སྟག་ལ་མཚམས་པ་ཡེ་ཤེས་རྒྱལ་མཚན།
[ཟླ་ཚེས། 2024-01-18 11:01:44][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཚམས་ཆེན་ཁོང་ནི་བོད་མདོ་དབུས་ཁམས་གསུམ་གྱི་ནང་ནས་ཁམས་སྟོད་དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས། སུམ་པ་གླང་གི་གྱིམ་ཤོད་བོན་གྱི་གནས་མཆོག་ཤེལ་ལེ་རྒྱ་སྐར་གླིང་གི་བྱང་ཕྱོགས་ཝ་དགེ་དགོན་གྱི་ལྷ་སྡེ་ཝ་སྐེད་གྲོང་དུ་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་ལ་ཕུད་དཔལ་འཛོམས་གཉིས་ཀྱིས་སྲས་སུ་འབྱུང་ལྡན་༣༠༠བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ(༡༩༣༢)ལོར་སྐུ་མཆོག་མངོན་པར་བཞད། དམ་པ་ཁོང་ལ་གཅུང་མོ་གཅིག་ཡོད་པ་དེའི་མིང་ལ་བསོད་ནམས་ལྷ་མོ་ཟེར། ཁོང་གི་ཡབ་བཀྲ་ཤིས་དོན་གྲུབ་ནི་གཞན་ལ་ཕན་སེམས་ཆེ་བ། ཡི་གེ་འབྲི་འདོན་སོགས་ཤེས་ཤིང་ཁོང་གིས་ཡི་གེ་བསླབས་པའི་བྱིས་པ་ལ་དམིགས་བསལ་གྱི་ཡིག་རྩ་ཡག་པོ་ཡོང་བར་བཤད་སྲོལ་ཡོད་པ་མ་ཟད། རྟ་ཟོག་ལ་བརྟག་མཁས་པ། ལྕགས་སྔགས་དང་སྨན་རྫས་སོགས་ལ་བརྟེན་ནས་ཕྱུགས་རིགས་ཀྱི་ནད་ཡམས་བཅོས་ཤེས་པ་སོགས་ཡུལ་སྡེ་ཀུན་གྱིས་བསྔགས་ཡུལ་དུ་གྱུར་པའི་མི་ཞིག་ཡིན། མཚམས་ཆེན་ཁོང་ཡང་ཆུང་དུས་སུ་རང་གཤིས་འཇམ་པ། ངག་སྙན་པ། ཡུལ་སྡེ་ཚང་མའི་ཡིད་ལ་འབབ་པ། ཞི་འཇམ་དང་ལྡན་པའི་བྱང་སེམས་ངང་ཚུལ་ཅན་ཞིག་ཡིན། དགུང་ལོ་དྲུག་གི་ཐོག་ཏུ་ཡབ་དམ་པས་ཡི་གེ་བསླབས་ཤིང་སྐབས་དེར་ཁོང་ནི་དད་པ་དང་བརྩོན་འགྲུས་ཟུང་ལྡན་གྱི་བྱིས་པ་ཞིག་ཡིན་པར་གྲགས། དགུང་ལོ་བཅོ་ལྔ་ཐོག་ཏུ་རྩེ་དྲུག་དགོན་དུ་བྱོན་ཏེ་བླ་མ་ཚུལ་ཁྲིམས་དར་རྒྱས་རིན་པོ་ཆེའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས་ཏེ་མཚན་ལ་འཆི་མེད་ཚེ་རིང་ཞེས་གནང་། དེ་ནས་རྩེ་དྲུག་དགོན་དུ་ཚོགས་ཞུགས་མཛད་དེ་དགུང་ལོ་བཅོ་བརྒྱད་བར་དགོན་པའི་