སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་དྲི་མེད་གཟི་བརྗིད་ཀྱི་དཀར་ཆག
[ཟླ་ཚེས། 2015-01-23 15:49:34][རྩོམ་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅།། མཁས་དབང་དམ་པ་དཔལ་ལྡན་ཚུལ་ཁྲིམས་མཆོག་གིས་མཛད་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་
དྲི་མེད་གཟི་བརྗིད་ཀྱི་དཀར་ཆག་བཅས་བཞུགས་སོ།།
༼སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར།༽
༄༅།། ༸རྣམ་མང་རྐང་འཐུང་འཁྲིག་པའི་ཚལ་གསེབ་ནས། དཔག་བསམ་ལྗོན་ལྟར་ཆེས་འཕགས་ཕུན་ཚོགས་ཅན། རྣམ་འདྲེན་སྟོན་མཆོག་གཤེན་རབ་མཆོག་དེ་ཡི། ཞབས་བཏུད་བྱང་ཆེན་བར་དུ་འབྲལ་མེད་བགྱིད། ༸གསེར་གྱི་མངལ་ཅན་བྷི་ནུ་མགྲིན་སྔོན་པ། ལྷ་ཀླུའི་དབང་པོ་མི་མགོན་གནོད་སྦྱིན་སོགས། སྲིད་གསུམ་ཆེ་རྒུའི་གཙུག་གིས་ཞབས་བསྙེན་པའི། རྒྱལ་སྲས་བྱང་སེམས་ཚོགས་ལ་དད་པས་བསྟོད། ༸སྲས་བཅས་རྒྱལ་བའི་གསང་གསུམ་བཀོད་པ་ཆེ། འཕྲུལ་ངག་ལམ་ནས་འགྲོ་ལ་གསལ་སྟོན་པའི། ཟབ་མོའི་སྙན་བརྒྱུད་མཛོད་འཆང་སྤྲུལ་པའི་སྐུ། བློ་ལྡན་སྙིང་པོའི་བཀའ་དྲིན་རྗེས་སུ་དྲན། ༸གངས་རི་ཅན་ན་གཤེན་གྱི་རྒྱལ་ཚབ་ཆེ། མདོ་སྔགས་སེམས་ཀྱི་བོན་བདག་རྗེ་བླ་མ། མཉམ་མེད་རྒྱལ་བ་བརྒྱུད་པར་བཅས་པ་ཡི། རྣམ་ཐར་སྙིང་དབུས་འཆང་ནས་གུས་བཏུད་དེ། ༸མི་མཇེད་ཞིང་གི་སྟོན་མཆོག་གཤེན་རབ་ཆེའི། མཐའ་ཀླས་མཛད་རྣམ་མདོ་རྒྱུད་བསམ་འདས་ལས། མཛད་པ་དྲུག་ཅུའམ་བརྒྱ་རྩའི་དོན་ཚང་བ། དྲི་མེད་གཟི་བརྗིད་གསུང་རབ་རྨད་བྱུང་མཆོག འདི་ཉིད་བསྟན་པའི་ཉག་མཚམས་རྒུད་གསོའི་ཕྱིར། མཁན་ཆེན་སངས་བསྟན་བསྟན་རྣམ་བསོད་རྒྱན་བཅས། ཐུགས་བསྐྱེད་རྒྱ་ཆེན་སྐུ་ཚེག་འཁུར་བཞེས་ཀྱིས། གཙོར་མཛད་བོན་ཚོགས་སེར་སྐྱས་འཕྲུལ་དཔར་དྲངས། དེ་དོན་དཀར་ཆག་འཕྲོས་གླེང་མདོར་བསྡུས་ཤིག བྲིས་ཞེས་གོང་མས་བཀའ་སྩལ་མ་ལྡོག་ཙམ། རྒན་བུས་ངལ་སྤངས་བཀོད་པས་གསུང་རབ་འདིར། གཟིགས་ཉུང་གསར་རྣམ་འཇུག་པ་བདེ་ཕྱིར་ལགས། ༸དེ་ལ་སྟོང་གསུམ་མི་མཇེད་ཞིང་ཁམས་ཞེས། ཚངས་པའི་འཇིག་རྟེན་མན་གྱི་བཀོད་པ་བྱེ་བ་ཕྲག་བརྒྱ་ཐམ་པ་ཚང་བའི་སྤྲུལ་སྐུའི་ཞིང་ཁམས་ཆེན་པོ་འདི་ཉིད་འདུལ་མཛད་རྩོད་ལྡན་ཚེ་ལོ་བརྒྱ་བའི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་ཀྱི་མཛད་པའི་རྣམ་ཐར་མདོ་རྒྱུད་དྲི་མེད་གཟི་བརྗིད་འདི་ཉིད་དེང་གི་དུས་སྐབས་སུ། རང་ཅག་སྐལ་པ་དང་ལྡན་པ་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་འཐོབ་པ་འདི་ཁུང་ཚུལ་ཇི་ལྟར་ཞིག་འགྱུར་སྙམ་ན་འདི་ལྟ་སྟེ། སྔོན་གྱི་ཚེ་ལྷ་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། སྟོན་པ་གཤེན་རབ་མི་བོ་གསུམ་གྱི་བསྟན་པ་ལ། སྟོན་པ་སྐུ་ཡིས་འགྲོ་བ་འདུལ་བའི་དུས་གཤེན་རབ་རྫོགས་པའི་སངས་རྒྱས་ཀྱིས་སྟག་གཟིག་གི་ཡུལ་འོལ་མོ་གླིང་ཆེན་གྱི་དབུས། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། གཤེན་གྱི་རྒྱལ་ས་རིན་པོ་ཆེའི་གྲོང་ཁྱེར་དང་། ཕོ་བྲང་ཆེན་པོ་བརྒྱད་སོགས་སུ། འཁོར་མཚན་ལྡན་ཁྱེའུ་བཞི་དང་གཞན་ཡང་གཡུང་དྲུང་སེམས་དཔའི་ཚོགས་ལ་གསུངས། སྟོན་པ་མྱ་ངན་ལས་འདས་པའི་རྗེས་འ་ཞ་གསང་བ་མདོ་སྡུད་སོགས་སྤྲུལ་འཁོར་བཅུ་གསུམ་གྱིས་བཀའ་བསྡུ་མཛད། ༸དེ་རྗེས་གསུང་གི་བསྟན་པའི་ཐོག་མར་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་བོན་འཁོར་བསྐོར་ཏེ། སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ་ལ་བརྒྱུད། དེས་ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་རྩ་ལ་བརྒྱུད། དེས་སུམ་པའི་མཁས་པ་ཧུ་ལི་སྤར་ཡ་ལ་བརྒྱུད། གཤེན་པོ་དེ་གསུམ་སྟག་གཟིག་ཏུ་བཞུགས་ཤིང་ཚེ་ལ་གྲུབ་པ་བསྙེམས་པས་ལོ་བརྒྱ་སྟོང་ཕྲག་མང་པོའི་བར་དུ་འཆད་ཉན་མཛད་དེ་ཞིང་དེར་དར། དེའི་རྗེས་ད་སྐབས་ནས་སྔོན་འདས་ལོ་སྟོང་ཕྲག་གསུམ་གྱི་ཁོང་ལོ་ཙ་བ་གཡུང་དྲུང་བློ་གསལ་དང་གཤེན་དྲན་པ་ནམ་མཁའ་གཉིས་ཀྱིས་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་རྗེས་སྟང་ཆེན་དམུ་ཚ་གྱེར་མེད་སོགས་ཀྱིས་ཞུས་ཏེ་ལོ་བརྒྱ་སྟོང་དུ་མར་ཞང་བོད་དུ་དར། བར་སྐབས་ཞང་བོད་དུ་བོན་བསྟན་དར་ནུབ་གྱུར་ཏེ་ལོ་བརྒྱ་ཕྲག་ཁ་ཤས་ལ་བསྟན་པ་མ་གྲགས། ༸དེ་ནས་ད་སྔོན་གྱི་སྐབས་སྤྱི་ལོ་༡༣༧༠སྐོར་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་རྒྱལ་སྲས་འཕགས་པ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་དེ་གསུང་རབ་དཔེ་རུ་ཕབས། ༸སྤྲུལ་པའི་སྐུ་མཆོག་དེའི་རྣམ་ཐར་ངག་རྒྱུན་བསྡུས་པ་ལ། ཡིན་ཚུལ་ལ་དབང་ཚོགས་དང་ངོ་བོ་མཉམ། སྣང་བར་བཀའ་དྲིན་དེ་ལས་ཆེས་ལྷག་པ། ཤར་བའི་རྣམ་འགྱུར་མཛད་པ་ཅིར་ཡང་ངོམས། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ༸གང་ཞིག་རྟོགས་ཏེ་ཡི་རང་བྱས་ཙམ་གྱིས། བསམ་མི་ཁྱབ་པའི་བསོད་ནམས་ཉེར་སྡུད་པ། ཁྱབ་བདག་བླ་མའི་རྣམ་ཐར་ཡིན་མཐོང་སྟེ། དེ་ཕྱིར་ཐོས་ཚོགས་བསྡུ་ལ་འཇུག་པ་སྤྲོ། ༸ཁྱད་པར་སྐབས་འདིར་བདག་ཅག་སྟོན་པ་ཡི། རྒྱས་པའི་རྣམ་ཐར་སྲིད་འདིར་འགྲེམ་པའི་ལས། རྒྱ་ཆེར་བྱེད་པོའི་ལོ་རྒྱུས་མ་རྟོགས་ཚེ། སྐྱེངས་པའི་ནོངས་པ་འབྱུང་བརའང་དོགས་ཏེ་བྲིས། ༸དེ་ལ་འདིར་སྙིགས་དུས་ཀྱི་འགྲོ་བ་འདྲེན་པའི་ཆེད་དུ་རྒྱལ་བ་སྲས་བཅས་གང་དག་གི་མི་ཡི་ཆ་ལུགས་བཟུང་སྟེ་ཕན་པ་དང་བདེ་བ་མ་ལུས་འབྱུང་བའི་གཞི་རྩ་རྒྱལ་བསྟན་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བྱེད་པོ་རྣམས་དང་། ཁྱད་པར་དུ་དེ་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་བྱེད་པའི་སྐྱེས་བུ་སྤྱི་དང་ལྷག་པར་དུ་རྣམ་འདྲེན་ཐོད་དཀར་སྲས་པོའི་གསུང་རབ་ཀྱི་སྙིང་པོ་འདུས་པ་རིན་པོ་ཆེའི་རྒྱུད་འདི་ཉིད་འཛམ་གླིང་ས་ཡི་ལྟེ་འབུར་གངས་ཀྱི་ར་བས་བསྐོར་བའི་ལྗོངས་སུ། མདོག་དབྱིབས་གཟུགས་ཚད་མི་མཐུན་པ་དུ་མའི་རི་བོ་དང་། རི་ཕྲན་རྣམས་ལྟད་མོ་ལ་གཟིངས་པ་ལྟ་བུའི་ཡུལ་དུ་སྤེལ་བའི་འཕྲིན་ལས་ཅན་མཚན་བརྗོད་པར་དཀའ་ཞིང་། བརྗོད་དེ་ཐོས་ནའང་དོན་ཡོད་པ། གསང་མཚན་དུ་བློ་ལྡན་སྙིང་པོ་ཞུ་བ་འདི་པའི་རྣམ་ཐར་མཇལ་སྣང་སོགས་ཟབ་ཅིང་རྒྱས་པ་བསྐལ་པ་རྫོགས་ལྡན་ལ་འགྲན་པའི་བོད་ཡུལ་དེ་ཉིད་ལས་སྤྱོད་རྣམ་པར་དཀར་བ་རང་དབང་དུ་བྱས་ཚེ་དར་ཞིང་རྒྱས་པ་ཡོད་ཀྱང་། ད་ལྟ་དུས་ཀྱི་མཐར་ཉེ་བའི་བརྡ་མཚན་མངོན་སུམ་དུ་བྱུང་སྟེ་གོང་དག་མཇལ་བའི་བསྐལ་དམན་རྣམས་ཀྱི་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་བསགས་པའི་ཆེད་དུ་བསྟན་འཛིན་གྱི་སྐྱེས་བུ་རྒྱལ་བསྟན་གསལ་བའི་སྒྲོན་མེ་དེའི་རྣམ་ཐར་ཡིད་ཡུལ་དུ་ཇི་གནས་ཕྱོགས་གཅིག་བསྡུ་བ་ལ། དོན་གྱི་རྣལ་འབྱོར་བརྩེ་དྲུག་སྒྲུབ་མཁན་བརྩོན་འགྲུས་རིན་པོ་ཆེའི་གསུང་རྒྱུན་ལས། སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་ཡུམ་ནི་ནང་ཆེན་ཀར་མ་ཟུར་མང་ནས་ཡིན་ཞིང་། དེ་ཉིད་བོད་ཡུལ་གྱི་གནས་ལྷ་སའི་ཇོ་བོ་དང་ཡར་ལུང་ཁོག་གི་གནས་ཁག་རྣམས་ཀྱིས་གཙོས་སྒྲིབ་སྦྱང་གནས་མཇལ་ལ་བྱོན་པའི་ལམ། རྐོང་པོ་རྒྱ་མདའ་རུ་ས་སྨད་རྒྱ་རོང་ནས་ཕེབས་པའི་དབྲ་རིགས་ཁྱུང་པོའི་གདུང་བརྒྱུད་དུ་གཏོགས་པའི་བོད་ཡུལ་གྱི་གནས་མཇལ་བ་ཞིག་དང་འཕྲད་པ་དེ་གཉིས་སྤྲུལ་པའི་སྐུ་ཡི་ཡབ་དང་ཡུམ་གྱི་རྟེན་འབྲེལ་དུ་གྱུར། ཡུམ་ཉིད་ཀྱི་སྐུ་ལ་སྲས་ཤིག་ཆགས། ཡབ་ཀྱང་ལམ་ཁག་གི་འགྲུལ་པ་ལྟ་བུ་ལས་ལྷན་དུ་འདི་ཡིན་ཀྱང་མེད་གཤིས་ཡུམ་ཡུལ་དུ་ལོག་པར་ཁ་སྐྱེངས་ནས་ལམ་ཞོར་དུ་ཁྱུང་པོ་དཀར་ནག་གི་ཡུལ་སྡེ་བརྒྱུད་དེ་དལ་བར་ཡོངས་མཐར། གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་གནས་ལག