བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན།
[ཟླ་ཚེས། 2022-08-26 20:04:21][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བླ་མ་ཡང་སྟོན་ལ་གངས་རི་བླ་མ་དང་བོད་པ་བླ་མ། གངས་རིའི་སྤྲུལ་སྐུ། བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན་སོགས་མཚན་གྱི་རྣམ་གྲངས་ཁ་ཤས་ཡོད། གངས་རིའི་སྤྲུལ་སྐུ་ཞེས་པ་ནི་ཁོང་སྟོད་གངས་རིའམ་གངས་ཏི་སེ་ནས་ཕེབས་པས་དེ་སྐད་དུ་བཏགས། བོད་པ་བླ་མ་ཞེས་པ་ནི་སྐབས་དེར་དབུས་གཙང་ངམ་སྟོད་ཕྱོགས་ཡོངས་ལ་བོད་པ་ཟེར་གྱི་ཡོད་པས། བོད་པ་བླ་མའང་དེ་འདྲའི་ཆ་ནས་བཏགས་པ་ཡིན་ནམ་སྙམ། བླ་མ་ཡང་སྟོན་ཞེས་པ་ཁྱིམ་རྒྱུད་ཀྱི་མིང་ཡིན་ཏེ། མངའ་རིས་གློ་སྟོད་ན་བླ་མ་ཡང་སྟོན་ཆེན་པོའི་གདན་ས་ཡོད་པར་མ་ཟད། བླ་མ་ཡང་སྟོན་ཆེན་པོའམ་ཡང་སྟོན་ཤེས་རབ་རྒྱལ་མཚན(10世纪)དང་ཡང་སྟོན་དམ་པ་འབུམ་རྗེ(11世纪)། ཡང་སྟོན་དཔལ་ལྡན་བཟང་པོ(12世纪)སོགས་ཞང་ཞུང་སྙན་རྒྱུད་ལ་གྲུབ་པ་ཐོབ་པའི་བླ་མ་མང་པོ་ཁོ་ཚང་གི་ཁྱིམ་དུ་འཁྲུངས་ཚུལ་ཞང་ཞུང་སྙན་རྒྱུད་བླ་བརྒྱུད་རྣམ་ཐར་ལས་གསལ། ད་ལྟ་རྒྱ་གར་སྨན་རིའི་དགོན་གྱི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མའང་ཁོང་ཚང་ལ་འཁྲུངས། ཡང་སྟོན་བསྟན་འཛིན་རྒྱལ་མཚན་ནི་ཁོང་གི་ཁྱིམ་མིང་དང་མཚན་གཉིས་མཉམ་དུ་འབོད་པའི་མཚན་ཡིན།
དེས་ན་ང་རང་ནི་སྤྱི་ལོ༡༩༧༠ལོར་བྲག་འགོ་གཞི་རིང་ལུང་པར་སྐུ་སྐྱེས། བླ་མ་ཡང་སྟོན་སྤྱི་ལོ༡༩༦༤ལོར་སྐུ་གཤེགས་པས། ང་རང་བླ་མ་དེ་དངོས་སུ་མཇལ་མྱོང་མེད་ནའང་། ང་ཡི་དགེ་རྒན་སངས་རྒྱས་བསྟན་འཛིན་དང་མགོན་པོ་དོན་འགྲུབ་སོགས་ཁོང་གི་གྲྭ་བ་བྱས་ནས་ལོ་མང་པོ་འགྲོགས་མྱོང་བར་མ་ཟད། བླ་མ་ཁོང་གི་རྣམ་ཐར་དང་ལོ་རྒྱུས་མང་པོ་ང་ལ་བཤད་མྱོང་། དེའང་བླ་མ་ཁོང་ནི་བྱི་བ་ལོ་པ་ཡིན་པ་དང་། སྤྱི་ལོ༡༩༦༤ལོར་སྐུ་གཤེགས་པ། སྐུ་གཤེགས་དུས་དགུང་ལོ་དྲུག་ཅུ་རེ་བདུན་ཡིན་པས། ཁོང་གི་འཁྲུངས་ལོའང་རབ་བྱུང་བཅོ་ལྔ་པའི་ས་བྱི་ལོ་སྟེ་སྤྱི་ལོ༡༨༨༨ལོར་སྐུ་འཁྲུངས་དགོས་སྙམ། འཁྲུངས་ཡུལ་ནི་མངའ་རིས་ལ་དོལ་འབྲོག་གློ་གསུམ་ཡོད་པ་ལས་གློ་སྟོད་ཕྱོགས་སྟེ། སྔོན་ཆད་ཞང་ཞུང་གི་ཁོངས་སུ་གཏོགས། ད་ལྟ་ཡིན་ན་བལ་པོའི་མངའ་ཁོངས་ན་ཡོད། འཁྲུངས་ཡུལ་གྱི་གྲོང་བའི་མཚན་ལ་ཐང་པོ་ཁོག་དང་། ཡབ་ལ་ཡང་སྟོན་གཙུག་ཕུད་རྒྱལ་མཚན་ཟེར། ཡུམ་གྱི་མཚན་མི་གསལ།
ཁོང་ཆུང་དུས་ཕ་ཡབ་གཙུག་ཕུད་རྒྱལ་མཚན་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོ་ག་ཕྱག་ལེན་སུམ་རྟགས་དག་གསུམ་སོགས་བོད་ཡིག་ཀློག་འདོན་དང་བརྡ་སྤྲོད་བཅས་ལ་སློབ་སྦྱང་བྱས། དགུང་ལོ་བཅུ་དྲུག་ཐོག་ཏུ་ཕ་ཡུལ་དང་ཁ་བྲལ་ནས་སྟོད་གངས་རི་ལ་གནས་སྐོར་ཕྱིན། དེ་ནས་བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་རུ་ལག་གཡུང་དྲུང་གླིང་དུ་ཕེབས་ནས་ལོ་གསུམ་གྲྭ་སར་བཞུགས་ཤིང་། མཉམ་མེད་བླ་མའི་འཕྲུལ་སྒྲོན་རྣམ་ལྔ་དང་ཡར་མེ་བའི་བཀའ་རྟེན་སྡེ་ལྔ་སོགས་ལ་སློབ་སྦྱང་གཟབ་ནན་མཛད། དེ་རྗེས་རྗེ་མཉམ་མེད་ཆེན་པོའི་གདན་ས་སྨན་རི་ཐོ་བརྒྱ་གླིང་དུ་ཕྱིན་ནས་མདོ་སྔགས་རིག་གནས་མང་པོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། རབ་ཏུ་བྱུང་བའི་མཚན་ལ་བསྟན་འཛིན་རྒྱལ་མཚན་ཞེས་བཏགས།
དེ་ནས་ཆབ་མདོ་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་ཁྱུང་པོ་སྟེང་ཆེན་རྫོང་གཡུང་དྲུང་དཔལ་རིར་ཕེབས་ཏེ་ཁྱུང་པོ་བཟོད་པ་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་ཀ་མང་པོ་ཞུས། དེ་དུས་ཀྱི་ཁྲིད་ལུང་ཕལ་ཆེ་བ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