ཞབས་ཕྱི་ཞུས། ཁོང་དགོན་ལ་བཞུགས་སྐབས་གཉོམ་ཆུང་ཡ་རབས་ཚུལ་ལྡན་ཞིག་ཡིན་པས་གོང་འོག་ཚང་མའི་ཐུགས་ལ་བབ་པ་བྱུང་། ཁོང་དགུང་ལོ་བཅུ་དགུའི་ཐོག་འཚོ་བའི་ཆ་རྐྱེན་ཞན་པ་དང་དཔེ་ཆ་སོགས་དཀོན་པར་བརྟེན། བདལ་གཤིས་སྒང་གྲོང་ཚང་ལ་གཤིན་པོའི་ཞེ་དགུ་བཞུགས་མཛད་པ་དང་ཡོན་རགས་པ་དེས་རྩེ་དྲུག་དགོན་གྱི་སྒྲུབ་གྲྭ་ནང་དུ་མཁན་པོ་སྨོན་ལམ་བསྟན་འཛིན་མདུན་དུ་སྔོན་འགྲོ་དང་དངོས་གཞི་སོགས་བསགས་སྦྱོང་གི་མཐུན་རྐྱེན་བྱས།
ལོ་དེར་ཁོང་སྒྲུབ་གྲྭ་ནང་དངོས་ཞུགས་མཛད་པ་དང་སྔོན་འགྲོ་འབུམ་དགུ་བསགས་སྦྱངས་མཛད་གྲུབ་རྗེས་དངོས་གཞི་ཞུས། དེ་ཡང་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཁྲིགས་གཅོད་སྐོར་ཞིབ་ཆ་དང་ལྡན་པར་ལོ་གཉིས་རིང་སྦྱོང་བ་སྟེ། ཐོག་མར་ཨ་གཏད་ལྟ་བ་དང་བྱུང་གནས་འགྲོ་གསུམ་སོགས་ལ་ཟླ་བ་དུ་མའི་རིང་འབད་དེ་ཐེ་ཚོམ་ལེགས་པར་བཅད། དེ་ནས་བོགས་འདོན་ཐད། ལྷ་སྐུ་ལ་བརྟགས་ནས་ཞི་གནས་ལ་ཞག་བདུན་བསླབས། ཡིག་འབྲུ་ཨ་དཀར་བསྒོམས་ནས་ཞག་བདུན་བསླབས། ཐིག་ལེ་བསྒོམས་ནས་ཞག་བདུན་བསླབས། དངོས་གཞི་ཁྲིགས་ཆོད་ལྟར་སྐྱབས་གནས་ཡུལ་མཆོག་གནས་བཞི་སོགས་སྒོམ་སྟེ་ཞག་ཉེར་གཅིག་རིང་བསྐྱེད་སྒོམ་ལ་བརྩོན། གཅིག་ཆར་དང་ཐོད་རྒལ། རིམ་སྐྱེ་གསུམ་ལ་ཟླ་བ་གཅིག་གི་རིང་གོམ་འདྲིས་དང་གལ་བདར་མཛད། རྣལ་བབ་ཞག་ཉེར་གཅིག་རིང་ཤིན་སྦྱངས་འཇོག་སྒོམ་ཁོ་ནར་ལ་ཉམས་ལེན་མཛད། སོར་ཞུགས་ལ་ཞག་དྲུག་རིང་ཞི་བའི་སྤྱོད་ལམ་སྦྱངས་ཤིང་ཉམས་ལེན་ལ་གོམ་འདྲིས་སྦྱངས། སོར་ཞུགས་འབྲིང་པོ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ལ་ཞག་བདུན་རིང་གསལ་རིག་ངར་དང་བཅས་པ། གཏིང་གསལ་བཀྲག་དང་བཅས་པ། རང་བྱུང་ཡེ་ཤེས་གསལ་ངར་བཏོན། སྤྱོད་ལམ་དྲག་པོ་ཁྲོ་བོའི་ལྟ་སྟངས་དང་རྩལ་སྦྱོང་ཉམས་ལེན་མཛད་དེ་ཞག་བདུན་རིང་ཉམས་ལེན་སྤྱོད་ལམ་དང་འདྲིས་སུ་བཅུག