་མངའ་གསོལ་བ་དང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལེགས་གྲུབ་བྱུང་བའི་དུས་སྟོན་དང་ཆབས་ཅིག་ཁེལ་བའི་རྟེན་འབྲེལ་རང་འགྲིག་བྱུང་།
དགུང་ལོ་བཅུ་སྟེ་སྤྱི་ལོ ༢༠༠༥ ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་སྐུ་དྲུང་ནས་གཙང་གཙུག་ཉེར་ལྔའི་སྡོམ་ཁྲིམས་མནོས་ཏེ་རབ་བྱུང་འདུལ་བའི་སྒོ་ལ་ཞུགས།
དགུང་ལོ་བཅུ་བཞི་ནས་ཉེར་གཉིས་བར་དུ་རབ་འབྱམས་སྨྲ་བའི་དབང་ཕྱུག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་སློབ་དཔོན་དུ་བཀུར་ཏེ། དབུ་ཅན་དབུ་མེད་ཀྱི་བྲིས་གཟུགས་དང་། བརྡ་སྤྲོད་དང་སྙན་ངག འབྱུང་རྩིས་དང་སྐར་རྩིས། སྡུད་རྟགས་ཚད་གསུམ་བཅས་ཀྱི་གཞུང་ལ་ཤེས་རབ་ཀྱི་བློ་རྩལ་སྦྱོང་བའི་མཛད་པ་ལ་ཀུན་གྱིས་བསྔགས་བརྗོད་ཕུལ་ཡོད།
དགུང་ལོ་བཅོ་ལྔ་སྟེ་སྤྱི་ལོ ༢༠༡༠ ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་སྙིང་རྗེའི་རང་གཟུགས་མི་རུ་སྤྲུལ་ཞིང་། འགྲོ་འདྲེན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་འདུལ་བའི་མངའ་བདག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་སྐུ་མདུན་ནས། སྣང་སྟོན་རིགས་སྲས་དམ་པ་ཁོང་དང་རྒྱ་འོབས་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཀྱིས་དག་པ་དྲང་སྲོང་གི་འདུལ་ཁྲིམས་ཞུས་པར་བརྟེན། རྒྱལ་ཚབ་བླ་མ་དམ་པས་མཉམ་མེད་མངོན་བྱོན་སྣང་ཞིག་ནམ་མཁའ་བློ་གྲོས་མཆོག་གི་དྲང་སྲོང་བསྙེན་རྫོགས་ཀྱི་མཚན་ལས་དྲངས་ཏེ། དམ་པ་ཁོང་ལ་ཚུལ་ཁྲིམས་བློ་གྲོས་རྒྱལ་མཚན་ཞེས་དྲང་སྲོང་གི་མཚན་གསོལ་ཞིང་། སྡོམ་ཁྲིམས་འབོག་པའི་ལས་ཆོག་གི་མཇུག་གྲུབ་པ་དང་ཆབས་ཅིག་ནམ་མཁའ་ནས་གཡུ་འབྲུག་སྔོན་མོའི་ལྡིར་སྒྲ་སྒྲོག བར་སྣང་ལ་གཞའ་ཚོན་རྣམ་པར་བཀྲ་བའི་ལྟས་བཟང་རྟགས་མཚན་ཤར་བ་དག་ལ་རྟེན་འབྲེལ་ལེགས་པར་བརྟགས་ཏེ། ཁོང་རྣམ་པ་གསུམ་གྱིས་སྐུ་པར་མཉམ་སྒྲོན་གནང་བ་དེ་ཉིད་ད་ལྟ་ཀུན་ཀྱིས་ཐུན་མོང་མཇལ་ཡུལ་དུ་གྱུར་འདུག་པ་དེའོ།།
དགུང་ལོ་བཅུ་དྲུག་སྟེ་སྤྱི་ལོ ༢༠༡༡ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཞུགས་ཏེ། བོན་གྱི་གཞུང་ལུགས་གདམས་པ་ཟབ་མོའི་མན་ངག་གི་བདུད་རྩི་ངོམས་པ་མེད་པར་ཧུབ་ཏུ་བཞེས་པའི་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་བཤེས་གཉེན་དམ་པ་རྣམས་ཀྱི་སྐུ་མདུན་ནས། ཐུན་མོང་རིག་གནས་སྐོར་གྱི་སྦྱང་བ་མིང་གཞི་དང་། བརྡ་སྤྲོད། སྙན་ངག འབྱུང་རྩིས། སྒྲ་གཞུང་། སྐར་རྩིས་བཅས་ཀྱི་ཁྲིད་གཞུང་ཁག་དང་། ལྷག་པར་དུ་ནང་དོན་མཚན་ཉིད་རིག་པའི་གཞུང་ལུགས་སྐོར་གྱི་སྡུད་གྲྭ་དང་། རྟགས་རིགས། རྗེ་དང་འགྲོ་མགོན་ཚད་མ། ཐེག་རིམ། མཚན་ཉིད་གསུམ་གྱི་རྣམ་བཞག མཚོན་བྱེད་ཞེ་ལྔ། ས་ལམ། ཤེར་ཕྱིན་སྐབས་བརྒྱད། རྗེའི་མཛོད་འགྲེལ། དབུ་མ། འདུལ་བ་བཅས་ལ་གསན་སྦྱོང་གི་བརྩོན་པ་ལྷོད་མེད་ཆུ་བོའི་རྒྱུན་བཞིན་གནང་ངོ་།།