རྟ་ཡི་ཟ་མ་རི་བརྒྱུད་ཀྱི་གཡས་ཟུར། ཡུལ་འབྲོག་སྡེ་བྱེ་མ་དབྱི་ཕུག་གི། གཤེན་ཚ་རྐོང་ཕུག་ཟེར་བའི་རྐེའུ་ཚང་དུ། མཉམ་མེད་ཤེས་རབ་རྒྱལ་མཚན་འཁྲུངས་ནས་ལོ་བཞི་པ་ལྕགས་བྱི་ལོར་སྤྲུལ་པའི་སྐུ་དེ་འཁྲུངས། (༡༣༦༠) གཤེན་ཚ་རྐོང་ཕུག་ཏུ་སྤྲུལ་པའི་སྐུ་ཡི་སྐུ་རྗེས་དང་། ཞབས་རྗེས་སོགས་ཀྱང་ད་ལྟ་ཁྲ་ལམ་མེར་མཇལ་ན་ཡི་རང་བ་ངོ་མཚར་བ་ཡོད། དེ་ནས་མ་བུ་གཉིས་ལྡོང་ཡུལ་ཞེས་རྩེ་དྲུག་གི་མདུན་གྱི་རི་རྩར་ཡུལ་སྡེ་ལྡོང་ཡུལ་བའི་ར་རྫི་བྱས་ཏེ་བཞུགས། དེའི་སྐབས་སུ་ཡང་ཡུལ་དེར་སྤྲུལ་པའི་སྐུ་ཡི་འཕོང་གི་རྗེས་དང་ཞབས་རྗེས་ཀྱང་རྡོ་ཕ་ཝོང་གི་ཁར་ཡོད། དེ་ཉིད་ད་དུང་ཡང་ཡུལ་མི་ཉེ་འགྱང་གང་འཁོད་ཀྱིས་མཇལ་སྐོར་དང་བྱིན་རླབས་ཞུ་ཡུལ་འགྲོ་བ་ཐུན་མོང་བའི་རྟེན་སྐལ་དུ་བཞུགས་ཡོད། ཁྱེའུ་དེ་ལ་མཚན་ནམ་མཁའ་རིན་ཆེན་དུ་གསོལ། ཡུམ་གྱིས་སྲས་ཉིད་ཁྱད་པར་འཕགས་པའི་སྐྱེས་བུར་གཟིགས་ཀྱང་ཟང་ཟིང་གི་འབྱོར་བ་གྱ་ནོམ་པ་མེད་པས་སྔ་འཕྲོ་བཞིན་ཡུལ་པའི་ར་རྫི་བྱེད་བཞིན་དུ་སྤྲུལ་པའི་སྐུ་བསྐྱེད་བསྲིངས་སོ། དུས་ནམ་ཞིག་སྤྲུལ་པའི་སྐུ་དེ་ཉིད་དགུང་ལོ་བཅུ་གཉིས་ཙམ་མ་ལོན་པར་སྐབས་ཡུམ་གྱི་རོགས་སུ་ར་རྫི་ཕེབས་པ་དང་། སྐབས་འགར་ཁོང་ཉིད་ར་རྫིར་གཤེགས་ནས་ཡུལ་པའི་ར་རྣམས་གཞུང་ཆུའི་འགྲམ་དུ་གྲམ་པ་དང་། བྱེ་མའི་དཀྱིལ་དུ་ར་རྣམས་ཕྱི་དྲོ་བསྐོར་མ་རན་བར་བསྙལ་ཁོང་ཉིད་ཀྱང་ར་ཡི་དཀྱིལ་དུ་མཉམ་བཞག་དང་སྐྱིལ་ཀྲུང་གི་རྣམ་པས་བཞུགས། ཡུལ་པས་དང་པོར་དེ་བཞིན་མཐོང་མ་ཐག་ར་རྫི་མ་བུ་ལ་བསྐྱོན་ཕབས། ཕྱི་ནས་ར་རྣམས་འོ་མ་ནི་སྔ་མ་ལས་མང་། ཤེད་མོ་སྔ་ལས་མ་བྲི་བས། ཁོ་པས་འདི་ཡ་མཚན་པ་ཞིག་ལགས། ར་རྣམས་འཚོ་སྟངས་ཅི་བྱས་ཀྱང་རུང་། ར་ལ་ཉམས་པ་ནི་མི་འདུག་ཟེར་བ་བྱུང་། དེ་རྗེས་སྔར་སྤྲུལ་སྐུས་ར་འཚོ་དུས་ར་ཉལ་སའི་ཆུ་འགྲམ་དུ་ར་ཡི་རྗེས་ཀྱང་རྡོ་ཐོག་ཏུ་ཡོད་པ་མཇལ་རྒྱུ་ཡོད། ཡུལ་མི་རྣམས་ཀྱིས་སྤྲུལ་སྐུས་ར་ལ་བོན་གསུངས་པས་ར་རྣམས་ཉམས་ལེན་ལ་གནས་པ་རེད་ཟེར། ཡང་སྐབས་འགར་སྤྲུལ་སྐུས་ཡུལ་མི་དང་ཡུམ་སོགས་ལས་ཡི་གེ་ཀློག་ཚུལ་བསླབ། རྡོ་ལེབ་ཐོག་ཏུ་འབྲི་རྒྱུ་སྦྱངས་པའི་ཚུལ་མཛད་པས་གཞན་དང་མ་འདྲ་བའི་སླ་བར་མཁྱེན། དེ་ནས་སྤྲུལ་སྐུ་དགུང་ལོ་བཅུ་གཉིས་སུ་ཕེབས་སྐབས་ཁྱུང་པོ་དཀར་རུའི་རྒྱལ་པོ་ཁམས་ཆེན་འཛམ་གླིང་རྒྱན་ཆེན་ཞེས་གསེར་བྲིས་མ་པོད་རེར་དོ་ཡ་ལྗིད་པ་རེ་ཡོད་པ་ཞིག་བཞེང་གི་འདུག་ཟེར་བའི་གཏམ་ཐོས་པས། སྲས་ཀྱིས་ཡུམ་ལ་ང་ཡང་ཁམས་ཆེན་འབྲི་ལ་འགྲོ་གི་ཞེས་དྲིས་པས། ཡུམ་གྱིས་འགྲོ་ཡང་རུང་སྟེ་ཁྱོད་ཀྱིས་ཁམས་ཆེན་འབྲི་རུང་བའི་བྲིས་མི་ཤེས་ཞུས་པས། སྲས་ཀྱིས་བྲིས་རང་ངས་དོ་ནུབ་སྦྱང་ཆོག་གསུངས་ནས་མཚན་མོ་ཡང་བྲིས་དེ་ནས་ཉིན་ལམ་གསུམ་ཙམ་གྱི་སར་དཀར་རུའི་རྒྱལ་ས་སྟེང་ཆེན་ཁར་བྱོན་ནས། རྒྱལ་པོའི་གཉེར་པར་ཁྱེད་ལ་ངས་ཁམས་ཆེན་བྲིས་ན་རུང་ངམ་གསུངས་པས། གཉེར་པས་རུང་ཡང་རུང་སྟེ། ཁྱེད་ཀྱི་བྲིས་ཚད་ལ་བལྟ་དགོས། ལོ་ཡང་ཆུང་འདུག་ཟེར། བྲིས་ཚད་ཀྱང་ཕུལ་བས་བྲིས་རན་པ་ཙམ་འདུག་བྲིས་པ་ཀུན་གྱི་གྲལ་མཐར་བཞག ཁམས་ཆེན་པོད་བཅུ་དྲུག་ཡོད་པ་བྲིས་པ་མི་རེ་ལ་པོད་རེ་འབྲི་རྒྱུ་གཏད། ཕྲུ་གུ་བྲིས་ཉན་ཙམ་ཡོད་ཀྱང་ཕལ་ཆེར་རྩེད་མོ་དང་གཡེང་བར་ཤོར། དེ་ཁའི་འགོ་བྱེད་ཚོས་སྤྲུལ་སྐུ་ཁྱེད་རང་ནན་གྱིས་མ་བྲིས་ན་གཞན་དང་མཉམ་དུ་ཚར་མི་ཡོང་ཞུ་དུས། ཁོང་གིས་རང་རེ་བྲིས་རྩིས་མཉམ་དུ་འབུལ་ཐུབ་གསུངས། གཉེར་པས་སྤྲུལ་སྐུ་འཁྲུངས་ཁུང་ཞན། སྐུ་ན་གཞོན་པས་བརྙེས་ཆོས་ལྟ་བུས་ཤ་སྐལ་ཆུང་བ་དང་། རྩམ་པ་རྩིང་བ་དུས་རྟག་ཏུ་ཕུལ། དེ་ནས་བྲིས་པ་གཞན་ཚོ་རིམ་བཞིན་རང་རང་གི་བྲིས་སྐལ་འབྲི་གྲུབ་ནས་རྩིས་འབུལ་ཞུ་རན་པ་དང་། དཀར་རུ་རྒྱལ་པོའི་གཉེར་པས་སྤྲུལ་སྐུའི་ཇི་ཙམ་འབྲི་ཚར་འདུག་བལྟས་སྐབས་ཁོང་གིས་ཤོག་ལྡེབ་བརྒྱ་སྐོར་ཙམ་ལས་འབྲི་མ་ཟིན་པས། གཉེར་པས་བྲིས་པ་གཞན་ཚོས་སོང་ཉིན་རྩིས་འབུལ་ཞུ་རན་འདུག་ཁྱེད་རང་འདི་ཙམ་ལས་འབྲི་མ་གྲུབ། ད་ཅི་བྱེད་ཟེར། སྤུལ་སྐུས་ཁོང་ལ་དོ་ནུབ་མར་མེ་གང་མང་ཞིག་བཟོ་ནས་བདག་ལ་གནང་། ང་འདུག་གནས་ཁང་མིག་ཡན་པ་ཞིག་ཀྱང་དགོས། བྲིས་རྩིས་ཀྱང་སང་ཉིན་འབུལ་ཆོག་ཟེར། གཉེར་པས་ཁྱེད་རང་ལོ་ལ་བྲིས་དུས་འདི་ཙམ་ལས་མ་གྲུབ་པས་དོ་ནུབ་མཚན་ལ་བྲིས་པས་ཅི་ཚར། འོན་ཀྱང་ངས་མར་མེ་བཟོ་ཡོང་ཟེར་ནས་མར་མེ་གང་མང་དང་། ཁང་པ་བཅས་གྲ་བསྒྲིགས་བྱས། ཁོང་གིས་བྲིས་སྨྱུག་མང་རབ་ཅིག་བཟོས་ནས་ཁང་པ་དབེན་པར་བཞུགས་ཏེ་ཕྱག་མཛུབ་ཀུན་ལ་སྨྱུ་གུ་རེ་བསྡམས་ནས་བྲིས། སྒོ་ཡི་གསེབ་ནས་འདིས་ཅི་བྱེད་སྙམས་ནས་མི་འགས་བལྟས་པས་བྱ་རྒོད་ཀྱི་རྣམ་པ་ལྟ་བུ་མང་པོས་ཤོག་ཐོག་ཏུ་རྐང་རྗེས་འཐེན་བཞིན་འདུག་པ་མཐོང་། སང་ཉིན་བྲིས་པ་ཚོས་རིམ་བཞིན་དུ་ཁམས་ཆེན་རྩིས་འབུལ་བྱས། སྤྲུལ་སྐུས་བྲིས་པའི་པོད་དེའི་ནང་དུ་ཡིག་འབྲུ་ཤ་གར་ཡོད་ཐམས་ཅད་ཆུང་ངུ་དང་། ཙ་གར་ཡོད་ཆེ་ནས་གྲབ་མ་སྙམས་པ་ཙམ་ལས་ཡིག་གཟུགས་དང་ཆད་ལྷག་མེད་པ་ངོ་མཚར་བར་བྱུང་ཞེས་ཟེར་སྒྲོས་སོ། ༼དེ་ལྟར་བདེན་ན་པོད་གཞན་གྱི་ཡིག་འབྲུ་འདི་བཞིན་ཡིན་མི་རུང་པས་དེ་ཇི་ལྟར་ཡིན་པའི་ངག་རྒྱུན་མི་འདུག ངོས་ནས་ཀྱང་ཆུང་ངུའི་དུས་ཁམས་ཆེན་འཛམ་གླིང་རྒྱན་ཆེན་ཟེར་བ་ཤོག་ནག་སྟེང་དུ་གསེར་གྱི་བྲིས་པ་ཞིག་སྟེང་ཆེན་རི་ཁྲོད་དུ་བཞུགས་འདུག་པ་མཇལ་མྱོངས་ཀྱང་ཡིག་འབྲུའི་རྣམ་པ་བློར་གསལ་བ་མི་འདུག ཁ་གཅིག་གིས་ཁམས་ཆེན་འདི་འཛམ་གླིང་རྒྱན་ཆུང་ཡིན་ཞིང་འཛམ་གླིང་རྒྱན་ཆེན་ནི་རྟེན་བོང་ཁྲ་མ་ཞེས་ཁྱུང་པོ་དཀར་ནག་སེར་གསུམ་གྱི་སྤྱི་རྟེན་གྱི་གཙུག་ལག་ཁང་ཞིག་སྟེང་ཆེན་ཁར་ཡོད་པའི་ནང་རྟེན་དུ་ཡོད་ཅིང་། གཞན་ཡང་ཁྱུང་ཨ་བླས་གཙོས་པའི་ཁྱུང་དཀར་གདུང་རབས་ཀྱི་སྐུ་དམར་གདུང་མང་པོ་དང་། ཁྱུང་པོ་ཤ་བ་རང་གྲོལ་གྱི་གཏེར་མ་མཐའ་དམག་ཁ་གནོན་རལ་གྲི་རྣམ་ལྔ། དེ་ལས་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཇི་སྙེད་བཞུགས་པ་དེ་ཉིད་རྒྱ་བོད་འཁྲུགས་པ་བྱུང་། ཁྱུང་པོ་དཀར་ནག་གཉིས་ནང་མ་འཆམས། དཀར་རུ་རྒྱ་ལ་དད། ནག་རུ་བོད་ལ་མོས་དེའི་རྐྱེན་གྱིས་རྒྱ་དམག་མཐར་བསྐྲད། ཁྱུང་པོ་བོད་ཀྱིས་བླངས། བོད་དམག་གིས་རྟེན་བང་ཁྲ་མ་མེར་བསྲེགས། དེའི་དུས་སུ་ཁམས་ཆེན་ཡང་མེར་ཤོར་ཟེར།༽