དེ་ལྟར་སྤྱོད་ལམ་ཞི་དྲག་བར་གསུམ་གྱིས་རང་རིག་ཡེ་ཤེས་ཉམས་མྱོང་ཐོག་ཏུ་སྨིན་པར་མཛད། དགུང་ལོ་ཉེར་གཅིག་ཐོག་རྩ་རླུང་སྔོན་འགྲོ་དངོས་གཞི་དང་བཅས་པ་ཞག་བརྒྱ་དང་བདུན་ཅུའི་རིང་སྦྱངས་པ་མཛད། དེ་ནས་ཡང་དགོན་པའི་ཚོགས་དུས་མཆོད་འཚོགས་པ་ཕུད། སེམས་ཅན་གྱི་རེ་བསྐུལ་དང་འཚོ་བའི་དགོས་མཁོ་སོགས་ཀྱིས་རྐྱེན་པས་ཞེ་དགུ་ཁ་ཤས་བཞུགས་མཛད་དེ། ཁྲོ་བོ་དང་ཀློང་རྒྱས། ཀུན་རིག་སྒྲོན་མ། ཨ་དཀར་སྒྲིག་སྦྱོང་སྨོན་ལམ་དང་བཅས་པ་གསུངས་མཛད་དེ་ཤི་གསོན་བདེ་ལ་འཁོད་པའི་ཐུགས་སྨོན་རྣམ་དག་གིས་རྒྱས་བཏབ།
དགུང་ལོ་ཉེར་བཞི་ཐོག་ཏུ་རྩེ་དྲུག་གནས་ཀྱི་ཤར་ཕྱོགས་ཤིང་རོང་བུ་སྡེ་རི་ཁྲོད་ལ་བྱོན་ཏེ། བླ་མ་ཚེ་དབང་ཕུན་ཚོགས་སམ་གསང་མཚན་ཀུན་བཟང་བདེ་ཆེན་སྙིང་པོའི་མདུན་ནས་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན(1859-1934)མཆོག་གི་བཀའ་དབྱིངས་རིག་རིན་པོ་ཆེའི་མཛོད་ཀྱི་ཟབ་ཁྲིད་རྒྱས་པར་ཞུས། ཀུན་བཟང་བདེ་ཆེན་སྙིང་པོ་མཆོག་ནས་ཁོང་གི་མཚན་ལ་ཡེ་ཤེས་རྒྱལ་མཚན་ཞེས་གནང་མཛད་པ་དང་། སྐབས་དེར་ཁོང་གི་མཆེད་གྲོགས་ལ་ཤིང་ར་རྟོགས་ལྡན། རྟ་རེ་ཤེས་རབ་ཡེ་ཤེས་འོད་ཟེར། མོག་ཆུང་འཆི་མེད་དབང་དྲག དཀྱིལ་ཀྲུང་རྟོགས་ལྡན་རྒྱལ་མཚན་རིན་ཆེན། བུ་ལུག་རྣམ་དག བསམ་གཏན་དགེ་ལེགས། བསྟན་པ་གཡུང་དྲུང་། ཁང་སར་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས། ནང་མ་རྟོགས་ལྡན་ཕུན་ཚོགས་བློ་གྲོས་བཅས་མི་དགུ་བཞུགས་ཡོད། ཁོང་བུ་སྡེ་རི་ཁྲོད་ལ་བཞུགས་རིང་དྲན་པ་ཡང་གསང་སྙིང་ཐིག་གི་བསྙེན་པ་རྒྱུན་དུ་བགྲངས་པས་དགོངས་ལམ་ལ་ཡི་དམ་ལྷ་ཞལ་མཇལ་སྣང་བྱུང་གསུངས། དགུང་ལོ་ཉེར་ལྔའི་ཐོག་ཏུ་རྩེ་དྲུག་སྒོམ་གྲྭ་ཐེག་མཆོག་འོད་གསལ་གླིང་དུ་འཇའ་ལུས་པ་གཙུག་ཕུད་འོད་གསལ་མཆོག་གི་མདུན་དུ་སྔོན་འགྲོ་དངོས་གཞི་སོགས་ལོ་གསུམ་རིང་ཟབ་སྦྱོང་མཛད་པ་དང་། སྐབས་དེར་སྡེ་སྣོད་མཛོད་ཀྱི་ཁྲིད་ཟབ་རྒྱས་གསན་པ་དང་ཤར་རྫའི་བཀའ་གཞན་དག་བསྡུས་ཁྲིད་ཚུལ་དུ་གསན་བཞེས་མཛད།