དགུང་ལོ་ཉེར་གསུམ་སྟེ་སྤྱི་ལོ ༢༠༡༨ པའི་ལོ་འགོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་ཕྲན་གྱི་སྡོད་ཤག་ཏུ་ཕེབས་ནས། གུས་པ་རྒྱ་ཤོད་དགེ་བཤེས་བདག་ལ་གཡུང་དྲུང་བློ་གྲོས་ཐོགས་མེད་ཁོང་གི་ཡོངས་འཛིན་ཁྱེད་རང་གིས་བྱེད་དགོས་པའི་བཀའ་གསུང་ནན་པོ་ཡང་ཡང་ཕབ་པར་བརྟེན། བདག་གིས་ཀྱང་སྐྱབས་མགོན་ཁོང་གི་བཀའ་ལུང་ལ་གྱེན་ལྡོག་མ་ནུས་པར་དེ་བཞིན་བྱེད་ཁུལ་ཞུས་ནས། ཧོར་ཟླ་གཉིས་པའི་ཟླ་སྟོད་དུ་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་ཁོང་ཕྲན་གྱི་ཤག་ཏུ་ཕེབས་ཏེ། གུས་པ་བདག་གིས་ཀྱང་འབད་པ་ཧུར་ཐག་ཆེན་པོས་དམ་པ་ཁོང་ལ་འཁྱུག་ཡིག་གི་བྲིས་གཟུགས་བསླབས་པའི་རྨང་གཞི་ནས་བཟུང་སྟོན་པ་སངས་རྒྱས་ཀྱི་ཐེག་འགྲེལ་དང་། གཏན་ཚིགས་ཐིགས་པའི་མདོ་འགྲེལ། མཚོན་བྱེད་ཞེ་ལྔ། ཕར་ཕྱིན་ཡན་ལག་བསམ་གཟུགས། རྟེན་འབྲེལ། མཁན་ཆེན་བསོད་ནམས་གཡུང་དྲུང་གི་ལམ་རིམ་དྲུག་ཅུ་བ། སྒ་སྟོན་མཛོད་འགྲེལ། རྗེ་དང་མེ་སྟོན་དབུ་མའི་འགྲེལ། ཀུན་མཁྱེན་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། རྗེ་རིན་པོ་ཆེའི་འདུལ་བ་མདོར་བསྡུས་ཀྱི་འགྲེལ། ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་སྐོར། རྗེ་རིན་པོ་ཆེའི་མཆོད་རྟེན་ཐིག་རྩའི་སྐོར་སོགས་དང་། སྟོན་པའི་ཐེག་འགྲེལ་ལས་འབྲས་ཐེག་ཆ་ཚང་། གསང་སྔགས་བཀའ་འགྲེལ་གསལ་བྱེད། ཡོངས་འཛིན་རིན་པོ་ཆེས་གསུངས་པའི་བསྐྱེད་རྫོགས་ཟུང་གི་ལག་ལེན་གྱི་མན་ངག མཁས་པ་སྒ་སྟོན་མཆོག་གི་ཐེག་འགྲེལ་ལས་འབྲས་ཐེག་སྐོར། མ་རྒྱུད་ཀྱི་རྩ་བའི་འཁྲུལ་འཁོར་ལྔ་དང་། ཨ་ཁྲིད་འཁྲུལ་འཁོར་རྒྱས་བསྡུས་གཉིས་དང་། སྙན་རྒྱུད་བཅས་ཀྱི་རྩ་རླུང་འཁྲུལ་འཁོར་རྣམས་ཆེད་དམིགས་ཟབ་ཁྲིད་དང་། བྲུ་རྒྱལ་བའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ། འཕོ་བ་ཡེ་ཤེས་ཟངས་ཐར་ལ་སོགས་འཕོ་བའི་སྐོར་དང་། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། གཅིག་རྒྱུད་འོད་གསལ་བདུན་སྐོར། སྙན་རྒྱུད་རིགས་དྲུག་རང་སྦྱོང་གི་གདམས་པ་རྣམས་འཆད་ཁྲིད་དང་། སྨྲ་སེང་རྡེལ་མོ་དང་། ཕྱྭ་སྲས་ཀེང་ཙེའི་སྒྲུབ་གཞུང་། མ་རྒྱུད་སངས་རྒྱས་རྒྱུད་གསུམ། འཕོ་བ་འཇའ་གུར་མ་སོགས་ཀྱི་ལུང་རྒྱུན་བཅས་པའི་བོན་གྱི་མཆོད་སྦྱིན་ཕུལ་ཡོད་ལ། ད་ལྟ་ཡང་དྲན་པས་མཛད་པའི་ངེས་དོན་ནམ་མཁའ་འཕྲུལ་མཛོད་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་གཉིས་ཅི་ནུས་ཀྱིས་ཟབ་ཅིང་རྒྱས་ཁྲིད་བྱེད་མུས་སུ་མཆིས།