སྤྲུལ་པའི་སྐུ་ནམ་མཁའ་རིན་ཆེན་དེ་ཉིད་གང་ཟག་གཞན་དང་མི་འདྲ་བའི་སྐྱེས་ཐོབ་ཀྱི་ཡོན་ཏན་རྫོགས་པ་ཞིག་ཡིན་འདུག་ཅིང་། དུས་སྐབས་རྣམས་སུ་མཁའ་སྤྱོད་ཀྱི་ཞིང་ཁམས་དག་ལ་གཤེགས་ཏེ་རིག་འཛིན་དཔའ་བོ་ཕོ་བརྒྱུད་ཀྱི་ཚོགས་དང་། མཁའ་འགྲོ་མོ་བརྒྱུད་རྣམས་དང་འགྲོགས་ཏེ་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། བདེ་སྟོང་ཡེ་ཤེས་ཀྱི་རྩལ་སྦྱོང་བ་དང་། ཕྱི་ནང་གསང་བའི་ཟབ་གདམས་ཇི་སྙེད་གསན་ཅིང་ཡིག་ལམ་དུ་བཀོད་པ་རྣམས། སྐལ་པ་དང་ལྡན་པ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པའི་སྒོ་ཡངས་པར་མཛད་པ་དང་། རིག་འཛིན་དཔའ་བོ་དང་། དཔའ་མོའི་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་དབང་བསྐུར་རབ་གནས་མཛད་དེ་གསང་བའི་མཚན་དུ་ཡང་བློ་ལྡན་སྙིང་པོ་གསོལ། ཡང་དགུང་ལོའི་གྲངས་ཚད་ཇི་ཙམ་གྱི་སྟེང་ཡིན་མ་ངེས་ཀྱང་དམ་པ་དེས་ཕྱག་བཏབ་པའི་དགོན་སྡེ་ཡང་བཞི་ཙམ་ཡོད་པར་གྲགས། དགོན་པ་གཅིག་གོང་གསལ་ལྡོང་ཡུལ་གྱི་ཐག་ཉེ་བའི་སར་ལྦ་དགེ་ཞེས་པའི་ཡུལ་དུ་ཡོད་པའི་མིང་དུ་ལྦ་དགེ་ཤུག་ཞབས་དགོན་པ་ཟེར། ༼དེ་ཡི་གཙུག་ལག་ཁང་གི་བཀོད་པ་ནི་སྤྲུལ་སྐུ་ནམ་མཁའ་རིན་ཆེན་རྫུ་འཕྲུལ་གྱིས་འོལ་མོ་ལུང་རིང་དུ་ཕེབས་པའི་སྐབས་སུ་མཇལ་བའི་གསས་ཁང་ཤམ་པོ་ལྷ་རྩེའི་ཐོག་གི་ཅོག་གཅིག་ལ་དཔེ་བྱས་ཏེ་བཞེངས་པ་ཡིན་ཟེར་སྲོལ་འདུག་ཅིང་དེ་ཡི་བཅའ་བཀོད་ཡུལ་དེའི་ཁང་པ་གཞན་དང་མི་འདྲ་བ་ཞིག་ཡོད་ཟེར། གྱང་གི་ལྡེབ་རིས་རྣམས་ཁོང་གིས་བྲིས་པས་རྡུལ་མི་ཆགས་ཟེར། ༽
ཁྱུང་པོའི་ཡུལ་སྟོད་སྨད་ཀུན་གྱི་གཙུག་ལག་ཁང་གི་དཔྱམ་དུ་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་གྱི་ནང་ནས་གང་འཚམས་པས་བཀངས་ཏེ་ཁ་སྦུབ་ཏུ་དགོད་པའི་སྲོལ་དེ་ནས་བྱུང་ཟེར། དགོན་སྡེ་གཉིས་པ་དེ་བུམ་སྟེང་དགོན་ཞེས་ཟླ་ཤོད་ནང་དུ་ཡོད་ཅིང་། དེས་སྤྲུལ་པའི་སྐུས་གཏེར་ཐོན་པའི་ཆུ་མིག་དང་། ཡི་དམ་གཤེད་མར་སྤྱི་འདུལ་གྱི་བཀའ་བབས། དགོན་སྡེ་གསུམ་པ་བི་ཐོ་དགོན་ཞེས་ཤིང་རོང་དུ་ཡོད། བཞི་པ་རྒྱང་ཤོད་བོན་དགོན་ཞེས་ཡུལ་རྒྱང་ཤོད་དུ་ཡོད་ཅིང་དེར་ཡི་དམ་དབལ་གསས་རྩོད་ཟློག་གི་བཀའ་བབས་མཁའ་འགྲོས་ལུང་བསྟན་བཞིན་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་གནས་རི་ཡིན་པའི་དཀར་ཆགས་བཏབ་ནས་སྒོ་ཕྱེས། ཤེ་ལེ་རྒྱ་དཀར་རྩེ་ཡི་སྒྲུབ་ཕུག་ནི་བློ་ལྡན་གྱི་སྒྲུབ་ཕུག་ཡིན་ཟེར། ཡང་སྤྲུལ་པའི་སྐུ་དེའི་གཏན་གྱི་བཞུགས་གནས་ཁྱུང་གསེར་རྒྱལ་པོའི་ཡུལ་དུ་བྱ་ཟེ་རྫོང་ཞེས་པ་བྲག་རི་བྱ་ཕོའི་ཟེ་བ་ལྟ་བུའི་རྩེར་སྒྲུབ་པའི་ཁང་བུ་ཆུང་ངུ་ཞིག་བརྩེགས་བྲག་བཙན་ཨ་བསེའི་ཞལ་འབག་ཅིག་ཉིད་ཀྱིས་ཕྱག་བཟོ་མཛད་དེ་སྒེར་སྲུང་དུ་བཀོས་ཤིང་སྐུ་གསོབ་བཞེངས་གནས་དེར་ཉིད་ཀྱི་ཕྱག་བྲིས་མ་ཟེར་བའི་ཁམས་ཆེན་གསེར་བྲིས་མ་ཞིག་ཡོད་པ་དེའི་གསེར་དེ་རྟ་ཤོད་བུ་མོའི་ཆབ་ལ་གསེར་དུ་བསྒྱུར་བའི་ལོ་རྒྱུས་ཡ་མཚན་པ་འགའ་ཡུལ་མིས་བཤད་སྲོལ་ཡོད་ཀྱང་འདིར་དེ་ཙམ་མོ། རི་ཁྲོད་དེའི་ཐོག་ཏུ་བྱ་ཟེ་རྫོང་བསྣན་ཏེ་བརྩེགས་པ་ད་ལྟའི་བར་བྱ་ཟེ་དཔོན་བརྒྱུད་པ་དང་བཅས་པས་བདག་ཏུ་བྱེད་བཞིན་མཆིས། གཞན་ཡང་ཁྱུང་པོ་དཀར་རུ་དང་སེར་ཚའི་ཁུལ་དུ་གཙུག་ལག་ཁང་རྙིང་པ་གང་ཡོད་སར་ཕལ་ཆེར་ལ་སྤྲུལ་སྐུ་བློ་ལྡན་གྱི་ཕྱག་བཟོ་དང་ཕྱག་བྲིས་ཡིན་ཟེར་བའི་སྐུ་གསུང་ཐུགས་རྟེན་ཇི་སྙེད་ཡོད་པ་ཡིན། དེ་ནས་སྤྲུལ་པའི་སྐུ་དེ་ཉིད་ཀྱི་གསང་གསུམ་གྱི་མཛད་པ་གང་ཟག་སོ་སྐྱེ་ཕལ་པའི་བློ་ཡི་ཡུལ་དུ་བྱེད་མི་ནུས་པའི་བཀོད་པ་དེ་ཙམ་ཡོད་པས་སྐབས་ཀྱི་འགྲོ་བ་རྣམས་ཀྱི་ཡིད་དབང་རང་ཤུགས་ཀྱིས་དཔའ་འཁུམ་སྟེ་མཆོག་གི་སྤྲུལ་པའི་སྐུའི་སྐྱབས་འོག་ཏུ་འཇུག་པ་དང་། དེ་རྣམས་ལ་ཡང་ཕྱི་ནང་གསང་བ་གསུམ་གྱི་ཟབ་གདམས་བླ་ན་མེད་པ་བསྩལ་བས་སྨིན་གྲོལ་ལ་འཁོད་པ་ཇི་སྙེད་པ་བྱུང་། སྤྲུལ་པའི་སྐུ་ཡི་སྙན་པ་ནི་ནོར་འཛིན་གྱི་ཁྱོན་འགེངས་པ་ལྟ་བུ་བྱུང་བས་འགྲོ་བ་ལྷ་དང་བཅས་པས་ཕུལ་བའི་མཆོད་རྫས་དང་བདོག་པ་ཟད་མི་ཤེས་པ་ལྟ་བུ་མངའ་འོ། མཆོག་གི་སྤྲུལ་པའི་སྐུ་ལ་རྟག་ཏུ་འཁོར་བའི་སྐྱེས་བུ་ཚོགས་རྣམས་ཀྱིས་ཀྱང་ཚོད་འཛིན་མི་ཤེས་པ། ཉིད་ཀྱི་དག་སྣང་བསམ་གྱིས་མི་ཁྱབ་པས་གསང་བདག་གྲུབ་པ་ཐོབ་པའི་རིག་འཛིན་སེམས་དཔའ་ཐམས་ཅད་ལ་མི་དང་མི་འཕྲད་པ་བཞིན་དུ་གཏམ། གཤེགས་བདོ་རུ་བཞུགས་ནས་ཕྱག་བྲིས་མཛད་པ་དང་། དབུ་ལ་གུར་དང་ཞབས་ལ་གདན་བཤམས་སོགས་དགོས་པ་དང་། ཡང་སྐབས་འགར་བཞུགས་བཞིན་པའི་གཤེགས་ནས་ཤུལ་དུ་ཆིབས་ལ་བསྐྱོན་དགོས་པ་སོགས་སྤྲུལ་པའི་སྐུ་རང་ཉིད་ནས་ཐུགས་འདོད་ཀྱི་གཤེགས་བཞུགས་འདམ་ང་མེད་པ་ལྟ་བུ་ཞིག་ལགས། སྐབས་ཤིག་ཏུ་ཁྱུང་པོ་དཀར་རུ་དང་སེར་ཚའི་བར་དུ་ཁྱུང་གཉིས་ལ་ཞེས་པ་དེའི་ཤར་དཀར་རུའི་ཕྱོགས་ནས་ལམ་དུ་གཤེགས་གདོ་རུ་བླ་ཆེན་དྲན་པ་ནམ་མཁའི་དངོས་སློབ། གྲོལ་ཐོབ་སེམས་དཔའ་བརྒྱད་ཀྱི་ནང་མཚན་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བདག་ཅག་གི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་མཛད་པའི་རྣམ་པར་ཐར་པ་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་བོད་སྐད་ཤར་མར་སྙན་དུ་བརྒྱུད་པས། དང་པོའི་ཤོག་གུའི་ཐོག་ཏུ་བྲིས་དེས་ཀྱང་མ་འདེངས་ནས། སྐབས་ཤིག་ཏུ་ལུང་པ་གཞུང་གི་གཞུང་ཆུ་དེའི་ཕར་ཀའི་ལྷོ་ཕྱོགས་སུ་གསའ་ཡི་ནག་པ་ཡར་རྩེ་ཟེར་བའི་བྲག་རི་དཀར་པོའི་ལྡེབ་ཏུ་གཡའ་མ་ཡོད་པའི་སར་སྐུ་འཁོར་ཉུང་ཤས་ཤིག་བཞུད་དེ་གཡའ་ལེབ་ཐོག་ཏུ་ཡང་ཕྱག་བྲིས་རྒྱ་ཆེར་མཛད། སྐབས་ཤིག་སྙན་བརྒྱུད་ཀྱི་བར་མཚམས་ཡོད་པའི་གསེང་ནས་ཁོང་གི་ཕྱག་བྲིས་སྔ་མ་རྣམས་ནས་མར་བཀླགས་པས་བདེ་བར་གཤེགས་པའི་གསུང་དུ་སྣང་བའི་མོད་ལ་བར་མཚམས་ཤིག་ནས་ཡུལ་དེའི་གཞི་བདག་གིས་དམག་དང་གཡུལ་གྱི་བཅའ་བཀོད། གྲི་མཚོན་གྱི་བཅའ་ཚུལ་སོགས་མི་དགེ་བ་དང་ལུང་མ་བསྟན་པའི་ཡིག་ཚོགས་ཤ་སྟགས་སུ་བྱུང་བ་ཀུན་གཤེགས་བསྐྱོད་མཛད། དེ་ནས་ཡུལ་དེའི་གཞི་བདག་ལ་བཀའ་བགོ་ཡང་མཛད། དེ་རྗེས་སྐྱར་དུ་གསོལ་བ་བཏབ་པས་གོང་གི་འཕྲོ་ནས་མར་རིག་འཛིན་ཆེན་པོས་མཛད་མདོ་རྒྱས་པ་མཇུག་རྫོགས་དང་མ་རྫོགས་ཇི་སྙེད་འདོད་པའི་པོད་བཅུ་གཉིས་སུ་བཞུགས་པ་འདི་གསུངས། འདི་ཡི་དུས་སུ་དགུང་ལོ་ཉེར་ལྔའི་སྐོར་དུ་ཕེབས་པར་གྲགས། གཞན་ཡང་སྤྲུལ་པའི་སྐུ་དེ་ལ་སྙན་དུ་བརྒྱུད་པ་པོ་ནི་སྟང་ཆེན་ཁོ་ནར་མ་ངེས་ཏེ། རིག་འཛིན་དང་མཁའ་འགྲོ་གཞན་ཡང་མང་ངོ་། སྐབས་འགར་ཡུམ་འོད་ལྡན་འབར་མས་ཀྱང་ལུང་བསྟན་པ་ཡོད་དེ། དྲན་པ་དབང་སྒྲུབ་ཅེས་བླ་ཆེན་དྲན་པ་ནམ་མཁའ་ཡབ་ཡུམ་ལ། གྲོལ་ཐོབ་སེམས་དཔའ་བརྒྱད་ཀྱིས་བསྐོར་ནས་བཞུགས་པའི་སྒྲུབ་ཐབས་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་མཛད་པ་དེ་ཉིད་ཡུམ་འོད་ལྡན་འབར་མས་སྙན་དུ་བརྒྱུད་པའོ།།
སྙན་དུ་བརྒྱུད་པའི་བོན་ནི། མདོ་སྡེ་དང་། རྒྱུད་སྡེ། སེམས་སྡེ་དང་གསུམ་དུ་ཡོད་ཅིང་། མཁན་ཉི་མའི་བཀའ་འགྱུར་དཀར་ཆག་ལས། དང་པོ་མདོ་ཡི་ཁོངས་སུ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་པོད་བཅུ་གཉིས། སངས་རྒྱས་ཁྲི་དང་བདུན་སྟོང་གི་མཚན་ཡང་དག་པར་བརྗོད་པ་དུས་གསུམ་མི་ནུབ་མཚན་གྱི་མདོ་ལེའུ་བཅུ་བདུན། ལྷུན་པོ་བརྩེགས་པ་རྒྱུད་ཀྱི་མདོ། བཀྲ་ཤིས་དཔལ་འབར་ཁབ་ཀྱི་མདོ། བཟླས་ཆོག་རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ། དགེ་སྤྱོད་ཡན་ལག་གསུམ་པའི་མདོ།
རྒྱུད་སྡེ་ལ། དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལེའུ་སོ་གསུམ་ཡོད་པ། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། རིག་པ་ཁུ་བྱུག་རྩ་བའི་རྒྱུད། གཤེན་དམར་སྤྱི་འདུལ་བདེར་གཤེགས་འདུས་པའི་རྒྱུད་རྫུ་འཕྲུལ་དྲྭ་བ། རིག་འཛིན་འདུས་པ་ཐབས་ཆེན་མཁའ་རྒྱུད་ཀྱི་གཞུང་། མངོན་རྟོགས། སྐབས་འཕྲིན། སྐོང་བ། སྐོང་མདོས། ཐོས་ཆོག་གསང་གཟུངས། དབལ་གསས་རྩོད་ཟློག ཞི་ཁྲོའི་སྐོར་ལ་ལེའུ་དྲུག་ཅུ་རེ་བཞི་ཡོད་པ། གསང་ཕུར་གྱི་སྐོར་དང་། གཤེད་དམར་སྤྱི་འདུལ་ཞི་ཁྲོའི་སྐོར་ལེའུ་ལྔ་བཅུའི་སྐོར་ཡོད་པ་དང་། གཤེད་ནག་གི་སྒྲུབ་པ་ཆ་ལག་རྣམས་དང་། སྟག་ལྷ་ཡང་གསང་བདག་རྫོགས་ཀྱི་སྐོར་ལེའུ་བཅུ་གསུམ། བླ་ཆེན་དྲན་པའི་སྒྲུབ་པ། དབང་སྒྲུབ་དང་། ཡང་གསང་། རང་གི་མཐོང་མྱོང་ལས། མ་རྒྱུད་བ་ག་ཀློང་ཆེན་ཐུགས་རྗེ་ཀུན་སྒྲོལ་མའི་སྒྲུབ་པ། དྲན་པ་ཡབ་སྲས་གསུམ་གྱི་སྒྲུབ་པ། བོན་སྐྱོང་སྐོར་ལ། དམ་ཅན་རྒྱ་མཚོ་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ། མཁའ་ལ་རང་བཞིན་མངའ་གསོལ། ཀློང་དུ་དྲག་པོའི་ལས་བཅོལ། སྒེར་དུ་མ་བཙན་སོ་སོའི་སྐང་འཕྲིན་འགའ་བཞུགས། སེམས་སྡེའི་སྐོར། རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་གཞུང་ཆ་ལག་དང་བཅས་པ་རྣམས་སོ། ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས། གཞན་ཡང་དང་པོ་དབང་ལུང་ཐོབ་ཚུལ། བར་དུ་སྙན་དུ་བརྒྱུད་ཚུལ། ཐ་མ་བཀའ་རྒྱ་གྲོལ་ཚུལ། སྐྱེ་བ་བཞེས་ཚུལ། རྟག་གཟིགས་ཞིང་ཁམས་མཇལ་ཚུལ། སྤྱི་རྗེ་ཁྱུང་གི་ཞུས་ལན། རྟག་གཟིགས་མཁའ་འགྲོས་ཞུས་ལན། ཨོ་རྒྱན་ཟངས་མདོག་དཔལ་རིའི་མཇལ་སྣང་། ཨོ་རྒྱན་དུར་ཁྲོད་བརྒྱད་ཀྱི་མཇལ་སྣང་། ལས་གྲུབ་མཁའ་འགྲོས་ཞུས་ལན། ཚེ་དབང་རིག་འཛིན་གྱི་གསུང་ཟུར་ཟ་ཡེ་ཤེས་མཚོན་ཆ་དུས་བཞི་རྒྱལ་མོས་ཞུས་ལན། བརྟན་མ་བཅུ་གཉིས་སོ་སོས་ཞུས་ལན། རྐོང་པོ་བོན་རིའི་གནས་ཀྱི་སྲུང་མ་སོ་སོས་ཞུས་ལན། ཁྱད་པར་ཉང་ལྷ་བཙན་དྲུག་གིས་ཞུས་ལན། ཀླུ་བདུད་ཀྱིས་ཞུས་ལན། ལུང་བསྟན། ཁ་བྱང་། ཟུར་བྱང་། ཡང་བྱང་སོགས་མཇལ་སྣང་སྐོར་ལ་པོད་ཆེ་བ་གཉིས། ཡང་རྟ་ཤོད་དཀྱིལ་འཁོར་ཐང་གི་གྱིམ་ཚའི་གདུང་འབུམ་ཞེས་པའི་དེའུ་འབུར་དེའི་ནང་གི་གཟིགས་སྣང་ལེའུ་ཆུང་གཅིག་བཅས་ཡོད།
མཆོག་གི་སྤྲུལ་པའི་སྐུ་འདིས་རྣམ་དག་སོ་ཐར་གྱི་སྡོམ་པ་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དྲུང་ནས་ཞུས་ཟེར་སྲོལ་ཡོད་ཀྱང་ལོ་དུས་དང་། ཞུས་ཚུལ་བཅས་མ་གསལ། ཙུ་ར་འོད་ཟེར་རྒྱལ་མཚན་གྱི་དྲུང་ནས་མདོ་སྔགས་སེམས་གསུམ་གྱི་གདམ་ངག་རྣམས་དང་། ཟབ་མོ་གཅོད་ཀྱི་སྐོར་ཡང་ཞུས་པ་གསལ། དེ་ནས་སྐལ་ལྡན་གྱི་གདུལ་བྱ་འཇིག་རྟེན་གསུམ་དུ་གྲངས་ཀྱིས་མི་ཆོད་པ་མངའ་ཡང་། རིགས་མཐུན་འགྲོ་བ་མི་ཡི་འཁོར་ལ་སྒོ་རིགས་རྒྱལ་མཚན་འོད་ཟེར་དང་། འབེ་ཚ་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཞུས། ཡང་ཟེར་སྒྲོས་ངག་རྒྱུན་ལས། མཆོག་གི་སྤྲུལ་སྐུ་འདིས་རྟ་ཤོད་བུ་མོ་པད་མ་མཚོ་ཞུ་བ་དེ་ཉིད་ལས་ཀྱི་ཕྱག་རྒྱར་བསྟེན་ན་སྤྲུལ་པའི་སྐུ་ཉིད་ཀྱི་མཛད་པའི་འཕྲིན་ལས་དང་སྐུ་ཚེའི་ཚད་ཀྱང་མཐའ་རུ་ཕྱིན་པའི་ལུང་བསྟན་པ་ཡོད་ཀྱང་། མཆོག་ཉིད་ཀྱི་ཐུགས་རྒྱུད་དྲི་མེད་བསླབ་པ་གསུམ་གྱིས་དམ་དུ་བསྡམས་ཏེ་རྣམ་པར་དག་པའི་འདུལ་བའི་ཕྱག་ལེན་ལ་གཅེས་སྤྲས་སུ་མཛད། གསང་ཆེན་རྒྱུད་སྡེའི་ཟབ་གསང་གི་དབང་རྣམས་ཙམ་པོ་བ་དང་བརྡ་ཡིས་རྫོགས་པར་མཛད། ཟེར་སྒྲོས་ལས་སྤྲུལ་པའི་སྐུ་ཉིད་དགུང་ལོ་སོ་དགུའི་ཐོག་ཁྱུང་ཡུལ་ནས་ཚ་བ་རོང་བརྒྱུད་དེ་མདོ་ཁམས་སྨད་དུ་སྐལ་ལྡན་ལས་ཅན་རྣམས་སྨིན་གྲོལ་ལ་དགོད་པ་དང་སྐལ་མེད་རྣམས་ལའང་ཐུགས་བསྐྱེད་ཀྱི་སྨོན་ལམ་མཛད་པའི་ཆེད་དུ་ཕེབས་སྐབས་ཚ་བ་སྒང་གི་སྟོད། ལམ་དུ་ཇ་ཚོང་བའི་དྲེལ་པ་སྟོབས་ཆེན་ཞིག་དང་འཕྲད། འགྲུལ་པའི་དྲེལ་ཞིག་ན་ནས་འཆི་ལ་ཐུག་པའི་མོད་ལ་སྤྲུལ་པའི་སྐུ་ལ་བཀའ་བགོ་གདོན་བསྐྲད་ཀྱི་སྐྱབས་འཇུག་ཞུས་པ་བཞིན་མཛད་པས། དྲེལ་ལ་གནོད་བྱེད་རྡོ་རྗེ་དྲེལ་དཀར་ཞེས་པའི་ཡུལ་སའི་མིག་བཅར། དེས་རྐྱེན་གྱིས་ཡུལ་ས་ཁྲོས་ཏེ་ཁོས་བསམ་པར་སྤྲུལ་པའི་སྐུ་ལ་ཆིབས་དྲེལ་དགུ་བཅུ་གོ་དགུ་བདོག་པས་གཅིག་ཇ་མགྲོན་གྱིས་ཕུལ་ན་དྲེལ་བརྒྱ་ལོང་པའི་མཐུན་རྐྱེན་ཞུས་ཀྱང་མ་བཞེད་ན། སྤྲུལ་པའི་སྐུ་ལ་འཁོན་ཏེ་སེམས་འཁྲུགས་སོ། དེ་ཁོང་གིས་མཁྱེན་ནས་འཕྲལ་དུ་སྤྲུལ་སྐུ་འཁོར་བཅས་ཡུལ་བ་ཤོད་རྩེ་དྲུག་ནས་ཉིན་ལམ་གཉིས་ཀྱི་ས་བཙན་བྲག་རིན་ཆེན་འབར་བ་ཞེས་པའི་རི་བོའི་རྐེད་ཆོས་སྒར་སྐེ་རུ་བྱོན་ནས་བཅད་རྒྱར་བཞུགས་ཏེ་ཉེ་གནས་ལ་དེ་རིང་འགྲུལ་པ་ཇི་འདྲ་བ་བྱུང་ཡང་གཟིམ་གུར་དུ་མ་གཏོང་གསུངས། ཕྱི་དྲོའི་ཆར་བུད་མེད་རྒན་མོ་ཞིག་གིས་གསེར་ཕྱེ་གཞོང་པ་གང་ཁྱེར་ནས་མཇལ་ཁ་ཞུས་པས་ཞབས་ཕྱིས་གསེར་ལ་འདོད་ཐག་ཆོད་ནས་མཇལ་ཁ་གནང་པ་ལས་འོས་མེད་སྙམ་སྟེ་གཟིམས་གུར་དུ་འཁྲིད། རྒན་མོ་སོང་རྗེས་ཉེ་གནས་ལ་གུར་སྒོའི་ངོས་སུ་ལྟོས་ཤིག་གསུངས། བལྟས་པས་ཁྲག་གི་ལག་རྗེས་ཞིག་ལས་གཞན་ཅི་ཡང་མི་འདུག་ཞུས་པས། དེ་ནི་ཡུལ་སས་ཁོང་གི་སྐུ་སྲོག་ལ་ཉེན་པའི་རྟགས་ཡིན་པས་འགྲོང་བ་ལས་མེད་གསུངས་པ་དང་། སྐུ་ཡང་བསྙུངས་སོ། སྐུ་འཁོར་རྣམས་ཀྱིས་སྐུ་ཚེ་བརྟན་པའི་ཞབས་རིམ་གང་འོས་བསྒྲུབ་རྒྱུ་ལགས་ན་སྐུ་ཚེ་བརྟན་པའི་གསོལ་བ་བཏབ་པས། ད་ནི་རྟ་ཤོད་བུ་མོ་པད་མ་མཚོ་ལ་ཁོང་གི་སྐུ་ཚེ་བསྲིང་བའི་ཞུ་བ་ཕུལ་བ་ཙམ་ལས་གཞན་པའི་ཐབས་ཅང་མི་འདུག་གསུངས། འཁོར་རྣམས་ཀྱིས་པད་མ་མཚོ་གང་ན་ཡོད་དྲིས་པས་ཡུལ་དུ་ཕྱིར་ལོག་པའི་ལམ་དུ་བུད་མེད་ཡ་མཚན་ཞིག་འཕྲད་ཡོང་བས་དེ་ཡིན། དེ་ལ་ཅིས་ཕན་གྱི་ཐབས་དྲིས་ཤིག་གསུངས། དེ་འཕྲལ་དུ་བང་མི་ཞིག་བཏང་ནས་རྟ་ཤོད་དཀྱིལ་འཁོར་ཐང་དུ་འབྱོར་བ་དང་ལམ་ཟུར་ན་གྲོང་པ་ཞིག་གི་ཁང་པའི་ཐོག་ཁར་འབྲུ་རླུང་ལ་འཕྱར་བའི་བུད་མེད་ཅིག་འདུག་པ་དེས། བང་མའི་མིག་སྔར་ཁང་པ་གཉིས་ཐོག་སྟེང་ནས་འབྲུ་འཕྱར་བྱེད་ཀྱི་སློ་མ་ཁང་རྩར་ལྷུངས་མ་ཐག་མོས་ལུས་རྒུ་ཙམ་བྱས་ཏེ་ཡར་བླངས་པ་མཐོང་། དེ་ལ་ཁོ་ཡ་མཚན་སྐྱེས་པད་མ་མཚོ་དེ་ཡིན་པར་ཐག་བཅད་དེ་བུད་མེད་དེའི་རྩར་ཕྱིན་ནས་སྤྲུལ་པའི་སྐུ་ལ་བསྙུན་གཞི་བྱུང་ཚུལ་དང་བླ་འགུགས་མཛད་དུ་ཞུ་བར་ཁྱེད་པད་མ་མཚོ་ཡིན་འདུག་པས་ཁྱེད་རྩར་མངགས་བྱུང་ཞུས་པས། མོ་ཐེངས་ཁ་ཤས་བཞད་པའི་རྟིང་ལ་ཁོང་འུ་མ་ཐུག་བར་ང་མ་དྲན་པ་ལགས་མོད། འོན་ཀྱང་རྟེན་འབྲེལ་ཞིག་བསྒྲིག་གསུངས་ནས་པང་གདན་བཀྲོལ་དེ་ཕྱོགས་མཚམས་རྣམས་སུ་བརྡབ་ནས་སྒམ་བུ་ཆུང་ངུ་ཞིག་བང་མའི་ལག་ཏུ་སྤྲད་དེ་འདི་སྤྲུལ་སྐུའི་གཟིམ་གུར་ནང་དུ་མ་འབྱོར་བར་ཁ་མ་ཕྱེ། ཟེར་བས་དེ་ཁ་བཞིན་བྱེད་པར་དམ་བཅས། བང་མི་ཕྱིར་སྤྲུལ་སྐུའི་སྒར་ཐོག་ཏུ་ཡོངས་བས་ཉིན་རིམ་བཞིན་སྒམ་བུ་ནི་ཇེ་ལྗི་ལ་ཕྱིན། མཐར་ཚ་བ་སྒང་སྟོད་ནས་ཆོས་སྒར་རྐེད་དུ་སླེབས་ཁར་ཡུལ་སས་ཆོ་འཕྲུལ་བསྟན་ཏེ་སྒམ་བུ་བསྒུལ་མི་ཐུབ་པ་བྱུང་། བང་མིས་འདི་ཅི་ཉེས་སྙམ་སྟེ་སྒམ་བུའི་ཁ་ཡི་གསེང་ནས་བལྟས་པ་ཙམ་གྱིས་སྒམ་ཡང་པོར་སོང་། སྒར་དུ་འབྱོར་བ་དང་སྤྲུལ་པའི་སྐུ་ཡང་དགོངས་པ་བོན་ཉིད་དབྱིངས་སུ་བཞུགས་ཏེ་ཞིང་འདི་ནས་གཟུགས་སྐུའི་རྣམ་པ་བསྡུས་སོ། ཟེར་སྒྲོས་ལ། པད་མ་མཚོ་སྤྲུལ་པའི་སྐུ་ཡི་ལས་ཀྱི་ཕྱག་རྒྱ་མ་ཡིན་ཞིང་དེ་བསྟེན་ན་ཉིད་ཀྱི་སྐུ་ཚེ་དང་མཛད་པ་མཐར་ཕྱིན་པའི་ལུང་བསྟན་དང་བརྡའ་ཚོགས་ཇི་སྙེད་མངའ་ཡང་མཆོག་གི་སྤྲུལ་པའི་སྐུ་དེ་ནི་ཁྱིམ་སྤངས་རབ་བྱུང་གི་རྟེན་ལ་བརྟེན་ནས་སངས་རྒྱས་བསྟན་པའི་བྱ་བ་བྱེད་ཚུལ་ལ་ཤིན་ཏུ་ཐུགས་རང་ནས་ཁྱིམ་སྤངས་པས་མཁའ་འགྲོ་རྣམས་འཁྲུགས་པའི་རྐྱེན་གྱིས་སྐུ་ཚེ་མཐར་མ་འཁྱོལ་ཟེར། པད་མ་མཚོ་འཁྲུངས་ཡུལ་རྟ་ཤོད་དཀྱིལ་འཁོར་ཐང་གྲོང་མིང་ཀ་འཇའ་ཚང་ཞེས་པར་འཁྲུངས། དེའི་དོན་ཡང་མཁའ་འགྲོ་དེ་ཉིད་འཁྲུངས་པའི་དུས་སུ་ཁྱིམ་གྱི་ཀ་བའི་ཐོག་ཏུ་འཇའ་ཤར་བས་སོ། ཟེར་རོ། ཕྱིས་སུ་མཁའ་འགྲོ་མ་དེ་ཡང་ཡུལ་ལུགས་བཞིན་ཕ་མས་དབང་བྱས་ཏེ་ཡུལ་རྒྱང་ཤོད་ནང་རྒྱ་དུར་ཚང་དུ་བུ་སྤུན་དྲུག་གི་ཁྱིམ་དུ་བཏང་། གྲོང་དེའི་མ་ནི་ཤ་ཟན་གྱི་མཁའ་འགྲོའི་གཙོ་མོ་ཞིག་ཡིན་སྟབས་མཁའ་འགྲོ་པད་མ་མཚོ་ལ་སྐུ་ངལ་ཇི་སྙེད་བྱས། དེའི་སྐབས་འགའ་ཞིག་ཏུ་པད་མ་མཚོས་ཀྱང་རི་རྩེ་དྲུག་གི་སྐོར་ལམ་ཞིག་ཏུ་ཞབས་རྗེས་ཞིག་བཞག་པ་ད་དུང་ཡང་མིང་དང་བརྡ་མ་འགྱུར་བར་འདུག་གོ། སྤྲུལ་པའི་སྐུ་ཡི་གདུང་ཞུགས་ལ་ཕུལ། ས་ནས་དེར་ཤུག་པའི་སྡོང་པོ་ཞིག་ཚར་བ་ད་དུང་ཡང་གཏམ་རྒྱུད་དང་མིང་མ་འགྱུར་བར་ཡུལ་མིས་བཤད་སྲོལ་འདུག ཐུགས་མེ་རྡུག་བཞུགས་ཏེ་ཞི་ཁྲོའི་སྐུ་རང་བྱོན་འཁྲུངས་པ་དེ་ཧོར་ཡུལ་ཀླུ་ཕུག་དགོན་གྱི་ནང་རྟེན་དུ་བཞུགས་སོ། ལྗགས་ལས་སྨྲ་སེང་གི་སྐུ་རང་འབྱུང་བྱོན་པ་ཚ་བ་སྒང་སྟོད་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་ཆག་བཏབ་པ་ཁྲ་རྒན་དགོན་དུ་བཞུགས། གོང་གི་དངོས་སློབ་རྣམ་གཉིས་ལ་མདོ་རྒྱུད་རྣམས་ཨ་བ་ནམ་མཁའ་རིན་ཆེན་དང་། ཁྱུང་ཆེན་ཡོན་ཏན་རིན་ཆེན་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་རྒྱ་ར་བསམ་གཏན་རྒྱལ་མཚན་གྱིས་ཞུས། དེས་རྒྱ་བོ་རིན་ཆེན་འོད་ཟེར་ལ་བརྒྱུད། དེ་ཕྱིན་བརྒྱུད་པ་མང་གྱེས་ཐམས་ཅད་སྨོས་མི་ལང་ཡང་གཙོ་ཆེ་ནི་རྒྱ་བོ་ལ་ཕྱ་ནམ་མཁའ་རྒྱལ་མཚན་གྱིས་ཞུས། དེས་ཁྲོམ་ཚང་ཚུལ་ཁྲིམས་ཡེ་ཤེས་ལ་བརྒྱུད། དེ་ནས་རིམ་པར་མཁས་གྲུབ་སྨོན་ལམ་བཀྲ་ཤིས། ཞུ་རྣམ་རྒྱལ་གྲགས་པ། མཁས་གྲུབ་ཚུལ་ཁྲིམས་འོད་ཟེར། མཁན་པོ་རྣམ་དག་འོད་ཟེར། སྐུ་སྐྱེས་ཚུལ་ཁྲིམས་གཡུང་དྲུང་། གླིང་ཚུལ་ཁྲིམས་རྒྱལ་མཚན། སྟག་བྲོ་ནམ་མཁའ་འོད་ཟེར། སྟག་བྲོ་གཙུག་ཕུད་འོད་ཟེར། སྟག་རྩེ་ཚེ་དབང་ལྷུན་གྲུབ སྟག་རྩེ་གཡུང་དྲུང་རྣམ་རྒྱལ། མཁས་གྲུབ་ཚུལ་ཁྲིམས་དབང་རྒྱལ། ཡོངས་འཛིན་ནམ་མཁའ་དབང་གྲུབ། གཤེན་སྟོན་གཙུག་ཕུད་དབང་རྒྱལ། སྐུ་མདུན་བསོད་ནམས་བློ་གྲོས། མཁན་ཆེན་ཉི་མ་བསྟན་འཛིན། འགྲོ་མགོན་ཤེས་རབ་གཡུང་དྲུང་། དགེ་སློང་ཉི་མ་གྲགས་པ། མཁན་ཆེན་ཕུན་ཚོགས་བློ་གྲོས། ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་ཐག་མ་ཆད་པ་ཞིག་ལགས།
༼དྲི་མེད་གཟི་བརྗིད་ཀྱི་དཀར་ཆག༽
དེ་ལྟར་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལེའུ་དྲུག་ཅུ་རྩ་གཅིག་གི་གསུང་རབ་དཔར་དཔེ་འདི་ཡི་དཀར་ཆག་ལ་སྤྱིར་མཛད་པའི་དབྱེ་གྲངས་དང་དོན་བྱེ་བྲག་དེ་དག་གི་མཚམས་ཚིགས་ལེའུ་གྲངས་ཤོག་སྡེབས་གྲངས་སོགས་ཕྱོགས་བསྡེབས་བལྟ་བདེར་བཀོད་པ་ལ།
༼ཀ་དུམ༽ ལེའུ་དང་པོ་སྟོན་པ་འོད་གསལ་ལྷ་བབས་ཀྱི་ལེའུ་ལ། ༸ཡིག་དོན་འདས་པའི་བསྐལ་པ་བྱུང་ཚུལ། ད་ལྟའི་བསྐལ་པ་མུ་རྒྱུང་ཆགས་ཚུལ། སངས་རྒྱས་སྟོང་བྱུང་ཚུལ། ད་ལྟའི་སྟོན་པ་ཉིད་བསྐལ་པ་གྲངས་མེད་དུ་ཚོགས་བསགས་སྒྲིབ་སྦྱངས་བོན་སྐུ་ལས་རྫོགས་པའི་སྐུར་བཞེངས་སྤྲུལ་སྐུས་འགྲོ་བ་འདུལ་བར་དགོངས་ཏེ་གཙང་རིས་ལྷ་གནས་སུ་བཞུགས་པ་ལ་གཅེན་པོ་ཚེ་ལོ་སྟོང་པའི་སྟོན་པས་སྟོང་དཔལ་འབྱོར་གྱིས་ལུང་གིས་བསྐུལ། ལྷ་གཤེན་ལྷ་འོད་དཀར་དང་། སྲིད་པ་སངས་པོ་འབུམ་ཁྲི་ལ་འགྲོ་འདུལ་ལུང་ཞུས་ཐབས་ཤེས་སྦྲེལ་ཏེ། བར་ལྷ་འོད་གསལ་དུ་ཡེ་གཤེན་བཅུ་གསུམ་སོགས་ལ་བོན་གསུངས་གཉེར་གཏད་མཛད། སྡེབ་གྲངས་༡རྒྱབ་ཕྲེང(1) ༸སྟོན་པ་གཙང་རིས་ལྷ་གནས་ནས་གཟུགས་མེད་དང་གཟུགས་ཁམས་དང་འདོད་ཁམས་ལྷ་རྣམས་གནས་སུ་མས་རིམ་བབས་ཚུལ། ༡༥ རྒྱབ་ ༥ (30) ༸སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁམས་གསུམ་གྱི་ལྷ་རྣམས་ལ་བོན་གྱི་འཁོར་ལོ་བསྐོར་ཏེ་རྒྱུ་འབྲས་རྣམ་པར་དབྱེ་ཞིང་ཐར་པ་རིན་པོ་ཆེ་རྒྱུན་ལམ་ལ་འཇུག་པ་བསྟན། ལྷ་དབང་བརྒྱ་བྱིན་གྱིས་ཡོན་སྦྱར་ཏེ་གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས་ཏེ་ལྷའི་གཡུང་དྲུང་ལེགས་པའི་བློ་གྲོས་བསྟན་པའི་བདག་པོར་གཉེར་གཏད། ༣༣ བ ༣ (66) རྫོགས་བར།
༸ལེའུ་གཉིས་པ་རི་རབ་ཀྱི་རྩེ་མོར་ལྷ་དང་ལྷ་མིན་དྲེགས་པ་ཅན་རྣམས་དབང་དུ་བསྡུས་པ། ༸སྟོན་པས་ལྷ་མཐུ་ཆེན་རྣམས་དང་། ལྷ་མིན་རྒྱལ་པོ་སྡེ་ལྔ། ཕྱོགས་སྐྱོང་བཅུ། གནམ་ལ་གནས་པའི་ཡར་གཡེན་བཅུ་གསུམ། བར་སྣང་ལ་གནས་པའི་བར་གཡེན་སྡེ་དགུ། ས་ལ་གནས་པའི་ས་གཡེན་བཅུ་གཅིག་སོགས་འཇིག་རྟེན་དྲེགས་པ་ཅན་ཀུན་དབང་དུ་བསྡུས་ཏེ་བོན་སྒོར་བཙུད། ༡ (319) ༸དེ་དག་རྣམས་ལ་འཕྲུལ་ངག་བདེན་པའི་བོན་བསྟན། ལྷ་མིན་རྒྱལ་པོ་ཐག་བཟང་རིས་ཀྱིས་སྦྱིན་བདག་ཞུས་ཏེ། གསས་ཁང་ལྷ་རྩེ་གུང་ནམ་བཞེངས། ལྷ་མིན་གཤེན་པོ་མུ་ལ་འོད་འབར་དང་། གཡེན་བོན་སོ་གསུམ་ལ་གཉེར་དུ་གཏད། ༡༠ ཉིན་ཕྲེང་། ༦ (337)རྫོགས་བར།