སྤྱི་ལོ༡༩༥༩ལོར་དམངས་གཙོ་བཅོས་སྒྱུར་བྱེད་སྐབས་རྩེ་དྲུག་དགོན་པ་སྲུང་སྐྱོབ་དགོན་པར་བཞག་ཅིང་། དེར་དམངས་གཙོ་བདག་གཉེར་མི་སྣ་བདུན་བཞག་པ་དེ་དག་ནི། ཚུལ་ཁྲིམས་རྒྱལ་མཚན། ཡེ་ཤེས་རྒྱལ་མཚན། བླ་མ་བཀྲ་རྣམ། རུ་སུ་ཚེ་དབང་གཡུང་དྲུང་། གཡུང་དྲུང་ཡེ་ཤེས། འགུ་རུ། དྲག་ལྷ་འགུ་དྲག་བཅས་ཡིན། ཁོང་རྣམས་སྤྱི་ལོ༡༩༦༦བར་ལོ་བརྒྱད་རིང་དགོན་དུ་བཞུགས་ཤིང་། དེ་རིང་དམ་པ་མཆོག་གིས་ནམ་རྒྱུན་དྲན་དྲག་དྲག་སྒྲུབ་ཀྱི་བསྙེན་པ་རྒྱུན་དུ་གསུངས་མཛད་པ་དང་། ཉིན་ཞིག་ཁོང་སྟག་ལའི་སྒྲུབ་ཕུག(དེང་སང་ཕུག་ནག་མ་ཟེར)ཡོད་སར་ཡུང་ཞིང་སྲུང་ནས་བཞུགས་སྐབས་མདུན་གྱི་ནམ་མཁར་སྤྲིན་དཔུང་འདུས་པའི་འོག་ནས་འོད་སྣ་ཚོགས་ཤར་ཞིང་སླར་ཡང་ཡལ་བ་མངོན་དུ་མཐོང་། དེ་དོན་རྩེ་དགོན་མཁན་པོ་སྨོན་ལམ་མཆོག་ལ་ཞུས་པས་ཁོང་ནས་གཟའ་བདུད་དབང་དུ་བསྡུས་པའི་རྟགས་ཡིན་ཞེས་གསུངས། སྐབས་དེར་དགོན་པའི་འདུ་ཁང་སོགས་ལ་ཆར་ཆུའི་གནོད་འཚེ་སྲུང་ཆེད་ཁང་ཐོག་ས་བླུགས་པ་སོགས་ཀྱིས་རྒྱབ་ཆད་དེ་རྨ་བྱུང་བ་དེ་འདྲའི་དཀའ་སྡུག་མང་པོ་མྱོང་། ཁོང་གིས་ནམ་རྒྱུན་སྲིད་རྒྱལ་ཐུགས་དམ་མཛད་པས་སྤྱི་ལོ༡༩༦༣ལོར་སྦྲ་ཁོ་ལ་ཚོགས་འདུར་ཕེབས་པའི་སྐབས་ཤིག་གཟིགས་སྣང་ལ་ཁྲག་མཚོ་དམར་ནག་འཁྲུག་པའི་དཀྱིལ་དུ་སྲིད་རྒྱལ་དྲེལ་དམར་གཟེར་བུ་ནང་བཞིན་ཞལ་དངོས་སུ་མཇལ་ཞེས་གསུངས། དེའི་སྐབས་ཤིག་ལྷ་ཁང་ཐང་སྒོམ་པ་ཚང་དུ་བཞུགས་སྐབས་དགོངས་ལམ་དུ་འགུ་རུ་རིན་པོ་ཆེ་མཁའ་འགྲོ་བཞིས་བསྐོར་བ་ཞིག་མཇལ་བ་དང་། མོན་བཟའ་བཀྲ་ཤིས་ཀྱིས་ཞལ་ནས། ང་ནི་བཀྲ་ཤིས་ཆེ་མགྲིན་ཡིན་གསུངས་ཏེ་ཕྱི་ནང་གསང་བ་ཡང་གསང་གི་ཤོ་ལོ་ཀ་བཞི་ལུང་བསྟན་མཛད་དེ་བུམ་ཆུ་བླུད་པ་རྨིས་ཞེས་གསུངས། ༡༩༦༦ལོར་རྩེ་དྲུག་དགོན་གྱི་བསྟན་སྲུང་རྒྱལ་པོ་དངོས་སུ་མི་བཞིན་བྱོན་ཏེ་ཁོང་གི་ཕྱག་ལ་བཟུང་བའི་གཟིགས་སྣང་བྱུང་། ཕྲན་རང་ནས་དམ་པ་ཁོང་གི་ཐུགས་དམ་ཁ་ཐོན་གླེགས་བམ་མཇལ་སྐབས་དེའི་ཁྲོད་དུ་རྩེ་དྲུག་རྒྱལ་པོའི་སྐུལ་ཆུང་རྙིང་རལ་ཅན་ཞིག་བདོག་པ་མཇལ་སོང་།
སྤྱི་ལོ༡༩༦༦ལོའི་ལོ་མཇུག་ཏུ་ཁོང་ཝ་དགེ་མར་གྲོང་ཚང་དུ་ཕེབས་ཏེ་བཞུགས་དགོས་བྱུང་། དགོན་པ་ཆག་འཇིག་ཐེབས་པ་སོགས་ཀྱིས་རྐྱེན་པས་དམ་པ་ཁོང་ཡུན་རིང་བཤུམ་པར་མཛད་ཅིང་། ཟླ་བ་གཅིག་ཙམ་རིང་བློ་མི་བདེ་བ་དང་གཉིད་མི་ཁུག་པ་སོགས་ཆགས། སྐབས་དེའི་དགོངས་ལམ་ཞིག་ཏུ་ཁོང་ལ་སྤྲུལ་སྐུ་བློ་ལྡན་སྙིང་པོས་རྫོགས་ཆེན་ནམ་མཁའ་སྤྱི་གཅོད་ཉམས་ལེན་གྱིས་གསུངས་པ་རྨིས་ཤིང་། ཐོན་རྫོང་ཞེས་པའི་དུད་ཚང་ཞིག་ཏུ་ཕེབས་སྐབས་ནམ་མཁའ་སྤྱི་གཅོད་ཀྱི་སྔོན་འགྲོའི་ཡི་གེ་ཞིག་རྙེད། ཁོང་གིས་ལྐོག་ཏུ་དེ་ལ་ཉམས་ལེན་མཛད་ཅིང་དེའི་ནང་གི་མི་རྟག་པའི་ཚིག་བཤད་དང་གསོལ་འདེབས་བྱིན་འབེབས་སོགས་ལ་བརྟེན་ནས་སེམས་སྡུག་སེལ་ཐུབ་པ་དང་སེམས་ཉིད་བདེ་ཆེན་ལ་མྱོང་བ་ཐོན་པ་བྱུང་ཞེས་གསུངས། སྤྱི་ལོ་༡༩༦༦-༡༩༧༢བར་མར་གྲོང་ཚང་དུ་བཞུགས་ཤིང་། དུད་འདི་འབྱོར་མེད་གྲལ་རིམ་དུ་གཏོགས་པས་ཆབ་སྲིད་གུ་ཡངས་ཙམ་ཡོད། དེའི་རིང་གསང་སྟབས་ཀྱིས་ཞོགས་པ་སྔ་ལངས་མཛད་དེ་ཞལ་འདོན་གསུངས་པ་དང་ཐུན་སྐྱོང་། ནམ་རྒྱུན་རི་མགོ་རུ་ནོར་ལུག་རྫི་བོར་འབྱོན་སྐབས་ཞི་བ་ཨ་གསལ་རྩ་བསྙེན་ས་ལེ་འོད་བགྲང་བར་མཛད། ཞོགས་ཇ་བཞེས་གྲུབ་རྗེས་ནོར་ལུག་འཚོ་བ་སོགས་འགན་འཁྲིའི་ལས་དོན་བསྒྲུབས། ཕྱི་དྲོ་བསྔོ་སྨོན་གསུངས་པ་སོགས་ལྐོག་ཏུ་དགེ་སྦྱོར་ཚུལ་བཞིན་མཛད། སྤྱི་ལོ༡༩༧༣-༡༩༨༠བར་གྱི་མི་དམངས་ཀུང་ཧྲི་སྐབས་སུ་དམ་པ་ཁོང་དབང་འཕགས་ཞེས་པའི་ལུང་པ་ནང་རུ་ཁག་གི་ཡུང་ཞིང་སྲུང་མིར་བཞག