དགུང་ལོ་ཉེར་གསུམ་ལོའི་ཧོར་ཟླ ༦ ཚེས ༣ ཉིན་སྣང་སྟོན་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་ཁོང་གིས། སྣང་ཞིག་དགོན་གྱི་གྲྭ་ཚང་འདུས་སྡེ་དྲུག་བརྒྱ་ཡས་མས་དང་བོན་སྡེ་མང་ཚོགས་ཡོངས་ལ། ཆེས་ཐོག་མར་མ་ཏྲི་རིན་ཆེན་སྒྲོན་མའི་བཀའ་དབང་བསྐུར་ཏེ། ཀུན་གྱི་དད་པ་དག་སྣང་འདྲེན་པའི་ཞིང་དུ་གྱུར་ལ།
དགུང་ལོ་ཉེར་ལྔ་སྟེ་སྤྱི་ལོ ༢༠༢༠ ལོའི་སྤྱི་ཟླ ༡༠ ཚེས ༡༥ ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་གཡས་རུའི་འཆད་རྩོད་སྐབས་ཀྱི་བགྲོ་གླེང་ཐེངས་གསུམ་པའི་སྐབས། སྣང་སྟོན་རྒྱལ་བ་བློ་གྲོས་ཐོགས་མེད་ཁོང་གིས«མཉམ་རྗེས་གཅིག་ཆར་བའི་གནད་དོན་གླེང་བ»ཞེས་པའི་ཁ་བྱང་ཐོག་ནས་ཆེས་ཐོག་མའི་བགྲོ་གླེང་གནང་སྟེ། གཞུང་ལུགས་ཁག་གི་འགལ་མཚམས་དཀའ་གནད་རེ་རེ་བཞིན་གསེད་བཀྲོལ་དང་དབྱེ་ཞིབ་མཛད་པའི་ཐད་ལ། བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཚང་མ་གཅིག་མཐུན་གྱིས། ཁོང་གི་གསུང་བཤད་ཧྲིལ་གྱིས་དྲིལ་བའི་འགག་གནད་དེ་དག་ཤིན་ཏུ་འཐད་པའི་མགོ་བོ་ལྡེམ་ལྡེམ་གཡོ་ཞིང་ཐལ་མོ་བརྡབས་སྒྲས་ཚོགས་རར་ཡུན་དུ་ཁེངས་པར་བྱས་སོ།།
སྤྱི་ལོ ༢༠༢༠ ལོར་ཁོང་ནི་རིག་གནས་སློབ་ཚན་སྐར་རྩིས་འཛིན་གྲྭ་དང་། མཚན་ཉིད་རིག་པའི་སློབ་ཚན་འདུལ་བ་འཛིན་གྲྭར་བསླེབས་ཤིང་། ལོ་དེའི་བོད་ཟླ་དགུ་བའི་ཚེས་བཅུ་གསུམ་སྟེ་གཡུང་དྲུང་བོན་བཤད་སློབ་གླིང་གི་སྒོ་འབྱེད་དུས་དྲན་ཉིན་མོར་ཕྱི་མཚན་ཉིད་མདོ་ཡི་བོན་ལ་སློབ་མཐར་ཕྱིན་པ་ཡིན། ལོ་དེའི་སྤྱི་ཟླ ༡༢ པའི་ཚེས ༢༡ ཉིན་གསང་སྔགས་འཛིན་གྲྭར་གསར་དུ་ཞུགས་ཏེ། ད་ལྟ་སྟེ་སྤྱི་ལོ ༢༠༢༣ ལོའི་བར་དུ་གསང་སྔགས་དང་རྫོགས་ཆེན་གྱི་བོན་སྡེ་གང་མང་ཞིག་ལ་འཆད་ཉན་གསན་བཞེས་དང་ཧུར་བརྩོན་ལྷོད་མེད་གནང་མུས་སུ་མཆིས།
ད་དུང་དེ་ཙམ་དུ་མ་ཟད་སྣང་ཞིག་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་ཁོང་ནི་བོན་གྱི་འདུ་གནས་ཆེན་པོ་མདོ་སྨད་སྣང་ཞིག་དགོན་གྱི་རབ་བྱུང་འདུལ་བའི་བརྒྱུད་ཁུངས་སྟོན་པ་སངས་རྒྱས་ནས། རྗེ་སྨན་རི་བ་མཁན་ཆེན་བསོད་ནམས་བློ་གྲོས་མཆོག་གི་སློབ་རྒྱུད་དུ་གྱུར་ཞིང་། ཁོང་གི་སྐུ་ཐོག་གོང་མ་སྣང་སྟོན་བློ་གྲོས་ཐོགས་མེད་ནས། སྐུ་དངོས་ཀྱི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་བསྟན་འཛིན་དབང་རྒྱལ་བར་དུ་རིམ་པར་བརྒྱུད་པའི་འདུལ་རྒྱུད་རྐང་འཛིན་ཆེན་པོར་གྱུར་ཡོད།