་ཡིན་པས། ཤར་རྫ་བའི་མཚན་སྙན་རྣ་ལམ་དུ་ཐོས་པར་མ་ཟད་ཁོང་ལ་བཅོས་མིན་གྱི་དད་པ་ཤུགས་དྲག་པོ་སྐྱེས་ནས་ཤར་རྫ་གཡུང་དྲུང་ལྷུན་པོའི་སྒྲུབ་གནས་སུ་ཕེབས། ད་ལྟ་ཡིན་ན་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་ཁོག་ཤང་སྟེང་ཆེན་དགོན་པའི་ཡོད་སའི་རི་རྐེད་ན་ཡོད། ཡུལ་དེར་ཕེབས་ནས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རྩ་བའི་བླ་མར་བསྟེན་ཞིང་། ལོ་གསུམ་ཙམ་གྱི་རིང་ལ་ཁོང་གི་གསུང་འབུམ་ཆ་ཚང་གི་ཁྲིད་ལུང་དབང་གསུམ་རྒྱས་པ་ཞུས། ཀུན་མཁྱེན་ཤར་རྫ་བའི་ཐུགས་ཟིན་གྱི་སློབ་མར་གྱུར། ཤར་རྫའི་ཡུལ་དུ་སློབ་གཉེར་བྱེད་སྐབས། ཉག་རོང་གི་བླ་མ་དབྲ་སྟོན་སུ་ལ་རྒྱལ་མཚན་དང་གུང་རྒྱལ་ཚེ་དབང་འགྱུར་མེད། དབལ་ཁྱུང་བསྟན་གཉིས་གསང་སྔགས་གླིང་པ་སོགས་མཚན་སྙན་རྣར་ཐོས་པ་དང་། རྒྱུད་ལ་བཅོས་མིན་གྱི་དད་པ་སྐྱེས་ནས། ཁམས་ཉག་རོང་ཕྱོགས་སུ་ཕེབས་པའི་འདུན་པ་སྐྱེས།
དེ་ནས་ཁོང་རྐང་ཐང་སྟོད་རྫ་ཁོག་ནས་ཉག་རོང་ཉག་ཨ་འཛུ་ལུང་དུ་ཕེབས་ནས་ཀུན་མཁྱེན་ཤར་རྫ་བའི་ཐུགས་ཟིན་གྱི་སློབ་མ་བྱ་བཏང་ཚེ་དབང་འགྱུར་མེད་དང་དབྲ་སྟོན་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན། ཉག་གཏེར་གསང་སྔགས་གླིང་པ་སོགས་ཀྱི་ཞལ་མཇལ་གསུང་ཐོས། དེ་དག་གི་མདུན་ནས་མདོ་སྔགས་རིག་གནས་མང་པོ་གསན་བསམ་མཛད། དེ་དུས་ཉག་རོང་ཡེ་ཤེས་དགོན་དང་གུང་རྒྱལ་དགོན། དབལ་ཁྱུང་དགོན། རྒྱལ་ཞིག་དགོན་སོགས་ཀྱིས་ད་དུང་དགེ་བཤེས་ནང་སོ་ལུགས་ཀྱི་སྲོལ་མ་ཉམས་དར་སྤེལ་གཏོང་གི་ཡོད་པར་བརྟེན། བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན་ཡང་དགེ་བཤེས་གཡུང་དྲུང་ཡེ་ཤེས་དགེ་བཤེས་དང་གཡུང་དྲུང་བསྟན་འཛིན་གྱི་གདན་ས་གཏོ་ལུང་ཡང་དབེན་དང་གཏོ་ལུང་ས་སྔོན། བཀྲ་ཤིས་སྨིན་གྲོལ་ཁྲོད་སོགས་མཇལ་བའི་འདུན་པ་དྲག་པོ་ཐུགས་ལ་འཁྲུངས། ཁམས་ཉག་རོང་ནས་གཞི་རིང་ལུང་པར་ཕེབས་ཤིང་དགེ་བཤེས་ཚང་གི་གདན་ས་གཞི་རིང་དགོན་བཀྲ་ཤིས་སྨིན་གླིང་དུ་ཉིན་ཤས་བཞུགས། དེ་དུས་གཞིང་རིང་གི་དགོན་མཐའ་ན་ཡོད་པའི་དགེ་བསྙེན་འགའ་རེས་བླ་མ་འདིས་གོས་ཧྲུལ་པོ་གྱོན་ལུགས་དང་། ལུས་པོ་གཙང་སྦྲ་འཕྲོད་བརྟེན་མེད་པས། མཛེ་བོ་ཞིག་ཡིན་ལེ་ཆེ་ཞེས་ངན་སྨྲས་བྱས་མྱོང་།
གཞི་རིང་དགོན་དུ་ཉི་མ་ཁ་ཤས་བཞུགས་ནས། ཡུལ་དེར་ཡོད་ཀྱི་གནས་རི་སྒྲུབ་ཕུགས་སོགས་མཇལ་ཞིང་དབང་ལུང་ཁྲིད་ཁ་ཆ་ཤས་ཞུས་ནས་ཤར་རྒྱ་ནག་གླང་ཆེན་དུ་ཕེབས། དེའང་བོན་གྱི་གཞུང་ལུགས་དག་ལས། རྒྱ་ནག་གླིང་ཆེན་ནི་བོན་སྐུ་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཡིན་པས། བོན་གྱི་བླ་མང་པོ་དེར་ཕེབས་ནས་སྒྲུབ་མཚམས་བཞུགས་པའི་སྲོལ་ཡོད། དེར་བརྟེན་ཁོང་ཡང་གནས་དེར་ཕེབས་ནས་དྲན་པ་ཡབ་སྲས་གཅིག་དྲིལ་གྱི་སྒྲུབ་མཚམས་ཞག་བརྒྱ་བཞུགས་ནས། སི་ཁྲོན་གཡག་རྔ་དང་བོན་གཤེན། ཧྲི་མྱན་སོགས་སུ་ཡོད་པའི་བོན་དགོན་ཁ་ཅིག་མཇལ་ནས་རྒྱལ་རོང་ཕྱོགས་སུ་སྐྱོད། རྒྱལ་རོང་ཆུ་ཆེན་དང་བཙན་ལྷ། རོང་བྲག་གི་བོན་དགོན་དང་གནས་རི་གལ་ཆེན་རྣམས་ལ་མཇལ་སྐོར་མཛད་ནས། སླར་དར་མདོ་དང་རྟའུ་བརྒྱུད་ནས་བྲག་འགོ་ཕྱོགས་སུ་བྱོན། མ་གཞི་ཁོང་ཧོར་ཁོག་བརྒྱུད་ནས་རྫ་ཁོག་ལ་འགྲོ་བའི་འཆར་གཞི་ཡོད་ནའང་། ད་ལྟ་གཞི་མདའ་ཤང་སྲིད་གཞུང་ཡོད་སར་སླེབས་དུས། ཧོར་ཁོག་ལུང་པ་ན་ཐོག་འབྲུག་ཀློག་གསུམ་གྱི་གནམ་ས་གོ་ལྡོག དྲག་རླུང་དང་དྲག་ཆར་ནང་ཡར་འགྲོ་མ་ཐུབ། དེ་དུས་གཞི་རིང་ལུང་པར་ཆར་ཟིམ་བུ་འབབས་ཤིང་འཇའ་ཡང་ཤར་ཡོད་པས། ཁོང་གི་སྣང་བ་བསྒྱུར་ནས་ཕྲལ་མར་གཞི་རིང་དགོན་དུ་ཕེབས།