སྐབས་དེར་མཚན་མོར་གབ་སྦས་ཚུལ་དུ་དེང་གི་རྩེ་དྲུག་དགོན་གྱི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་སོགས་དད་ལྡན་ཁ་ཤས་ལ་བོན་གསུངས་མཛད། ཡུལ་གྱི་སེར་སྲུང་དང་ཆར་འབེབས་སོགས་མཛད་པར་གྲགས། རིག་གསར་དུས་འགྱུར་ནང་ཁོང་གིས་རྩེ་དྲུག་དགོན་གྱི་དྲི་མེད་གཟི་བརྗིད་ལྐོག་ཏུ་མར་གྲོང་ཚེ་དབང་ནོར་བུར་བཅོལ་ནས་ཉར་ཚགས་མཛད། པད་མ་རྡོ་རྗེར་བློ་ལྡན་མགུར་འབུམ་བསྐུར་ཏེ་སྲུང་སྐྱོབ་གནང་། གཞན་ཡང་སྐབས་དེར་རུ་སྲུ་ཚེ་དབང་ལགས་ཀྱིས་དྲན་པ་བདུད་འདུལ་སྐུ་དང་ཁྲོ་བོ་རྒྱུད་དྲུག གཟི་བརྗིད་སོགས་ཁྱོན་པོ་ཏི་ཉི་ཤུ་ཙམ་སྲུང་སྐྱོབ་མཛད། བླ་མ་བཀྲ་རྣམ་མཆོག་ནས་འཕྲུལ་གཤེན་སྣང་བ་འོད་ལྡན་རྫུ་འཕྲུལ་རིག་པ་ཁུ་བྱུག་ཉར་ཚགས་མཛད་དེ་སྐུ་གསུང་ཐུགས་རྟེན་རྩ་ཆེན་དེ་དག་སླར་ཡང་སྤྱི་ལོ༡༩༨༢ལོར་རྩེ་དྲུག་དགོན་དུ་ཕུལ།
༡༩༨༢ལོར་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཤར་བ་དང་རྩེ་དྲུག་དགོན་དུ་པད་མ་མཐོང་གྲོལ་སྒྲུབ་ཕུག་ཡོད་སར་མཚམས་ཁང་བསྐྱར་བཞེངས་བྱས། གཤེན་བསྟན་མཛོད་འཛིན་རིན་ཆེན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་དམ་པ་གང་ཉིད་ལ་སྟག་ལའི་བསྙེན་སྒྲུབ་དགོས་པའི་བཀའ་སྐུལ་གནང་བར་བརྟེན། སྟག་ལའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་འགོ་བརྩམས་ཤིང་༡༩༩༤བར་ཁྱོན་ལོ་ངོ་བཅུ་དྲུག་རིང་སྒོ་བཅད་མཛད་དེ་མཚམས་སྒྲུབ་གནང་། དམ་པ་ཁོང་ནི་ནམ་རྒྱུན་དཀའ་སྤྱད་ཆེན་པོས་དགེ་སྦྱོར་ལ་བརྩོན་པ་ལས་དོན་མེད་གཡེང་བས་ནམ་ཡང་བསླུ་མ་མྱོང་། ཐུགས་གཤིས་ཞི་ཞིང་རང་ཉིད་དམན་སར་འཇོག་པ། འདོད་ཆུང་ཆོག་ཤེས་ཆེ་བ། བསྟན་པ་དང་དགོན་པར་ལྷག་བསམ་དཀར་བ། མཆོག་ལ་གུས་ཤིང་དམན་ལ་བྱམས་པ། གཏམ་སྙན་གྲགས་པར་འཛེམ་པ། ཀུན་གྱི་དང་བ་འདྲེན་པ། ཐུགས་རྗེ་བྱིན་རླབས་མྱུར་བ། ཚུལ་ཁྲིམས་ལ་སྐྱོན་གྱིས་མ་གོས་པ་སོགས་འཇིག་རྟེན་བོན་བརྒྱད་ཀྱིས་མ་བསླུ་བའི་དགེ་སྦྱོར་ཚད་ལྡན་ཞིག་ཡིན། གཞན་ཡང་དད་ལྡན་གྱི་ཕུལ་བའི་སྒོར་མོ་རྣམས་ཟླ་རེ་བཞིན་དགོན་གཞུང་ལ་རྩིས་སྤྲོད་གནང་བ་ལས་སྒེར་གྱིས་སྐར་མ་ལྔ་ཡང་བེད་སྤྱོད་གཏོང་སྲོལ་མེད་པ་དང་། རང་གི་ཤ་ཉེ་རིང་དག་ལ་ཡང་རྩ་བ་ནས་གནང་སྲོལ་མེད། དམ་པ་ཁོང་ཉིད་ཡི་དམ་གྲུབ་པའི་རྟགས་སུ་སྐུ་ལུས་ལ་མེ་དཔུང་འབར་བ་རྨིས་པ་དང་ཉེ་འཁོར་གཞན་དག་གིས་མཐོང་སྣང་ལ་མཚན་མོར་སྐུ་ལུས་ལས་མེ་སྟག་འཕྲོ་བ་སོགས་བྱུང་བ་བཤད་སྲོལ་འདུག ༡༩༩༤ལོར་སྐུ་སྙུང་བཞེས་སྐབས་ཉེ་འཁོར་ཁག་གིས་ཡང་ཡང་བསྐུལ་བས་སྟེང་ཆེན་རྫོང་ལ་སྨན་བཅོས་བྱོན་པས་སྙུང་གཞི་བསྲིངས་ཤིང་མར་ལམ་ཝ་དགེར་བྱོན་པ་དང་དད་ལྡན་མང་པོའི་ནན་སྐུལ་འོག་ཝ་དགེ་དགོན་དུ་ཆོ་ག་བཅུ་གཉིས་དང་རྣམ་རྒྱལ་གྱི་དབང་གནང་། ཝ་དགོན་ལ་ལོ་དུས་ཀྱི་མཆོད་པ་རྣམ་རྒྱལ་སྟོང་མཆོད་འཚོག་དགོས་པའི་དགེ་སྐུལ་མཛད། སླར་ཡང་རང་དགོན་དུ་ཕེབས་ཏེ་མུ་མཐུད་ཡི་དམ་སྟག་ལའི་མཚམས་སྒྲུབ་གནང་བཞིན་བཞུགས། ཉིན་ཞིག་དམ་པ་མཆོག་གིས་འཁོར་སློབ་ལ་མདང་དགོང་ཐུགས་མ་གཡེང་བའི་ངང་ནས་དུང་དཀར་ཞིག་འབུད་བཞིན་ཡར་བྱོན་པ་རྨིས་སོང་ལ། ད་ནི་རྒན་བུ་ཤི་རབ་ཡིན་ཞེས་གསུངས་པས་ཡུན་རིང་མ་འགོར་བར་སྤྱི་ལོ་༡༩༩༦ལོའི་བོད་ཟླ་༡༠པའི་ཚེས་༡༠ཉིན་ངོ་མཚར་བའི་འདས་རྟགས་བཅས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས།
དམ་པ་ཁོང་གིས་ཁྲིད་གདམ་གནང་མྱོང་བའི་སློབ་མ་ལ་རྩེ་དྲུག་དགོན་གྱི་བསྟན་བདག་མཆོག་སྤྲུལ་བསྟན་འཛིན་གཙུག་ཕུད་འོད་ཟེར། རྩེ་བླ་ཐེག་མཆོག་འོད་ཟེར་རྒྱལ་མཚན། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དཀྱིལ་ཀྲུང་རྟོགས་ལྡན་བདེ་ཆེན་འགྱུར་མེད། ཤིང་རོང་བསམ་གཏན་དགེ་ལེགས། མཐའ་བཞི་བླ་ཆུང་གཡུང་དྲུང་རྒྱལ་མཚན། སྒོམ་