སྤྱི་ལོ ༢༠༢༡ ལོའི་ཟླ ༡ ཚེས ༢༡ ཉིན་བླ་མ་སྣང་སྟོན་ཆེན་པོ་ཁོང་གིས་མི་སྐྱ་ཕོ་མོ་བརྒྱ་དང་སུམ་ཅུ་ལྷག་ཅིག་ལ་ཚངས་སྤྱོད་དགེ་བསྙེན་དང་། ཡོངས་རྫོགས་དགེ་བསྙེན་དང་། སྣ་འགའ་སྲུང་བའི་དགེ་བསྙེན་བཅས་ཀྱི་སྡོམ་པ་གནང་ལ། ལོ་དེའི་སྤྱི་ཟླ ༡ ཚེས ༢༦ ཉིན་ལ་ཡང་མི་སེར་ཉི་ཤུ་ལྷག་ཅིག་ལ་དགེ་བསྙེན་གྱི་སྡོམ་ཁྲིམས་ཕོག་པའི་འཕྲིན་ལས་བསྐྱངས།
དགུང་ལོ་ཉེར་དྲུག་སྟེ་སྤྱི་ལོ ༢༠༢༡ ལོའི་ཟླ ༩ ཚེས ༢༠ ཉིན་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་བཀའ་དགོངས་བཞིན་སྣང་ཞིག་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་སྣང་ཞིག་དགོན་པའི་བསྟན་བདག་དང་ཁྲི་འཛིན་དུ་བསྐོས་བཞག་མཛད་ཅིང་། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་གི་ཐུགས་འགན་ཐམས་ཅད་དངོས་སུ་བཞེས། དེ་ནས་བཟུང་རིམ་པས་སྣང་ཞིག་ཁྲི་འཛིན་རིན་པོ་ཆེ་ཁོང་གིས་སྤྱི་ལོ ༢༠༢༡ ལོའི་ཟླ ༡༢ ཚེས ༨ དང་བོད་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་ནས་མང་ཚོགས་བཞི་བརྒྱ་ལྷག་དང་སློབ་གླིང་གི་སྐབས་དགུ་བའི་སྒྲུབ་གྲྭ་རྣམས་ལ་ཆེས་ཐོག་མའི་སྔོན་འགྲོ་དང་འཕོ་ཁྲིད་གནང་བ་དང་། སྤྱི་ལོ ༢༠༢༢ ལོའི་ཟླ ༡ ཚེས ༡༧ ནས་བཙུན་མ་འགའ་དང་མང་ཚོགས་བརྒྱ་དང་ལྔ་བཅུ་ལྷག་ལ་ཆེས་ཐོག་མར་མཚན་བཅས་ཨ་གཏད་དང་མཚན་མེད་དངོས་གཞི་གདམས་པའི་ཁྲིད་ཁ་མཛད།
དགུང་ལོ་ཉེར་བདུན་ཏེ་སྤྱི་ལོ ༢༠༢༢ ལོའི་ཟླ ༤ ཚེས ༩ ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྐབས་དགུ་བའི་སྒྲུབ་སྡེ་རྣམས་ལ། རྫོགས་ཆེན་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་བཀའ་ཁྲིད་ཟབ་མོ་ཐོག་མར་མཛད་པའི་དབུ་བཟུང་ལ། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རབ་བྱུང་འདུལ་འཛིན་སོ་གཅིག་ལས་གྲུབ་པའི་སྐབས་དགུ་བའི་སྒྲུབ་གྲྭ་བ་(འཛིན་དཔོན་རྩེ་དབུས་བཟོད་པ་དང་ཉག་རོང་ཉི་མ་རྒྱལ་མཚན་གཉིས་དང་། སྐབས་དགུ་བའི་སྒྲུབ་གྲྭའི་ཐུན་དཔོན་སྡེ་དགེ་ཀུན་གྲོལ་རྒྱ་མཚོ་ཡིན།)དེ་དག་ནི། ཁྲི་འཛིན་རིན་པོ་ཆེ་ཁོང་གིས་ཆེས་ཐོག་མར་བསྐྱངས་པའི་སྒྲུབ་སྡེ་ཡིན་ཞིང་། ཁོང་ཚོ་ལ་རིམ་པས་མཚན་བཅས་ཨ་གཏད་དང་མཚན་མེད་དངོས་གཞི། ངག་མཚམས་བཅད་དེ་ཀུན་བཟང་ཡབ་བསྒོམ་ཚུལ་གྱི་མན་ངག་དང་། ཨ་རུ་རའི་བཅུད་ལེན་གྱི་གདམས་པ་དང་། སྙན་རྒྱུད་རྩ་རླུང་འཁྲུལ་འཁོར་གྱི་ལག་ལེན་དང་བཅས་པའི་བཀའ་ཁྲིད་ཟབ་རྒྱས་གནང་བར་མཛད།
དགུང་ལོ་ཉེར་བརྒྱད་དེ་སྤྱི་ལོ ༢༠༢༣ ལོའི་ཟླ ༣ ཚེས ༧དང་བོད་ཟླ ༡ ཚེས ༡༥ ཉིན་བོན་གྱི་འདུ་གནས་ཆེན་པོ་མདོ་སྨད་སྣང་ཞིག་དགོན་གྱི་བཀའ་རམས་པའི་མཚན་རྟགས་དངོས་སུ་བཞེས་དང་བཞེས་མུས་སུ་མཆིས་ཤིང་། སྤྱི་ལོ ༢༠༢༣ ལོའི་ཟླ ༢ ཚེས ༢ ཉིན་ནས་བཟུང་ཡང་སྔར་བཞིན་མང་ཚོགས་དང་བཤད་སྒྲུབ་སློབ་གླིང་གི་སྐབས་བཅུ་བའི་སྒྲུབ་གྲྭ་བ་སུམ་ཅུ་ལྷག་ལ་སྔོན་འགྲོ་དང་འཕོ་ཁྲིད་གནང་འདུག་ཅིང་། ལོ་འདིའི་ཟླ ༣ ཚེས ༡༠ ཉིན་ནས་གཡས་རུའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་བཀའ་འཆད་གནང་བའི་དབུ་བཟུང་། སྤྱི་ཟླ ༣ ཚེས ༡༣ ཉིན་ནས་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་ལ་མཚན་བཅས་ཨ་གཏད་དང་མཚན་མེད་དངོས་གཞིའི་གདམས་པ་རྒྱས་ཁྲིད་གནང་ཡོད་པ་ལ་སོགས་སྐྱེ་འགྲོ་སེམས་ཅན་ཀུན་ལ་ཕྱོགས་མེད་དུ་བོན་གྱི་བཀའ་འཁོར་རྒྱ་ཆེར་སྐོར་བཞིན་མཆིས།

གཞན་ཡང་སྣང་ཞིག་མི་ཡི་སེང་གེ་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་སེམས་དཔའ་མི་ཡི་རྣམ་རོལ་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ཟུང་ནས། སྣང་སྟོན་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་ཁོང་ལ་སྔ་གཞུག་ཏུ། རྒྱལ་བ་སྨན་རི་བའི་མཁན་ཆེན་སྐུ་མདུན་བསོད་ནམས་བློ་གྲོས་དང་། གདན་ས་གཡུང་དྲུང་གླིང་གི་སྐྱབས་མགོན་ཟླ་བ་རྒྱལ་མཚན་རྣམ་གཉིས་ནས་རིམ་པར་བརྒྱུད་པའི་སྔོན་འགྲོ་དངོས་གཞི་དང་། བོན་སྒོ་ཕྱི་ནང་གསུམ་གྱི་དབང་ལུང་ཐོབ་ཅིང་། ལྷག་པར་དུ་སྤྱི་ལོ ༢༠༢༠ ལོའི་ཟླ ༡༢ ཚེས ༢༢ ཉིན་ནས་བཟུང་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་མདུན་ནས་སྔོན་འགྲོའི་ཕྱག་ཁྲིད་ཞུས་ཤིང་། ༢༠༢༡ ལོའི་ཟླ ༡ ཚེས ༡༣ ཉིན་ནས་འཕོ་བ་འཇའ་གུར་མའི་རང་འཕོ་ལ་ཟབ་ནན་གྱིས་སྦྱངས་པ་དང་། སྤྱི་ལོ ༢༠༢༡ ལོའི་ཟླ ༥ ཚེས ༡༨ ཉིན་ནས་ཁོང་གི་འཛིན་གྲྭ་དང་མཉམ་དུ་མཚམས་བཅད་དེ་མཚན་བཅས་ཨ་གཏད་སྦྱོང་བའི་དགེ་སྦྱོར་ལ་བརྩོན་པར་མཛད། སྤྱི་ལོ ༢༠༢༡ ལོའི་ཟླ ༧ ཚེས ༢༤ ཉིན་སྣང་སྟོན་ཆེན་པོ་ཁོང་ཉིད་འཛིན་གྲྭ་དང་མཉམ་དུ་སྨྲ་བཅད་ངག་མཚམས་ལ་བཞུགས་ཤིང་། དེ་དང་ལྷན་བདག་ཀྱང་ངག་མཚམས་ལ་བསྡད་པ་ཡིན། སྤྱི་ལོ ༢༠༢༡ ལོའི་ཟླ ༡༡ ཚེས ༥ ཉིན་ནས་བླ་མ་སྣང་སྟོན་ཆེན་པོ་ཁོང་འཛིན་གྲྭ་དང་ལྷན་དུ་སྙན་རྒྱུད་རྩ་རླུང་གི་མཚམས་ལ་ཟླ་ངོ་གཅིག་ཏུ་བཞུགས་ཏེ། མཇུག་མཐར་གཏུམ་མོ་མེ་དྲོད་རས་རྐྱང་སྐམ་པའི་ལག་ལེན་བཅས་ལ་སྦྱངས་འབྲས་འབུར་དུ་ཐོན། སྤྱི་ལོ ༢༠༢༡ ལོའི་ཟླ ༥ ཚེས ༢༨ ཉིན་སྐྱབས་མགོན་བསྐལ་བཟང་རྒྱ་མཚོ་མཆོག་སྣང་ཞིག་དགོན་གྱི་སྒྲུབ་ཁང་དང་རྒྱལ་ཁང་དུ་ཕེབས་ནས། སྣང་ཞིག་ཁྲི་འཛིན་རིན་པོ་ཆེ་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་ལ། ཡི་དམ་དབལ་གསས་དང་ཕུར་བ་འབྲུག་གསས་ཆེམ་པ་གཉིས་ཀྱི་དཔེ་ལུང་དང་། བཀའ་སྐྱོང་སྲུང་མ་དག་གི་རྗེས་གནང་དང་བཀའ་གཏད་ཟབ་ནན་མཛད། སྤྱི་ལོ ༢༠༢༡ ཟླ ༩ ཚེས ༢༡ ཉིན་ནས་བདུན་མཚམས་བཅད་དེ་རྗེ་མཉམ་མེད་བླ་མའི་སྒྲུབ་ཆུང་ཞིག་རྫོགས་ཤིང་། སྨན་རིའི་མཁན་ཆེན་སྐུ་མདུན་བསོད་ནམས་བློ་གྲོས་ནས་རིམ་པར་བརྒྱུད་པའི་བྱིན་རླབས་གྱི་ཚན་ཁ་མ་ཡར་བའི་འཕོ་བ་འཇའ་གུར་མའི་གཞན་འཕོ་ལ་སྦྱོང་བ་ལག་ལེན་གནད་སྨིན་གནང་བ་དང་། སྤྱི་ལོ ༢༠༢༢ ལོའི་ཟླ ༩ ཚེས ༩ ཉིན་ནས་སྣང་ཞིག་གི་སྒྲུབ་སྡེ་གོང་མའི་སྔ་སྲོལ་བཞིན་ཨ་རུ་རའི་བཅུད་ལེན་གྱི་མཚམས་ལ་བཞུགས། སྤྱི་ལོ ༢༠༢༢ ལོའི་ཟླ ༡༡ ཚེས ༨ ཉིན་ནས་སྙན་རྒྱུད་འོད་གསལ་བདུན་སྐོར་གྱི་མུན་མཚམས་ལ་ཞེ་དགུར་བཞུགས་ཤིང་། རྗེས་སུ་དཀར་མཚམས་དང་བཅས་པའི་མཐར་ལེགས་པར་རྫོགས་པའི་གྲུབ་འབྲས་གཡུར་དུ་སྨིན། མ་ཟད་སྣང་ཞིག་དོ་འཕགས་ཆེན་པོ་སོགས་ནས་རིམ་པར་བརྒྱུད་པའི་མན་ངག་གི་བདུད་རྩི་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། གདམས་ངག་ཟབ་མོའི་བཅུད་དུ་སྨིན་པའི་རིག་པ་ཡེ་ཤེས་ཆེན་པོའི་རྟོགས་པ་ཤར་བའི་བདག་ཉིད་ཅིག་ཏུ་གྱུར་རོ། །
དེས་ན་སྣང་སྟོན་ཁོང་གིས་འདས་སོང་ལོ་ངོ་དེ་དག་གི་རིང་དུ་ལྷན་སྐྱེས་ཤེས་རབ་ཀྱི་རལ་གྲི་ལ། སྦྱངས་པའི་བློ་གྲོས་ཀྱི་དབལ་སོ་རྣོན་པོས་སྡོང་བཏབས་ཏེ། མ་རིག་རྨོངས་པའི་གཡུལ་ལས་རྣམ་པར་རྒྱལ་ཞིང་། བསླབས་འབྲས་གཟེངས་སུ་ཐོན་པའི་དཔེར་མཚོན་རེ་འགའ་བགྲངས་ན། སྤྱི་ལོ ༢༠༢༠ ལོར་འདི་ག་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཡོངས་ཀྱི་ཁྲོད་ནས་མཚན་ཉིད་རིག་པའི་གཞུང་ལུགས་ཡིག་ཆའི་རྒྱུགས་སྤྲོད་ལས། མཐོ་རིམ་ཨང་དང་པོའི་གསེར་གྱི་རྟགས་མའི་བྱ་དགའ་དང་གཟི་བརྗིད་དཔང་ཡིག་ཐོབ་ལ། སྤྱི་ལོ ༢༠༡༩ ལོར་སྐར་རྩིས་འཛིན་གྲྭའི་ཨང་དང་པོའི་གཟི་བརྗིད་དཔང་ཡིག་དང་། སྤྱི་ལོ ༢༠༡༨ ལོར་མཚན་ཉིད་རིག་པའི་གཞུང་ལུགས་རྒྱུགས་སྤྲོད་ལས་མཐོ་རིམ་ཨང་གསུམ་པའི་ཟངས་ཀྱི་རྟགས་མའི་བྱ་དགའ་དང་གཟི་བརྗིད་དཔང་ཡིག་ཐོབ་ཅིང་། སྤྱི་ལོ ༢༠༡༧ ལོར་གཞུང་ལུགས་ཡིག་ཆའི་རྒྱུགས་སྤྲོད་ལས་ཕར་ཕྱིན་བར་མའི་འཛིན་གྲྭའི་ཨང་དང་པོའི་གཟི་བརྗིད་དཔང་ཡིག་དང་། ལོ་དེར་སྒྲ་འཛིན་གྲྭ་ལས་ཀྱང་ཨང་དང་པོའི་གཟི་བརྗིད་དཔང་ཡིག་བཞེས་ཡོད། སྤྱི་ལོ ༢༠༡༥ ལོར་བཤད་སྒྲུབ་སློབ་གླིང་གི་རིག་གནས་རྒྱུགས་སྤྲོད་ཡོངས་ཀྱི་ཁྲོད་ནས་ཨང་གསུམ་པའི་གཟི་བརྗིད་དཔང་ཡིག་བཅས་གྲུབ་འབྲས་གཡུར་དུ་ཟ་བའི་ཤེས་ཡོན་དཔལ་གྱིས་ཐུགས་རྒྱུད་ཕྱུག་ལ། རིག་གནས་ཀྱི་རིན་ཐང་རྟོགས་པའི་སྐྱེས་བུ་སུ་ཡིས་ཀྱང་བསྔགས་པའི་ཡུལ་དང་གུས་པའི་གནས་སུ་འོས་སོ།།