༸ལེའུ་གསུམ་པ་སངས་རྒྱས་བསྟན་པ་ཆགས་ཕེབས་པ། ༸ཞིང་ཁམས་སྤྱི་དང་བྱེ་བྲག་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཆགས་ཚུལ་རི་མཚོ་དཔག་བསམ་སོགས་ཀྱི་བཀོད་པ་གླིང་དང་གྲོང་ཁྱེར་ཕོ་བྲང་རྣམས་ཀྱི་མཚན་བཀོད་ཚད་བཅས་བསྟན་པ་ཡོད། སྡེབ་ ༡ (431) ༸ཞིང་ཁམས་དེའི་མི་རིགས་དང་རྒྱལ་པོའི་གདུང་བརྒྱུད་ཆགས་ཚུལ་སོགས་མི་རྣམས་ཆགས་ཚུལ། ༣༠ བ ༡ (490) ཞིང་ཁམས་དེ་རུ་སངས་རྒྱས་རྣམས་གཟིགས་དགོངས་ཀྱིས་བྱོན་ཚུལ་དང་། ལྷ་མིའི་འཇིག་རྟེན་གཞན་དག་གིས་ཞིང་ཁམས་དེ་རུ་མས་འདུན་གུས་པས་མཚན་གསོལ་སྨོན་ལམ་འདེབས་པ་དང་། དགེ་བ་ཅན་རྣམས་དེ་རུ་སྐྱེ་ཚུལ་བཅས། ༣༤ ན༤ (497)
༸ལེའུ་བཞི་པ་སྐུ་སྐྱེ་བ་བཞེས་པ། རི་རབ་ལྷོ་ཕྱོགས་འཕགས་སྐྱེས་པོའི་ཕོ་བྲང་རྩེ་ནས་གཟིགས་ཚད་ལྔ་དང་དགོངས་ཚད་ལྔས་འདབ་ཆགས་རྒྱལ་པོ་ཁུ་བྱུག་ཏུ་སྤྲུལ་རྒྱལ་མཁར་བར་པོ་སོ་བརྒྱད་རྩེར་དམུ་རིགས་རྒྱལ་པོ་ཡབ་ཡུམ་གྱི་སྐུའི་རྟར་ཞོན་ལྷུམས་སུ་ཞུགས་ཏེ་འབྱུང་བཞིའི་ལྷ་མོས་སྐུ་བསྐྱེད་དེ་གྲུབ་ཚུལ་དང་སྙོམ་འཇུག་གི་ཏིང་ངེ་འཛིན་ལ་བཞུགས་པ། ༡ (555) ༸མཁར་སྒོར་ཨུ་འབར་མེ་ཏོག་འདབ་མ་སྟོང་ལྡན་དང་། རྒྱབ་རིར་མུ་ལེ་དྲུམ་ཤིང་ཡན་ལག་བརྒྱད་ལྡན་གསར་འཁྲུངས་བཅས། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ལང་དང་པོར་སྐུ་བལྟམས་པའི་ཚུལ་དང་། གསུང་ཐང་གསུམ་སྒྲོགས་པ་རིགས་དྲུག་སོགས་རང་རང་གིས་སྙན་པར་ཐོས་ཚུལ་གནམ་ས་བར་གསུམ་ནས་ལྷ་ཀླུ་གཉན་གསུམ་དང་གཡེན་ཁམས་སོ་གསུམ་བླ་བོན་བཅས་འཁོར་ཐོག་མ་རྣམས་འདུས་པ། ༡༤ ན༡ (581) དགུང་ཟླ་གསུམ་ལོན་པའི་ནང་པར་རྒྱལ་བུའི་ཞལ་བལྟ་བར་ལྷ་ཀླུ་གཉན་སོགས་གདུལ་བྱ་ཀུན་ཚོགས་ཏེ། སྐུ་ཁྲུས་མངའ་གསོལ། བྲམ་ཟེས་མཚན་དཔེ་ཡོན་ཏན་མཁྱེན་ཤེས་ཏིང་འཛིན་འོད་ཟེར་སྤྲོ་བསྡུ་སོགས་ལ་དཔྱད་ཅིང་མཚན་བཏགས་པ་དང་། ལྷ་ཀླུ་གཉེན་སོགས་ལ་ཞལ་བསྟན་གཡེན་ཁམས་རྣམས་ཀྱིས་ཁམས་འདྲིའི་ཞུ་ལན་བཅས་རྗེས་སྟོན་པའི་མེས་ཕྱི་དང་བྲམ་ཟེ་སོགས་སྔ་རབས་སྟོན་པས་སྨོན་ལམ་ཐེབས་པའི་མི་རྣམས་སངས་རྒྱས་པ་བཅས་ཡོད། ༢༡ ན ༦ (594) ༡༠༢ རྫོགས་བར།
༼ཁ་དུམ༽ལེའུ་ལྔ་པ་རྒྱལ་བུ་གཞོན་ནུ་རོལ་རྩེད་མདོ། ༸སྟོན་པ་རྩ་གསུམ་ལྷ་གནས་ནས་རི་རབ་ཀྱི་རྩེར་འབྱོན་ཁར་གཅུང་ཤེས་པ་ཉིད། ལྷ་ཉེ་དབང་རྒྱལ་པོ་བཟང་སྐྱོང་དཔལ་གྱི་སྲས་འཆི་མེད་བྱམས་ལྡན་མགོན་པོར་འཁྲུངས་པ་ལ་ལུང་བསྟན་རྫོགས་སྐུའི་ཆས་རྒྱན་རྣམས་དཔོག་སྟེ་ལྷ་ཁམས་འདུལ་བའི་སྟོན་པར་རྒྱལ་ཚབ་བཞག་པ། ༡ (1) ༸རྒྱལ་བུ་ཉིད་གཞོན་ནུ་ཕོ་མོ་བཅུ་དྲུག་གི་འཁོར་བཅས་ནགས་ཚལ་དང་སྐྱེད་མོས་ཚལ་ལ་སྐུ་འཆག་པ་ལུ་མ་དང་ལྡིང་ཁང་ལ་ཁྲུས་བྱེད་པ། དཔག་བསམ་གྱི་གསིལ་གཡབ་ལ་བཞུགས་པ། རིན་པོ་ཆེའི་བྲག་ལ་ཁམས་སེང་མེ་ཏོག་གི་ལྡིང་ཁང་དུ་གཟིམས་པ་སོགས་ལ་ཕེབས་ཤིང་རོལ་རྩེད་སྐབས། དང་པོ་མ་མ་བཀྲ་ཤིས་མ་ལ་སྔོན་གྱི་ལོ་རྒྱུས་གསུངས་པ། ༩ ན ༣ (17) ༸གཉིས་པ་ནགས་ཚལ་ཤར་ཕྱོགས་ཤིང་ཨ་པར་ལྗོན་པའི་ནགས་ཚལ་དུ་སྤྲེའུའི་ཚོགས་ལ་བཀའ་སྩལ་བདེར་བཀོད། སྤྲེལ་བུའི་རོལ་རྩེད་སྣ་ཚོགས་མཛད་པ། སྤྲེའུའི་སྡེ་ལ་བོན་བསྟན་པ་བཅས། ༡༩ ན ༥ (31) གསུམ་པ་ནགས་ཚལ་བྱང་ཕྱོགས་མེ་ཏོག་ཨུ་མོ་ཏའི་ཁར་བཞུགས་འཁོར་གྱིས་བསྙེན་བཀུར་སྐབས། བདུད་ཀྱི་བུས་ཐོག་དབབ་པ་ཐོག་རྨེད་དགུ་དགྲ་བླའི་གོ་མཚོན་སྣ་དགུར་བཞེས་ཏེ་དགྲ་བླའི་བོ་གསང་མཛད་པ་དང་དགྲ་བླའི་དམགས་ཚོགས་དང་ལྷན་དུ་གོ་རྩེད་བརྒྱད་ཅུ་མཛད་པ་སོགས། ༢༩ ན ༡ (51) བཞི་པ་ནགས་ཚལ་གྱི་ནུབ་ཡན་ལག་བརྒྱད་ལྡན་མཚོ་འགྲམ་དུ་ཀླུས་མཆོད་འབུལ་ཀླུ་རྩེད་མཛད་པ་དང་ཀླུ་ཁྱུང་གི་འཁྲུགས་འདུམ་ཀླུ་ལ་བོན་བསྟན་པ། ༣༨ བ༦ (76) ལྔ་པ་ནགས་ཚལ་ལྷོའི་ནགས་གསེབ་ཤིང་ཐོག་གི་བྱ་བར་བཞུགས་སྐབས་ཤ་ཟ་སྲིན་པོའི་འཇབ་བུ་དང་ཆོ་འཕྲུལ་བཟློག་པ་སོགས། ༤༩ བ༢ (98) དྲུག་པ་ནགས་ཚལ་ལྷོ་ཤར་དཔག་བསམ་ཨ་བ་ནེ་རའི་གསེབ་ཏུ་འདབ་ཆགས་ཚོགས་ཀྱིས་བསྙེན་བཀུར་ཞུས་སྐབས་བྱ་ཡི་གཏམ་རྒྱུད་གསུངས་པ། ༥༨ ན ༡ (115) བདུན་པ་ནགས་ཚལ་བྱང་ཤར་ཤིང་ཏ་ལའི་གསེབ་ཏུ་གཅན་གཟན་ཚོགས་ཀྱིས་བསྐོར་བ་བྱེད་སྐབས་གཅན་ཚོགས་ཀྱི་གྲོལ་ཁུངས་གསུངས་པ། ༨༥ ན ༥ (169) བརྒྱད་པ་ནགས་ཚལ་བྱང་ནུབ་མེ་ཏོག་གླིང་ལ་རི་དྭགས་ཚོགས་ཀྱིས་གུས་བཏུད་སྐབས་རི་དྭགས་ཀྱི་བྱུང་ཁུངས་གནས་བཀོད་ལོ་རྒྱུས་གསུངས་པ། ༡༠༡ བ ༡ (202) དགུ་པ་ནགས་ཚལ་ལྷོ་ནུབ་བྲག་གཞའ་ཚོན་གུར་ཁྱིམ་དུ་འཁོར་རྣམས་ལ་བྱ་བ་བྱེད་ཚུལ་ལེགས་བཤད་གསུངས་ནས་དགྱེས་སྟོན་མཛད། ༡༡༣ ན ༦ (225) ༡༢༣ རྫོགས་བར།
༸ལེའུ་དྲུག་པ་རྒྱལ་བུ་རྒྱལ་སར་བཏོན་པའི་མདོ། ༸མཁར་བར་པོ་སོ་བརྒྱད་དུ་རྒྱལ་སར་མངའ་གསོལ་འཇིག་རྟེན་གྱི་མངའ་དབང་བདག་པོ་ཀུན་སོགས་ལྷ་ཀླུ་མི་དང་སྡེ་བརྒྱད་རིགས་དྲུག་ཀུན་འཚོགས་རྒྱལ་བུ་ལ་ཕྱག་དང་ཞེ་ས་ཞུས། སྐོས་རྗེས་བསྐོས་བཤད་ལེགས་འབུལ་སྨོན་ལམ་བཏབས། རྨ་ལོ་གཡུ་ལོ་གཉིས་སྐུ་དྲུང་དུ་འཁོད། ཡབ་ཡུམ་གཉིས་སོགས་མང་བ་སངས་རྒྱས་སོ། འདི་ཡན་སྐུ་སྐྱེ་བ་བཞེས་པའི་མཛད་པའོ། ༡ (247) ལྷ་སྲས་ཀརྨ་ལི་ཤོ་སོགས་ལ་བཟོ་རིག་གི་བོན་བསྟན་ཏེ་བཟོ་གནས་རྣམ་པ་ལྔ་ཞིབ་པར་གསུངས་པ་ཡོད། ༤༡ ན༣ (327) ༧༢ རྫོགས།
ལེའུ་བདུན་པ་རྒྱལ་བུས་བཀའ་ཁྲིམས་སྩལ་བའི་མདོ། ༸གསས་མཁར་ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ་ཡེ་གཤེན་བཅུ་དྲུག་དང་ཁམས་གསུམ་ལྷ་རིགས་སོགས་གདུལ་བྱ་ཀུན་ཚོགས་ལ་རྨ་ལོ་གཡུ་ལོ་དཀུར་བརྟེན་ནས། བདེ་བར་གཤེགས་པ་ལ་ཕྱག་བཤགས་སྨོན་ལམ་གསུམ་གྱི་ཚིག་བཤད་གསུངས་པ་རྒྱལ་བ་རྒྱ་མཚོའི་པོ་བསྟོད། འཁོར་རྣམས་སངས་རྒྱས་པ། ནམ་མཁའི་བ་དན་ཅན་ལ་མན་ངག་ལུང་བསྟན་ཤམ་པོ་ལྷ་རྩེའི་བདག་བསྐོས། ༡ (393) མཁར་བར་པོ་སོ་བརྒྱད་དུ་བྱོན་ནས་རྒྱལ་པོའི་བཀའ་ཁྲིམས་སྩལ་ཅིང་འཁོར་རྣམས་ཀྱིས་མངོན་པར་བསྟོད་པ། ༣༣ བ༡ (458) ཕྱ་གཤེན་ལེགས་རྒྱལ་ཐང་པོ་ལ་མོ་རྩིས་གཏོ་དཔྱད་བཞི་སྟེ་ཕྱ་གཤེན་གྱི་བོན་ཞིབ་བཤད་གསུངས་ཏེ་བར་པོ་སོ་བརྒྱད་ཀྱི་བདག་ཏུ་བསྐོས། ༧༤ བ༣ (520) ༨༥ རྫོགས།
༸ལེའུ་བརྒྱད་པ་སྣང་གཤེན་གྱི་བོན་གསུངས་པའི་མདོ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་སྣང་གཤེན་གཙུག་ཕུད་ལ་གྱེར་སྒོ་བཞི་དང་སྐད་གཅོང་བརྒྱད་སོགས་སྣང་གཤེན་གྱི་བོན་གཏན་ཕབས་བཤད་ཁྲི་སྨོན་རྒྱལ་མཁར་བདག་ཏུ་བསྐོས། ༡ (543) ༣༥ རྫོགས།
༸ལེའུ་དགུ་པ་འཕྲུལ་གཤེན་གྱི་བོན་གསུངས་པའི་མདོ། ༸གསས་མཁར་ཁོ་མ་ནེའུ་ཆུང་དུ་སྤྲེའུ་ཚོགས་ཀྱིས་ཤིང་ཐོག་དྲངས་ཏེ་སྨོན་ཚིག་གིས་སྤྲེའུ་རྣམས་སངས་རྒྱས་པ་དང་། གསས་མཁར་གྱི་ལྷ་ཚོགས་ལ་མཆོད་འབུལ་ཡན་ལག་བདུན་གྱི་ཚིག་བཅད་གསུངས། ལྷ་ཀླུ་སོགས་ལ་དྲག་པོ་སྔགས་ཀྱི་བོན་གསུངས་ནས་ལྷ་རྩེ་གུང་ནམ་གནས་སུ་བསྐོར་ཕྱག་མཆོད་འབུལ་བོན་སྟོན་པར་བསྐུལ། ༡ (613) ༸འཕྲུལ་གཤེན་གཙུག་ཕུད་ལ་བསྙེན་བསྒྲུབ་ལས་སྦྱོར་སོགས་འཕྲུལ་གཤེན་གྱི་བོན་གསུངས། ཁོ་མ་ནེའུ་ཆུང་གི་བདག་ཏུ་བསྐོས། ༡༡ བ ༢ (634) དེ་དག་གི་སྔོན་གྱི་ལོ་རྒྱུས་གཏམ་རྒྱུད་ཞིབ་པར་བཤད་དེ་འཕྲུལ་གཤེན་གཙུག་ཕུད་ལ་གསུངས་པ། ༢༡ བ ༤ (652) ༣༩ རྫོགས།
༼ག དུམ༽ ༸ལེའུ་བཅུ་པ་སྲིད་གཤེན་ཐེག་པའི་མདོ། ༸རྒྱ་མཚོ་ལ་སྐུ་ཁྲུས་གསོལ་བ་གྲོང་ཁྱེར་ལ་ཞབས་ཀྱིས་བཅག་པ་ཞང་མེས་ལ་ཞེ་ས་འབུལ་བ། རྒྱལ་པོ་ས་ལ་ལ་སྔོན་རབས་བཤད་པ། མཚོ་མུ་ལེ་སྟོང་ལྡན་གྱི་འགྲམ་གྲོང་ཁྱེར་ལང་ལིང་དབུས་སུ་གསས་ཁང་ཁོ་མ་རུ་རིང་ཞེས་པ་བཞེངས། རྒྱལ་བུ་འོད་མཛེས་དཔལ་གྱིས་ཡོན་སྦྱར་བ། ༡ (1) སྲིད་གཤེན་གཙུག་ཕུད་ལ་ཤི་ཐབས་དང་འདུར་ཐབས་བླ་ཡིད་སེམས་གསུམ་ཁ་བྲལ་བ་བསྡུས་ཏེ་བདེ་བའི་གནས་སུ་བཀོད་ཚུལ་གསུངས། ༣༢ བ༣ (64) མཚོ་མུ་ལེ་སྟོང་ལྡན་དུ་སྐུ་ཁྲུས་ལ་གཤེགས་ནས་ཟླ་བ་ཉ་གསུམ་དུས་ལྷ་ཀླུ་མིས་སྐུ་ཁྲུས་རྒྱས་པར་གསོལ་བ་དང་། ལྷ་མོ་གོས་དཀར་མོའི་ཁྲུས་ཀྱི་བོན་འཁོར་ལ་གསུངས་པ། ༣༨ བ ༡ (76) ༦༠ རྫོགས།
༸ལེའུ་བཅུ་གཅིག་པ་ཀུན་དབྱིངས་ཆོ་གའི་ལེའུ། ༸གསས་མཁར་ཁོ་མ་རུ་རིང་ལ་མངའ་འབུལ་རབ་གནས་མཛད་དེ་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་ལྷ་བརྒྱ་དང་ཉེར་གཅིག་གི་ཆོ་གའི་ལེའུ་རྒྱས་པར་སྔོན་འགྲོ་དངོས་གཞི་རྗེས་བྱ་མཐར་ཕྱུང་སྟེ་ཚངས་པ་གཙུག་ཕུད་ལ་གཉེར་གཏད། རྒྱལ་བུ་འོད་མཛེས་ལ་སྔོན་གྱི་ཡིན་ལུགས་སྨོན་ལམ་ལས་གྲུབ་པའི་ལོ་རྒྱུས་གསུངས། ༡ (121) ༡༥༡ མཐའ་རྫོགས།
༸ལེའུ་བཅུ་གཉིས་པ་དགེ་བསྙེན་ཐེག་པའི་མདོ། ༸ནང་གླིང་ཤར་ཕྱོགས་གཡུང་དྲུང་བཀོད་པར་ལྷ་རི་སྤོ་མཐོན་གྱི་རྩ་བ་རྒྱལ་པོའི་ཁབ་དགའ་བ་ཅན་དུ་ཚངས་པ་གཙུག་ཕུད་སོགས་འཁོར་རྣམས་ལ་རྒྱུ་འབྲས་གཏན་ལ་ཕབས་པའི་གསུངས། དགེ་བསྙེན་གྱི་བོན་གསུངས་ཤིང་གཡུང་དྲུང་བཀོད་ལེགས་ཀྱི་གསས་ཁང་བཞེངས་ཏེ་ཁྲུས་ཀྱི་ཆོ་ག་ཕྱག་སྐོར་མོས་མདུན་སྐུ་གདུང་སཙྪ་གདབ་པ་མཆོད་གཏོར་གཏོང་བ་ཚོགས་བསགས་མཆོད་འབུལ་ཆོ་ག་བཅས་དགེ་བསྙེན་རིམ་ལྔ་དབྱིངས་ཀྱི་ལྷ་ལྔའི་སྒོ་ནས་མཛད་དེ་ཚངས་པ་གཙུག་ཕུད་ལ་གཉེར་གཏད། ༡ (423) ༡༢༥ ལ་རྫོགས།
༸ལེའུ་བཅུ་གསུམ་པ་དྲང་སྲོང་ཐེག་པའི་མདོ། ནང་གླིང་ཤར་གཡས་འདུལ་བ་ཁྲིམས་ཀྱི་གླིང་། གསས་ཁང་བ་རབ་གསེར་གླིང་སྒོར་བཞུགས། རྣམ་དག་གཙུག་ཕུད་སོགས་ལ་དྲང་སྲོང་ཐེག་པ་དགེ་སྤྱོད་ཕྱི་ཚུལ་ནང་ཁྲིམས་སྤང་བླང་རྒྱས་པར་གསུངས། ༡ (673) ༦༡ བར།
༼ང དུམ༽ ལེའུ་བཅུ་བཞི་པ་ཨ་དཀར་ཐེག་པའི་མདོ། ནང་གླིང་ལྷོ་ཤར་བདུད་འདུལ་སྔགས་གླིང་གི་དབུས་གསས་ཁང་ཁ་རག་བདུད་འདུལ་གྱི་མདུན་དུ་བཞུགས། ཨ་དཀར་ཐེག་པ་གསས་མཁར་རྒྱུད་ཀྱི་རྣམ་གྲངས། དོན་དམ་ཉམས་སུ་ལེན་ཚུལ། བསྙེན་སྒྲུབ་འཕྲིན་ལས་རིམ་པ། དོན་རྟོགས་ཡོན་ཏན་འཐོབ་ཚུལ་བཅས་རྒྱས་པར་གསུངས་ཏེ་དབང་གཤེན་གཙུག་ཕུད་དམ་གསང་བ་འདུས་པ་ལ་གཉེར་གཏད། ༡ (1) ༡༩ ཚང་།
༸ལེའུ་བཅོ་ལྔ་པ་ཡེ་གཤེན་ཐེག་པའི་མདོ། ནང་གླིང་ལྷོ་ཕྱོགས་ཚད་མེད་བྱང་ཆུབ་གླིང་དབུས་རི་བོ་གངས་གླིང་ཁྲོད་ཀྱི་རྩ་བ་བྱང་ཆུབ་ཤིང་གི་ནགས་ཚལ་དུ་བཞུགས། བྱང་ཆུབ་སེམས་ཀྱི་རང་བཞིན་རིག་པ་ཡེ་ཤེས་ཀྱི་ཆེ་བ་མཚན་བཅས་མཚན་མེད་ཉམས་ལེན་དོན་དང་ཡོན་ཏན་ཏིང་འཛིན་རྒྱུད་ལ་ཐོབ་ཚུལ་བཅས་ཞིབ་པར་གསུངས་ཏེ་ཡིད་ལས་སྤྲུལ་པའི་ཡེ་གཤེན་གཙུག་ཕུད་ལ་གཉེར་གཏད། ༡ (159) ༤༣ ཚང་།
༸ ལེའུ་བཅུ་དྲུག་པ་ཐེག་པ་དགུ་པ་བླ་མེད་ཀྱི་མདོ། ནང་གླིང་ནུབ་ཕྱོགས་མི་གཡོ་བསམ་གཏན་གླིང་དབུས་ཕོ་བྲང་དགུ་ཁྲི་གླིང་མཁར་དུ་བཞུགས། གཞི་ཡི་གནས་ལུགས་གཞི་ལས་གྲོལ་ཚུལ། ལམ་གྱི་བགྲོད་ཚུལ། འབྲས་བུའི་གྲུབ་ཚུལ། ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་དོན། རྒྱུ་འབྲས་ཐེག་བརྒྱད་བླ་མེད་དོན་ལ་སྡུད་ཚུལ། རྒྱུད་(༣)ལུང་(༦)མན་ངག(༡༢)དབྱེ་བ། དོན་རྟགས་ཡོན་ཏན་གྱི་སྒོ་ནས་འགྲོ་བའི་དཔལ་དུ་འགྱུར་ཚུལ་བཅས་གསུངས་ཏེ་ཚད་མེད་འོད་ལྡན་གྱི་སྤྲུལ་པ་གཤེན་ཚད་མེད་གཙུག་ཕུད་ལ་གཏད། ༡ (245) ༣༧ རྫོགས།
༸ལེའུ་བཅུ་བདུན་པ་སྐད་འགྱུར་སོ་སོའི་བོན་མདོ། ༸འདབ་ཆགས་རྒྱལ་པོ་ཁྱུང་ལ་བཅིབ་སྟེ་གཡུང་དྲུང་དགུ་བརྩེགས་རྩེར་གཤེགས་དེ་རུ་རྨ་ལོ་གཡུ་ལོ་སོགས་གཡུང་དྲུང་སེམས་དཔའ་ཆེན་པོ་རྣམས་དང་། ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་ཐབས་ཅིག་བཞུགས་ཏེ་འོད་ཟེར་སྤྲོས་པས་སྟོང་གསུམ་འཇིག་རྟེན་གཞན་དག་ཤར་ཕྱོགས་ཀྱི་ཞིང་ཁམས་ནས་གཤེན་རབ་འ་ཞ་གསང་བ་བྱོན་པ་དང་བྲག་སེང་གེ་རྒྱབ་བསྣོལ་ཕུག་ཏུ་གསང་སྒོམ་ལ་གཤགེས་པ། ཡེ་གཤེན་ཐིག་ལེ་ལ་བོན་སྒོ་རྣམས་རྒྱས་པ་སྤྱི་རུ་བསྟན་པ། འབྲིང་པོ་ཐབས་སུ་བསྟན་པ། བསྡུས་པ་དོན་དུ་བསྟན་པ། མན་ངག་གནད་དུ་བསྟན་པ་བཅས་བཞི་གསུངས། དེའི་ཐབས་སུ་སྐད་འགྱུར་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ཀྱི་བོན་བསྟན་པ་བཅས་ཡོད། འདི་ཡན་བསྟན་པ་སྤེལ་བའི་མཛད་པ། ༡ (319) ༥༤
༸ལེའུ་བཅོ་བརྒྱད་པ་གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བ། ༸མཐའ་གླིང་སོ་གཉིས་ཀྱི་བྱང་ཤར་གཅན་གཟན་ཁྲོམ་གླིང་ཁྱི་ཁྱོན་རྒྱལ་པོའི་ལོ་རྒྱུས་དང་། དེས་སྟོན་པ་གཙོ་འཁོར་སྤྱན་དྲངས་པ་དང་། རྒྱལ་འཁོར་གྱི་སྒྲིབ་སྦྱོངས་བདེ་གཤེགས་སྲས་བཅས་ཚོགས་ཀྱི་མཚན་ཕྱག་སྡིག་བཤགས། སྨོན་ལམ་བཅས་ཀྱི་ཚིག་བཤད། མུ་ཁྱུད་གདལ་བའི་མཚོ་འགྲམ་དུ་གསས་ཁང་བ་གམ་ལྷ་རྩེ་བཞེངས། སྔོན་གྱི་ལོ་རྒྱུས་ཡིན་ཚུལ་ཁྱི་ཁྱོན་རྒྱལ་པོ་ཡབ་སྲས་ལ་གསུངས་པ་བཅས། ༡(429) ༨༢ བར་ཡོད།
༸ལེའུ་བཅུ་དགུ་པ་བྱམས་ལྡན་རྒྱལ་བའི་ཆོ་ག། ༸མུ་ཁྱུད་གདལ་བའི་མཚོ་འགྲམ་ཁྱི་ཁྱོན་རྒྱལ་པོས་བཞེངས་པའི་གསས་ཁང་བ་གམ་ལྷ་རྩེ་ལ་རབ་གནས་ཆོ་ག་རྒྱས་པར་མཛད་པས་བསླང་ནས་བཀྲ་ཤིས་གསོལ་བར་ཆོ་གའི་ཕྲིན་ལས། ༡ (589) ༣༧
༸ལེའུ་ཉི་ཤུ་པ་བསྟན་པ་རིན་པོ་ཆེ་རབ་ཏུ་བསྟན་པའི་མདོ། ༸མཐའ་གླིང་ལྷོ་ཕྱོགས་དབང་ཆེན་ས་བདག་རྒྱལ་པོའི་ཕོ་བྲང་དུ་གཤེགས་ནས། གསས་ཁང་བ་རབ་ཡོངས་འདུལ་བཞེངས་ཤིང་དུས་ཀྱི་འཁོར་ལོའི་ཆོ་ག་གསུངས་ཏེ་རབ་གནས་མཛད་པ། ༡ (663) ༩༩ ཚང་བའོ།།
༸༼ཅ་དུམ༽ ལེའུ་ཉེར་གཅིག་པེའུ་ཙེ་རྣམ་གསུམ་གྱི་བོན་བསྟན་པ། ཤར་ཕྱོགས་གྲོང་ཁྱེར་དགའ་ལྡན་བྱམས་པའི་གླིང་བྱོན་ལྷ་ཀླུ་མི་སོགས་འཁོར་ཚོགས་འདུས་ཏེ་གནམ་ས་བར་གསུམ་དུ་འོད་དང་སྒྲ་དང་མེ་ཏོག་ཁྱད་པར་ཅན་བྱུང་ཞིང་གཡུང་དྲུང་སེམས་དཔའ་བཞིའི་མགྲིན་གཅིག་ཏུ་གསས་མཁར་གྱི་ལྷ་ཚོགས་ལ་མཆོད་འབུལ་ཡན་ལག་བརྒྱད་པའི་ཚིག་བཅད་ཕུལ། འཁོར་འདུས་པ་གྲངས་མང་སངས་རྒྱས་པ། ༡(1) ༡༦ ཡན། ༸ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ་བཞུགས་ཏེ་དེ་ཡན་གྱི་མཛད་པའི་མདོ་དོན་གསུངས་པ་དང་མཉམ་དུ་ལོ་མཛོད་བཅུ་གཉིས་ཀྱི་བརྡ་དོན་བྱུང་ཚུལ་ལོ་བཅུ་གཉིས་མིང་(འདིར་གླང་ཆེན་དང་ཁྱུང་གླང་ལོ་བྱ་ལོར་གསལ།) བཏགས་གཏན་ཚིགས་གསུངས་བཅས། ༡༦ བ ༡ (32) ༸ཁམས་གསུམ་འདུལ་བའི་གཉེན་པོར་བསྟན་པ་སྐུའི་པེའུ་ཙེ་བསྒྲགས་པ་གསུང་གི་པེའུ་ཙེ་བསྒྲུབ་པ་ཐུགས་ཀྱི་པེའུ་ཙེ་གསུམ་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསས་མཁར་སུམ་བརྒྱ་དྲུག་ཅུ། ཐེག་པ་རིམ་པ་དགུ། སྒོ་བཞི་མཛོད་ལྔ་བཅས་བསྡུད་ཚུལ་དང་པེའུ་ཙེ་གསུམ་གྱི་དོན་བསྟན་པ་ནི། ཚད་གསུམ་ཟུང་དུ་འབྲེལ་བ། (༡) བདེན་གཉིས་དོ་རུ་མཉམ་པ། (༢) དབང་པོ་རབ་འབྲིང་ཐ་མའི་བློ་དང་སྦྱར་བ།(༣) བསྟན་པ་སྲིད་གསུམ་ལ་སྒྲོག་ཅིང་ཁམས་གསུམ་ལ་སྤེལ་ཚུལ། དུག་གསུམ་གྱི་སྒྲིབ་དག་སྐུ་གསུམ་གྱི་འབྲས་བུ་འཐོབ་ཚུལ་(༥)རྣམས། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་པོ་གསུམ་སོགས་ལྷ་ཀླུ་མི་གསུམ་གྱི་སློབ་མ་རྣམས་ལ་བསྟན་པ། ༤༥ བ ༣ (90) ༥༧ ཚང་།