དེའང་ཁོང་སྔོན་ཆད་ཕ་ཡུལ་ན་བཞུགས་དུས། གེ་ཁོད་དང་མེ་རིའི་སྒྲུབ་མཚམས་མང་པོ་བཞུགས་མྱོང་བར་མ་ཟད། གེ་ཁོད་ཀྱི་ཛྭ་དམར་ཡང་སྐོས་མྱོང་ཡོད། སྤྱིར་བལ་པོ་གློ་ཡུལ་གྱི་བླ་མ་རྣམས་གེ་ཁོད་དང་མེ་རིའི་ཛྭ་དམར་ལ་རང་དབང་ཐོབ་པ་ནི། དུས་རབས་བརྒྱད་པའི་སྐབས་སྣང་བཞེར་ལོད་པོས་བོད་རྒྱལ་ཐོག་ཏུ་འཕང་བའི་གསེར་ཛྭའི་གཏམ་རྒྱུད་ཡོད་པས་ཀྱང་རོབ་ཙམ་ཤེས་ཐུབ། ཁྱད་པར་བླ་མ་ཁོང་ནི་བལ་ཡུལ་ཡང་སྟོན་ཚང་གི་གདུང་ལས་འཁྲུངས་ཤིང་། གེ་ཁོད་ཛྭ་དམར་ནི་ཁོ་ཚང་གི་ཡི་དམ་ཡིན་པས། ཛྭ་དམར་སྐོས་པ་ལ་གྲུབ་པ་ཐོབ་ཡོད་པ་སྨོས་མ་དགོས། ཁོང་གཞི་རིང་ཁོག་ཏུ་ཕེབས་དུས་ཡུལ་དེ་ན་ནད་པ་ཚབ་ཆེན་ཞིག་ཡོད་པ་ལ། བླ་མས་ཛྭ་སྐོས་ནས་ནད་པ་ནད་ལས་གྲགས་ཐུབ་པ་བྱུང་།
དེའང་ཛྭ་དམར་ཞེས་པ་ནི་མེ་ལ་བརྟེན་ནས་བསྒྲུབ་དགོས་པའི་སྒྲུབ་གཞུང་གལ་ཆེན་ཞིག་ཡིན། དཔེར་ན་རྡོ་དཀར་པོ་མེ་ལ་བསྲེགས་ནས་དམར་པོར་གྱུར་པའི་སྟེང་དུ་ནད་པ་རྐོང་རྗེན་བུད་ནས་འགྲོར་བཅུག་པ་དང་། རྩིབ་པས་སྐུད་པ་བཟོས་ནས་མེར་བསྲེགས་པའི་སྟ་རེ་ནང་དུ་བརྒྱུད་ནས་ནད་པའི་མགོ་ཐོག་ཏུ་བཞག་པ་དང་། མེར་བསྲེགས་པའི་རྡོ་དཀར་པོ་ཉིད་ལག་པས་བཟུང་ནས་ནད་པའི་མགོ་ཐོག་ལ་ཐེང་གསུམ་རེ་གཡུག་ནས་སླར་སླ་ངར་འཕེན་པ་སོགས་ཆོ་ཀ་མང་པོ་ཡོད། བླ་མས་ཛྭ་དམར་སྐོས་པ་ནས་ཡུལ་མི་ཚང་མས་ཡིད་ཆེ་བརྟན་པོར་ཐོབ་ནས། དགོན་པའི་བསྟན་བདག་ཏུ་མངའ་གསོལ།
སྤྱིར་བླ་མ་ཁོང་ནི་རྫོགས་ཆེན་གྱི་རྣལ་འབྱོར་བ་ཞིག་ཡིན་པས་དགོན་བདག་བྱེད་པ་ལ་དགའ་བོ་མེད་ནའང་། ཡུལ་མི་ཚང་མས་རེ་བ་ནན་མོ་བྱས་པས་གནས་སྐབས་དགོན་བདག་བྱེད་པར་ཁས་བླངས། ཞལ་ནས་ད་ང་དགོན་བདག་བྱེད་དགོས་ན། དགོན་པ་འདི་ས་སྤར་དགོས་ཞེས་རེ་བ་བཏོན། བཤད་སྲོལ་ལ་བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན་གྱི་སྐུ་གོང་མ་འཆི་མེད་གྲུབ་དབང་སྤྲུལ་སྐུ་ཡིན། ཁོང་ཞལ་བཞུགས་དུས་