ད་དུང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒྲིག་གཞི་ལྟར་ན། སློབ་མ་རང་ཉིད་མདོ་སྔགས་རྫོགས་གསུམ་གྱི་འཛིན་གྲྭ་གར་བསླེབས་ཀྱི་བར་དུ། རྩ་གཞུང་ཁག་རྣམས་ངག་རྒྱུགས་ཕུལ་དགོས་པ་བཞིན། དམ་པ་ཁོང་གིས་ཀྱང་སྡུད་གྲྭ་འཛིན་གྲྭ་ནས་བཟུང་། བརྡ་སྤྲོད་རྩ་བ་དང་། ཚད་མའི་རྩ་གཞུང་། ཐེག་རིམ་རྩ་གཞུང་། ས་ལམ་རྩ་གཞུང་། དབུ་མའི་རྩ་གཞུང་། མཛོད་ཀྱི་རྩ་གཞུང་། འདུལ་བའི་རྩ་གཞུང་། གསང་དོན་རྣམ་འབྱེད། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་གྱི་རྩ་གཞུང་བཅས་ད་ལྟ་རྫོགས་ཆེན་འཛིན་གྲྭ་བར་གྱི་གཞུང་རྒྱུགས་དགུ་བོ་འབུལ་བ་གཞིར་བཞག་པའི་ཁར། དམིགས་བསལ་ལྷག་རྒྱུགས་ལའང་སྤྱི་ལོ ༢༠༢༡ ལོར་སྟོན་པའི་ཐེག་འགྲེལ་ལས་འབྲས་ཐེག་ཆ་ཚང་ཤོག་ངོས ༥༣ ཅན་ངག་རྒྱུགས་སུ་ཕུལ་བ་དང་། སྤྱི་ལོ ༢༠༢༠ ལོར་རྗེ་མཉམ་མེད་ཆེན་པོའི་འདུལ་བ་མདོར་བསྡུས་ཀྱི་གཞུང་འགྲེལ་ཤོག་ངོས ༧༣ ཅན་ངག་རྒྱུགས་སུ་ཕུལ་ཏེ། སྔ་སྲོལ་བཞིན་བསྙེན་རྫོགས་དྲང་སྲོང་ལ་ཐོབ་པའི་པད་ཞུ་གཅིག་དམིགས་ཀྱིས་དགར་ཏེ་གཟེངས་རྟགས་ཐོབ་ལ། ལོ་ངོ་འདིར་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་མཛོད་ཀུན་བཏུས་ཤོག་ངོས ༥༠ ཅན་ཡང་ངག་རྒྱུགས་སུ་ཕུལ་ཡོད། སྤྱི་ལོ ༢༠༡༨ ལོར་རྗེ་མཉམ་མེད་ཆེན་པོའི་དབུ་མའི་གཞུང་འགྲེལ་ཤོག་ངོས ༤༠ ཅན་དང་། མཚོན་བྱེད་ཞེ་ལྔའི་རྣམ་བཞག་ཤོག་ངོས ༤༢ ཅན་གཉིས་ངག་རྒྱུགས་དང་། སྤྱི་ལོ ༢༠༡༥ ལོར་སྟོན་པ་སངས་རྒྱས་ཀྱི་ཐེག་འགྲེལ་ལས་རྒྱུ་ཐེག་སྐོར་ཤོག་ངོས ༦༨ ཅན་ངག་རྒྱུགས་དང་། སྤྱི་ལོ ༢༠༡༤ ལོར་རྗེ་རིན་པོ་ཆེའི་ཚད་མའི་རང་འགྲེལ་ཤོག་ངོས ༡༣༡ ཅན་ངག་རྒྱུགས་དང་། སྤྱི་ལོ ༢༠༡༣ ལོར་རྟགས་རིགས་ཀྱི་རྣམ་བཤད་ཤོག་ངོས ༧༨ ཅན་ངག་རྒྱུགས་དང་། སྤྱི་ལོ ༡༠༡༢ ལོར་ཀུན་མཁྱེན་ཉི་མའི་ཐུན་མོང་སྡུད་གྲྭའི་རྣམ་བཤད་ཤོག་ངོས ༢༣༢ ཅན་བཅས་ངལ་བའི་བརྩོན་པ་ལ་དེ་ཙམ་ལྟོས་མི་དགོས་པར་ལྷན་སྐྱེས་ཤེས་རབ་ལ་བརྟེན་ཏེ། དེ་སྔོན་ཡན་ལའང་འགྲེལ་གཞུང་མི་འདྲ་བ་ཁག་དགུ་དང་། ཁྱོན་བསྡོམས་རྩ་འགྲེལ་བཅོ་བརྒྱད་ལ་ཤོག་ངོས་གཅིག་སྟོང་ལྷག་ཅིག་སྐུ་ངལ་ཚེགས་མེད་དུ་ངག་རྒྱུགས་སུ་ཕུལ་འདུག་པས། འདི་ག་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཡོངས་ཀྱི་ཁྲོད་ནས་བསླབས་འབྲས་ཡང་རྩེར་སོན་ཞིང་ཀུན་གྱིས་མིག་ལྟོས་དང་ཡི་རངས་བྱེད་པའི་གནས་སུ་གྱུར་ཡོད་དོ། །