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན། སྒྲུབ་མཁན་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ། ཤེས་རབ་བསྟན་པའི་རྒྱལ་མཚན། ནག་རུ་བསམ་གཏན་དགེ་ལེགས། དགེ་བཤེས་འབྲུག་གསས་རྒྱལ་མཚན། སྨན་པ་གཡུང་དྲུང་རྒྱལ་མཚན། བུ་དགའ། ཚེ་ཐར་དབང་འདུས་སོགས་མང་དུ་ཡོད་དོ།།
ཕྲན་རང་ཆུང་དུས་ཕ་ཡུལ་ནས་མཚམས་ཆེན་ཁོང་གི་སྐུ་པར་མཇལ་མྱོང་བ་དང་། སྐབས་དེར་རྒན་རབས་ཀྱི་ངག་ལས་ཁོང་ནི་རྩེ་དྲུག་དགོན་དུ་བཞུགས་པའི་སྟག་ལ་མཚམས་པ་ཡིན་པ་དང་། མཚན་མོ་སྐུ་ལུས་ལ་མེ་སྟག་འཕྲོ་བ་སོགས་གོ་ཐོས་བྱུང་དུས་དམིགས་བསལ་གྱི་དད་གུས་ཤིག་སྐྱེས་མྱོང་། རྗེས་སུ་རྩེ་དྲུག་དགོན་དུ་སྡོད་སྐབས་ཁོང་གི་ཐུན་མིན་མཛད་སྤྱོད་མང་དུ་ཐོས་པས་དད་གུས་བླ་ལྷག་འཕེལ་སོང་། དེ་ལྟར་དད་གུས་ཀྱི་ས་བོན་ལ་བརྟེན་པ་དང་། ཉེ་ཆར་མཐོང་གྲོལ་མེ་སྟོན་གདན་སའི་སློབ་དཔོན་ཆེན་མོ་དགེ་བཤེས་ཀུན་བཟང་རྒྱལ་མཚན་ལགས་ནས་གུས་པར་ཁ་པར་བཏང་སྟེ་རྩེ་དྲུག་གནས་ཀྱི་ཕྱོགས་སུ་བཞུགས་པའི་ཉེར་བྱུང་བླ་མ་མཚམས་པ་ཁག་གི་ལོ་རྒྱུས་ཟིན་བྲིས་སུ་འདེབས་དགོས་པའི་སྐུལ་མ་གནང་བ་སོགས་ཀྱི་རྒྱུ་རྐྱེན་འཛོམས་པར་བརྟེན། བོད་རབ་རྒྱན་ཆུ་སྟག(༢༠༢༢-༦-༢༤)ལོར་རྩེ་དྲུག་སྒོམ་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག(དགུང་གྲངས། ༦༧ མེ་སྤྲེལ)མཆོག་དང་རྒན་རབས་རྟ་མགྲིན(དགུང་གྲངས། ༧༩ ཤིང་སྤྲེལ)གཉིས་ལ་མཚམས་ཆེན་ཁོང་གི་སྐོར་ནས་བཅར་འདྲི་ཞུས་ཏེ་ཟིན་བྲིས་བཏབ་ཅིང་། ལོ་དེའི-༡༡-༢༠ཉིན་ཁྱུང་ཡུལ་དུ་ཏོག་དབྱིབས་ནད་དུག་གིས་འཇིགས་པ་ཚབ་ཆེན་ཐེབས་ཤིང་། མི་རྣམས་འཇིགས་སྐྲག་དང་སྔངས་འཚབ་ཁྲོད་དུ་གནས་སྐབས་ཕྲན་རྩེ་དྲུག་དགོན་གྱི་དགེ་བཤེས་ཀྱི་མིང་ཙམ་འཛིན་པ་གཙུག་གཤེན་རྒྱལ་མཚན་གྱིས་ཁྱུང་སེར་གདན་ས་བྱ་ཟེ་མཐོང་སྨོན་དགའ་བ་ལྷ་རྩེ་རུ་སྦྱར་བ་ལགས་སོ།།