ཡུལ་དེའི་མགོན་དཔོན་མི་ནུབ་ཚང་དང་བླ་བྲང་ཁ་ལུང་བ་ཁག་གཉིས་དང་འགལ་ནས་ས་མཐར་འགྲོ་དགོས་བྱུང་། འགྲོ་ཁར་དགོན་རྙིང་སྒྲུབ་ཆུ་ཡོད་སར་བྱོན་ནས་གཟན་མཐུ་སྐྲུག་ཅིང་མི་ནུབ་དཔོན་དང་ཁ་ལུང་ཁག་གཉིས་ཁང་ཐོག་འཇག་མས་གླུ་ལེན། ཁང་ཞབས་ཀ་བས་བྲོ་བརྡུང་དུས་ང་ཕྱིར་འོང་། དེ་དུས་དགོན་པ་འདིའང་ཡུལ་གྲུ་གཞན་དུ་ས་སྤོར་དགོས་ཞེས་གསུང་མྱོང་། དགོན་པས་གྲྭ་རྒན་ཚོས་ཞལ་ནས། བླ་མ་འདི་བ་ནི་འཆི་མེད་གྲུབ་དབང་གི་ལུང་བསྟན་དང་མཐུན་པས། དགོན་པ་སྤོར་རྒྱུ་གྲོས་འཆམ་བྱུང་།
དགོན་པ་སྤོར་བའི་ས་ལ་དང་པོ་ཁྲ་ཆ་ན་སྤོར་དགོས་ཟེར། དེ་ནས་ས་མར་ཡུལ་ལི་དགེ་ཆ་ཟེར་ས་སྤོར་དགོས་ཟེར། མཐར་དགོན་གསར་དགོན་པ་ཡོད་ས་ན་སྤོར་བའི་གྲོས་འཆམ་བྱུང་། དེའང་ད་ལྟ་གཞི་རིང་ལུང་པ་ན་གཞི་རིང་རུ་ཁག་དང་དགོན་སར་རུ་ཁག་སྟེ་ཏྭ་དེའུ་གཉིས་ཡོད། དགོན་སར་རུ་ཁག་ནི་དགོན་སར་དགོན་པའི་མཚན་རང་སོར་བཞག་པ་ཞིག་ཡིན། དགོན་པ་ས་སྤོར་བའི་དུས་སྤྱི་ལོ༡༩༣༧ལོ་ཡིན། དེ་དུས་ང་ཡི་དགེ་རྒན་མགོན་པོ་དོན་འགྲུབ་དགུང་ལོ་བཅུ་བཞི་ཡིན་ཟེར། བླ་མ་ཡང་སྟོན་གྱིས་དགོན་པ་བཞེངས་པའི་ཆ་རྐྱེན་ལ་ཨ་མདོ་རྔ་བ་དང་ཟོང་ཆུ། དབལ་ཤུལ་རྨེའུ་བ། རྒྱལ་རོང་དང་ཉག་རོང་སོགས་སུ་གདུལ་བྱ་ལ་ཕེབས། དབལ་ཤུལ་རྨེའུ་བ་ན་ཕེབས་དུས་རྙིང་མའི་བླ་མ་གྲགས་ཅན་མཁན་ཆེན་ཚེ་དབང་རིག་འཛིན་དང་ཞལ་མཇལ། ཕན་ཚུན་གུས་ལུགས་ཡོད་པའི་སྒོ་ནས་དབང་ལུང་ཁྲིད་ཁ་སོགས་ཞུ་རེ་བྱས། དེ་ནས་རྔ་བ་རྟོགས་ལྡན་དགོན་ཏུ་ཕེབས་ནས། རྟོགས་ལྡན་ཁྲི་བ་རིན་པོ་ཆེ་དང་ཚུལ་ཆེན་རིན་པོ་ཆེ། བཟོད་པ་རྒྱལ་མཚན་གཙོས་པའི་བླ་གྲྭ་ཉིས་བརྒྱ་ལྔ་བཅུ་ལྷག་ལ་གཙང་གཙུག་གི་སྡོམ་པ་དང་དྲི་མེད་གཟི་བརྗིད་ཀྱི་ལུང་སོགས་གནང་། དེ་ནས་རྔ་བ་ཟོང་ཆུ་དང་རྒྱལ་རོང་སོགས་སུ་ཕེབས་ནས་བླ་མ་མང་པོ་ཞལ་མཇལ། ཕན་ཚུན་དབང་ལུང་ཁྲིད་ཀ་སོགས་ཞུ་རེ་བྱས། ཁྱད་པར་དུ་རྙིང་མའི་བླ་མ་མ་ནི་བླ་མ་པདྨ་སི་དྷི་དང་བླ་སློབ་ཀྱི་འབྲེལ་བ་ཆགས་ཤིང་། ཕན་ཚུན་དབང་ལུང་ཁྲིད་ཀ་གནང་རེ་བྱས། མ་ནི་བླ་མས་ཀྱང་སྟོད་གངས་རི་སྤྲུལ་སྐུ་ཕེབས་སོ་ཟེར་ནས་ཁྲོམ་ཚོགས་ནས་ཡར་བཞེངས་ཤིང་ཕྱག་འཚལ་མྱོང་།
བླ་མ་ཁོང་ནི་རྒྱུ་ནོར་ལོངས་སྤྱོད་གང་ལོན་དགོན་པ་གཞན་དང་སྤྲང་པོ་དག་ལ་སྦྱིན་པ་གཏོང་བ་ལས། ཁོ་རང་ལ་རྒྱུ་ནོར་བསགས་པའི་བསམ་བློ་གཏན་ནས་མེད་ས་ཞིག་ཡིན་ས་རེད། དེའི་རྐྱེན་གྱིས་མཉམ་དུ་འགྲོགས་པའི་གྲྭ་པ་ཚོ་དང་ཁ་རྩོད་མང་པོ་ཐུག་པར་བཤད། གྲྭ་པ་ཚོའི་སེམས་ལ་ང་ཚོ་ཚང་མ་སློང་མོ་བྱེད་དུ་འོང་བ་རེད། ས་གར་སོང་ཟེར་འབཝདི་སོང་། གནས་ཅི་མཇལ་ཟེར་ན་འདི་མཇལ་ཟེར་རྒྱུ་ཞིག་དགོས་རེད། སླང་ཟས་ལོན་ཚད་གཞན་ལ་སྦྱིན་ན། རང་དགོན་གྱི་གྲྭ་ཚང་ལ་ག་འདྲ་བཤད་དགོས་ཞེས་ལབ། དེ་དུས་བླ་མས་ཞལ་ནས། ང་ནི་སྤྲུལ་སྐུ་ཡིན་མིན་མི་ཤེས། གང་ལྟར་ཤི་བོ་མང་པོའི་མགོ་སྙས་ལ་སོང་ནས་འཕོ་བ་འདེབས་ཡོད། དད་ཟས་ཀྱང་བླངས་ཡོད། ཁྱེད་རྣམ་པས་ཤི་བོ་དེ་དག་ལ་ཕན་ཐོགས་པའི་གདིང་ཚོད་ཡོད་ན་ཁྱོད་རང་ཚོས་ཟོས། ངས་ནི་ཚང་མ་ཕན་ཐོགས་ཡོད་ཅེས་བཤད་མི་ཕོད་ཟེར་ནས་མ་བླངས། རྗེས་མ་འགྲོགས་ཡུན་རིང་པ་དང་ཞབས་ཕྱི་བ་ཚོ་སེམས་གཏིང་ནས་ཁོ་ལ་དད་པ་སྐྱེས་ཤིང་ཁོ་རང་ལ་གང་དགའ་བྱེད་དུ་བཅུག
སྤྱི་ལོ༡༩༣༦ལོ་དམར་དམག་སྤྱི་རི་བརྒལ་ནས་གཞི་རིང་ལུང་པར་ཕེབས་སྐབས། མཁར་གསར་སངས་ལོ་དང་རོ་ཧེ་ཡེ་ཤེས་རྡོ་རྗེ་གཉིས་བརྒྱུད་ནས་དམར་དམག་ལ་འབྲེལ་བ་བྱས། དེ་དུས་དམར་དམག་སྡོད་ས་གཙོ་གཞི་རིང་བ་ནང་མདའ་དཔོན་ཚང་ཡིན། བླ་མ་ཡང་སྟོན་མཆོག་གིས་གཞི་རིང་དགོན་པའི་སྤྱི་་གཉེར་བ་བླ་མ་སྐལ་བཟང་བཀྲ་ཤིས་ཐུགས་བཀོད་མཛད་ནས། དམར་དམག་ལ་འབྲུ་ནས་དང་ཤ་རྩམ་ཡང་མ་ཞོ་ཁོག་སོགས་ཀྱིས་ཞབས་ཕྱི་མི་ཉུང་ཞུས། དམར་དམག་གི་ཡིད་ཆེ་སའི་བླ་མར་ཆགས།
མདོར་ན་ཁོང་གིས་ཡུལ་གྲུ་དུ་མར་ཕེབས་ནས་བསྟན་འགྲོ་དོན་ཆེན་མཛད། མགར་གྲོང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་དང་ཁ་ལུང་སྤྲུལ་སྐུ་བསྐལ་བཟང་གྲགས་པ། བླ་མ་ནམ་མཁའ་འོད་ཟེར། བླ་མ་འཇམ་དཔལ་རྒྱ་མཚོ་སོགས་ངོས་འཛིན་མཛད་ནས་མི་སྣ་མང་པོ་གསོ་སྐྱོང་བྱས་ཤིང་བསྟན་པ་ལ་ཞབས་འདེགས་ཞུས། གཞི་རིང་དགོན་པ་ས་སྤོར་ནས་དགོན་སར་དགོན་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་བྱས། སྤྱི་ལོ༡༩༥༨ལོ་ལ་བླ་མ་ཡང་སྟོན་ཚང་ཡང་བྲག་འགོའི་རྫོང་ཐོག་ཏུ་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཅུས་སློབ་སྦྱང་ལ་ཕེབས། དེ་ནས་དུས་དབང་གིས་ཁྲིམས་ཁང་ནང་དུ་ལོ་གཅིག་ཙམ་བཞུགས་དགོས་ཐུག དེ་དུས་ཡུལ་དེའི་མི་རྣམས་ཀྱིས་ཞལ་ནས། གཞི་རིང་དགོན་པའི་བསྟན་བདག་བླ་མ་ཁ་ལུང་བ་ཡིན། ཡུལ་དཔོན་དབལ་དྲེ་ཚང་ཡིན། བླ་མ་འདི་ལ་དབང་ཆ་ཆེན་པོ་ཡོད་མ་རེད་ཟེར། དེའི་རྐྱེན་གྱིས་རྫོང་ཁྲིམས་ཁང་ནས་ཕྱིར་བུད་དེ་བྲག་འགོ་རྫོང་སྲིབ་མོ་ཤང་སྤོ་ཕྲོ་གྲོང་བའི་ཟོག་རྫི་བྱས། སྤྱི་ལོ༡༩༦༤ལོར་སྤོ་ཕྲོ་གྲོང་བར་སྐུ་གཤེགས་ནས། དད་ལྡན་ཚོས་ཁོང་གི་སྐུ་གདུང་དེ་ཁོད་སྤོ་བློ་གྲོས་ཐོགས་མེད་གདུང་བཞུ་ས་རྒྱས་བཟང་སྐུ་འབུམ་སྒང་དུ་མེ་ལ་བསྲེགས། སྐུ་གཤེགས་ནས་༢༠༢༢ལོའི་བར་མི་ལོ༥༨སོང་ཡོད། ཁོང་གི་སློབ་མའང་རྒྱ་སྤྲུལ་འཆི་མེད་དང་རྒྱ་སྤྲུལ་ཚེ་དབང་མགོན་པོ། བླ་མ་ནམ་མཁའ་འོད་ཟེར། མགར་གྲོང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ། སྤྲུལ་སྐུ་རིག་འཛིན་རྣམ་རྒྱལ། དགའ་ལྡན་ཁྲི་བའི་ཡང་སྤྲུལ་སྐུ་བཞེངས་བྱམས་པ་ཆོས་གྲགས། ས་མགོ་ནོར་བུ་དྲི་མེད། རྫ་བླ་བསྐལ་བཟང་བློ་གྲོས་སོགས་ཤིན་ཏུ་མང་།