འདི་ནི་དམ་པ་གང་གི་མཛད་པའི་རྣམ་པར་ཐར་བ་བརྗོད་པ་བདུད་རྩིའི་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་གུས་པ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་ནས་སྤྱི་ལོ ༢༠༢༠ ལོའི་སྤྱི་ཟླ ༡༠ ཚེས ༡༩ ཉིན་བྲིས་པའི་སྟེང་དུ་སྤྱི་ལོ ༢༠༢༣ ལོའི་ཟླ ༤ ཚེས ༡༨ ཉིན་སླར་ཡང་ཅུང་ཟད་ཁ་བསྣོན་བྱས་ཏེ་སྦྱར་བའོ།།
༧ སྣང་ཞིག་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གྲྭ་རྐྱང་དཀྱུས་མའི་ཚུལ་མཛད་པ་ལ་བརྟེན་ནས་སྐུ་ཚེ་ཧྲིལ་བོར་སློབ་སྦྱོང་གི་གོ་རིམ་བརྒྱུད་དེ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རྩ་རྒྱུགས་དང་འགྲེལ་རྒྱུགས་བསྡོམས་པའི་གཞུང་མི་འདྲ་བ་ཁག་བཅོ་བརྒྱད་དང་དེ་དག་ཤོག་ངོས་སུ་བྱས་ན་གཅིག་སྟོང་ལྷག་ཅིག་ངག་རྒྱུགས་སུ་འབུལ་འདུག་པ་མ་ཟད། སྔ་གཞུག་ཏུ་སློབ་གླིང་གི་སློབ་མའི་ཁྲོད་ནས་གཟེངས་རྟགས་ཆེན་པོ་བཅུ་དྲུག་བཞེས་ཤིང་། དེ་དག་ལས་ཀྱང་འབུར་དུ་ཐོན་པ་རེ་འགའ་ཞིག་བརྗོད་ན། སྤྱི་ལོ ༢༠༡༨ ལོར་མཚན་ཉིད་ཡིག་ཆའི་རྒྱུགས་སྤྲོད་ལས་མཐོ་རིམ་ཨང་གསུམ་པ་ཟངས་ཀྱི་རྟགས་མའི་བྱ་དགའ་དང་། སྤྱི་ལོ ༢༠༢༠ ལོར་མཚན་ཉིད་ཡིག་ཆའི་རྒྱུགས་སྤྲོད་ཁྲོད་མཐོ་རིམ་ཨང་དང་པོ་གསེར་གྱི་རྟགས་མའི་བྱ་དགའ་དང་། སྤྱི་ལོ ༢༠༢༡ ལོར་མཚན་ཉིད་ཡིག་ཆའི་རྒྱུགས་སྤྲོད་ཁྲོད་མཐོ་རིམ་ཨང་གཉིས་པ་དངུལ་གྱི་རྟགས་མའི་བྱ་དགའ་བཞེས་ཡོད།
ད་དུང་སྤྱི་ལོ ༢༠༡༥ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རིག་གནས་རྒྱུགས་སྤྲོད་སྐབས་སུ་སློབ་མ་ཡོངས་ཀྱི་ཁྲོད་ནས་ཨང་གསུམ་པའི་གཟི་བརྗིད་དཔང་ཡིག་ཐོབ་ལ། སྤྱི་ལོ ༢༠༡༧ ལོར་སྒྲ་འཛིན་གྲྭ་ལས་ཨང་དང་པོའི་གཟི་བརྗིད་དཔང་ཡིག་དང་། སྤྱི་ལོ ༢༠༡༩ ལོར་སྐར་རྩིས་འཛིན་གྲྭའི་ཨང་དང་པོའི་གཟི་བརྗིད་དཔང་ཡིག་ཐོབ་ཡོད་པའི་གནས་སྟངས་སོགས་ལ་གཞིགས་ན། ཁོང་གིས་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་པ་སྨོས་མ་དགོས་ལ། ཐེངས་འདིར་ཡང་སློབ་གླིང་གི་སྒྲིག་གཞི་ལྟར་རྩ་རྒྱུགས་ཡོངས་ཀྱི་མཐའ་མ“རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་སྐབས་བརྒྱད་པ”ངག་རྒྱུགས་སུ་ཕུལ་བའི་མཐར་རྫོགས་ཏེ། མ་ཡུམ་བཤད་སྒྲུབ་སློབ་གླིང་གིས“ཕུལ་བྱུང་སློབ་མ”ཞེས་པའི་མཚན་སྙན་གསོལ་ཡོད་དོ།།