ལེའུ་ཉེར་གཉིས་འགྲོ་འདུལ་འོད་ཟེར་སྤྲོས་པ། ༸ལྷོ་ཕྱོགས་གྲོང་ཁྱེར་ཚད་མེད་ཡངས་པའི་དབུས་བར་པོ་སོ་བརྒྱད་དྲུང་དུ་བཞུགས། འགྲོ་བ་འདུལ་བའི་འོད་ཟེར་སྤྱིར་ནམ་མཁའ་ཁྱབ་ཚད་འཇིག་རྟེན་གྱི་ཁམས་སུ་སྤྲོས། སྒོས་སྟོང་གསུམ་འཇིག་རྟེན་རིགས་དྲུག་གི་ཞིང་དུ་སྤྲོས། བྱེ་བྲག་ཚངས་རྒྱུང་འཇིག་རྟེན་གླིང་བཞི་རི་རབ་བཅས་པར་སྤྲོས། དེ་དག་གི་ཞིང་ཁམས་རྣམས་སུ་སྤྲུལ་པའི་སྐུས་བོན་བསྟན་ཚུལ། ༡ (115) ༸སྟོན་པའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གསུམ་ནས་འོད་ཟེར་སྤྲོས་ཏེ་གཡེན་ཁམས་སོ་གསུམ་ཞིང་དུ་སྤྲུལ་པའི་སྐུ་རེས་བོན་བསྟན་པ། ༥༤ བ༤ (220) ༸དཔེ་བྱད་བཟང་པོ་༨༡ དང་། ཏིང་ངེ་འཛིན་༣༦༠ དང་། གཞན་ཡང་གང་ལ་གང་འདུལ་གྱི་འོད་ཟེར་འོལ་མོ་ཀུན་ཏུ་སྤྲོས་ཏེ་འཁོར་རྣམས་ལ་བོན་བཤད་དང་དོན་གྱི་སྙིང་པོ་གཟུངས་ཀྱི་བོན་རྣམས་གཤེན་ཚངས་པ་གཙུག་ཕུད་སོགས་ལ་གསུངས། ༡༠༡ ན ༤ (313) ༡༢༡ རྫོགས་བར།
༸ལེའུ་ཉེར་གསུམ་པ་རྒྱུ་འབྲས་རྣམ་པར་འབྱེད་པ། ༸མཚམས་བཞི་རང་བྱུང་མཆོད་རྟེན་བཞི་ལ་མཆོད་པ་ཕུལ་ཅིང་ཤར་ལྷོར་བདེ་བ་རང་གྲུབ་མཆོད་རྟེན་སྒོ་དྲུང་དུ་བཞུགས་ཤིང་སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྡུག་བསྔལ་རྣམས་གསུངས་པ། བ ༡ (355) ༸བཀའ་ལུང་ཉན་བཤད་བྱེད་ཚུལ། མི་རྟག་པ་སྒོམ་ཚུལ། རི་ཁྲོད་དབེན་པར་བསྟེན་པ། དགོན་པར་དཀའ་བ་སྤྱོད་ཚུལ་བཞི། འཁོར་སྡེ་བཞི་ལ་གསུངས། དག་པ་དྲང་སྲོང་། གཙང་མ་གཙུག་ཕུད། དགེ་བསྙེན་གཏན་ཁྲིམས། བསྙེན་གནས་ཡན་ལག་བོན་རྣམས་འཁོར་ཡ་བརྒྱད་ལ་གསུངས་པ་བཅས། ཐོས་བསམ་སྒོམ་པ། འཆད་རྩོད་རྩོམ་པ་སོགས་ཀྱི་སྒོ་ནས་བསྒྲུབ་ཚུལ་བཅས། ༥༩ ན ༢ (473) ༨༣ ཚང་།
༸ལེའུ་ཉེར་བཞི་པ་འགྲོ་བ་ཐར་པར་དྲངས་པ། ཤར་ཕྱོགས་གསས་མཁར་ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ་བཞུགས་ཏེ་འོད་སྤྲོས་པས་སངས་པོའི་ཐུགས་སྲས་ཡིད་ཀྱི་ཁྱེའུ་ཆུང་མཁའ་ལས་བབས་ཏེ་སྟོན་པའི་དྲུང་དུ་འཁོད་པ། མདུན་གྱི་མཁའ་ལ་བདེར་གཤེགས་གཙོ་བཞི། འཁོར་བདེར་གཤེགས་སྟོང་རྩ། ལྷ་མོ་སུམ་བརྒྱ། ལྷ་གཤེན་བརྒྱ་བཅས་སྐུ་ཕྱག་རྒྱ་རྒྱ་ཆེན་པོར་གསལ་བ་ལ། གཡུང་དྲུང་སེམས་དཔའ་བཞིས་ཕྱག་བཤགས་མཆོད་འབུལ་སོགས་ཀྱི་ཚིག་བཅད་ཕུལ། འཁོར་གྲངས་མེད་པ་ཞིག་སངས་རྒྱས། སླད་ན་ལུས་པ་རྣམས་ལ་འཕྲུལ་ངག་བདེན་པའི་བོན་གྱི་འཁོར་ལོ་བསྐོར་ཅིང་བཞུགས། ༡ (531) ༸ཕྱིའི་གླིང་ཆེན་བཅུ་དྲུག་གི་བྱང་ཕྱོགས་ཡུལ་འོ་མ་འབྱམས་སྐྱར་རྒྱལ་པོ་གཏོ་བུའི་དོན་དུ་བྱོན་པ་དང་། བོན་བསྟན་པ། རྗེས་སུ་ཤི་ཚེ་སླར་ཡང་དམྱལ་གནས་སུ་བྱོན་ཏེ་བག་ཆགས་རྗེས་དྲན་གྱི་བོན་བསྟན། ཡུལ་འོ་མ་འབྱམས་སྐྱ་རུ་བྱོན་ནས་གཏོ་བུ་ཐར་པར་འདྲེན་ཆོག་མཛད་དེ་མེ་ཏོག་མཛེས་པའི་གླིང་དུ་ལོ་པཎ་ཤེལ་གྱི་མཆོད་རྟེན་དབུ་གསུམ་པའི་གསས་ཁང་བཞེངས། བདེ་བར་གཤེགས་པ་ལྷ་གཤེན་བརྒྱའི་འདྲེན་ཆོག་མཛད་དེ་རིགས་དྲུག་གནས་ནས་རིམ་པར་དྲངས་ནས་གསས་མཁར་ཤམ་པོ་ལྷ་རྩེའི་དྲུང་དུ་པད་མོ་ལས་རྫུས་ཏེ་སྐྱེས་པ་དང་། སྟོན་པ་གཤེན་འཁོར་གྱི་མདུན་ཁྲིད་བདེར་གཤེགས་ལྷ་གཤེན་གྱི་དཀྱིལ་འཁོར་ཞལ་བསྟན་རྫོགས་སངས་རྒྱས་པའི་སར་བཀོད་པ། ༢༤ བ ༣ (580) ༡༠༠ རྫོགས་པར་ཅ་དུམ་རྫོགས།
༼ཆ་དུམ།༽ ལེའུ་ཉེར་ལྔ་པ་ཀུན་རིག་སྒྲོན་མའི་ཆོ་ག བར་གྱི་གླིང་ཆེན་བཅུ་གཉིས་ལྷོ་ཕྱོགས་རྗེ་རིགས་བཀོད་པའི་གླིང་དུ་རྒྱལ་པོ་ཁྲི་ཤི་དབང་གི་ལོ་རྒྱུས་དང་། མཐར་ཚེ་ལས་འདས་ཏེ་དམྱལ་བའི་ཡུལ་དུ་ཁྲིད་ཚུལ། འདས་ཤུལ་སྟོན་པ་གཙོ་འཁོར་སྤྱན་དྲངས་པ་བཅས། ༡ (1) ༸བདེར་གཤེགས་ཀུན་རིག་དཀྱིལ་འཁོར་གྱི་ཆོ་ག་མཛད་ཚུལ་རྫས་བསགས་སྔོན་འགྲོ་དངོས་གཞི་རྗེས་བྱ་བཅས་ཀྱི་གོ་རིམ་ཚག་ཉིད་དང་། རྒྱལ་པོ་རིགས་དྲུག་གནས་ནས་རིམ་དྲངས་མེ་ཏོག་པད་མར་རྫུས་སྐྱེས་བདེ་བར་གཤེགས་པའི་ཞལ་མཐོང་སྟེ་སངས་རྒྱས་པ་བཅས། ༣༥ ན ༣ (67) ༡༧༣ རྫོགས།
༸ལེའུ་ཉེར་དྲུག་པ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཆོ་ག ༸ཕྱི་ཡི་གླིང་ཆེན་བཅུ་དྲུག་གི་ལྷོ་ཤར་རྗེ་རིགས་ཀྱི་ཞིང་ཁམས་ཡུལ་ནེ་ཁྲི་འབུམ་ཐང་དུ་རྒྱལ་བུ་ཧ་ལ་ར་ཙའི་ལོ་རྒྱུས་ཡིག་ཆུང་དང་། སྟོན་པ་གཙོ་འཁོར་སྤྱན་དྲངས་པ་བཅས། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཆོ་ག་དབུ་བཟུང་། ཡོ་བྱད་བསགས་པ་ནས་སྦྱོར་དངོས་རྗེས་གསུམ་མཐར་ཕྱུང་བ། ༡ (88) རྫོགས།
༸ལེའུ་ཉེར་བདུན་པ་གུ་ཝེར་རཱ་ཙའི་སྒྲིབ་སྦྱོང་། མཐའ་གླིང་སོ་གཉིས་ཀྱི་ལྷོ་ཕྱོགས་གྲས། གྲོང་ཁྱེར་ཤ་ཟ་གླིང་ཁྲོམ་གྱི་རྒྱལ་མོ་རྨངས་སྲིན་ཚ་གུ་ཝེར་ཡབ་སྲས་ཀྱི་ལོ་རྒྱུས། སྟོན་པ་སྤྱན་དྲངས་པ་རྒྱལ་པོའི་སྒྲིབ་སྦྱོང་དུས་གསུམ་བདེར་གཤེགས་དང་ཐུགས་ཀྱི་སྲས་མཆོག་དགྲ་བཅོམ་པ་བརྒྱ་རྩ་བརྒྱད་སྤྱན་དྲངས་མཚན་ཕྱག་འཚལ་པ། སྡིག་པ་བཤགས་པ། མཆོད་པ་འབུལ་བ། སྦྱིན་བསྔོ་བཅས་མཐར་ཕྱུངས་ཏེ་སྔོན་གྱི་ལོ་རྒྱུས་གཏམ་རྒྱུད་གསུངས་པ་བཅས་སོ། འདི་ཡན་འགྲོ་བ་འདུལ་བའི་མཛད་པ། ༡ (343) ༣༨ རྫོགས།
༸ལེའུ་ཉེར་བརྒྱད་པ་ཁབ་ཀྱི་དཔལ་འབར་བཞེས་པ། ལྷོ་ཕྱོགས་ཚད་མེད་ཡངས་པ་ཅན་གྱི་དབུས་བཞུགས་གསས་ཆེན་རིགས་ལྔའི་ཞིང་ཁམས་སུ་འོད་ཟེར་སྤྲོས། འབྱུང་བའི་གཤེན་བཞི་ལ་སྒོ་བཞི་མཛོད་ལྔའི་བོན་གསུངས་པ། ༡ (42) ༸ ཕྱི་གླིང་བཅུ་དྲུག་གི་ཤར་ཕྱོགས་གསས་རྗེ་ཧོས་ཀྱི་ཡུལ་ཧོས་ཀྱི་རྒྱལ་པོ་དྭངས་བ་ཡིད་རིང་ཡབ་ཡུམ་གྱི་ལོ་རྒྱུས། སློབ་དཔོན་གཙུག་གཤེན་རྒྱལ་བ་སྤྱན་དྲངས་མཆོད་གནས་མཛད་པ་ཧོས་ཡུལ་དུ་བོན་འཁོར་བསྐོར་བ་སོགས་དང་། སློབ་དཔོན་རི་གཙུག་རུམ་འབར་བར་གཤེགས་པ། བཙུན་མོ་ནད་ཀྱི་གདུང་སྟེ་མོ་བཏབས་པ། སླར་སྟོན་པ་དང་སློན་དཔོན་སྤྱན་དྲངས་པ། ༢༡ བ ༥ (462) བཙུན་མོ་སྒྲིབ་པ་སྦྱོང་ཕྱིར་ལྷ་མོ་སུམ་བརྒྱའི་མཚན་ཕྱག་མཆོད་འབུལ་དང་། མཚོ་འབྲི་མིག་དགུ་བསྐོར་གྱི་གནས་སུ་གསས་ཁང་ཆེན་པོ་པདྨ་བཀྲ་གླིང་བཞེངས་ཤིང་མངའ་འབུལ། བཙུན་མོ་ཧོས་བཟའ་རྒྱལ་མེད་ཁབ་བཞེས། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་བཙུན་མོའི་མཚན་བཏགས་དབྱེས་སྟོན་མཛད་པ་བཅས་སོ། ༩༢ བ ༣ (604) ༡༡༣ རྫོགས།
༼ཇ་དུམ༽ ལེའུ་ཉེར་དགུ་པ་ཐབས་ཤེས་ཀྱི་སྲས་སྤྲུལ་པའི་མདོ། ཕོ་བྲང་ཁྲི་སྨོན་རྒྱལ་བཞད་དུ་བཙུན་མོ་ཧོས་བཟའ་རྒྱལ་མེད་ལས་སྲས་གཏོ་བུ་འབུམ་སངས་འཁྲུངས་ཤིང་ཡབ་ལ་གཏོ་རབ་ཤིང་ལོ་རྒྱས་པའི་བོན་ཞུས་པ་བཅས། ༡(1) ༡༩ བཙུན་མོ་ཧོས་བཟའ་རྒྱལ་མེད་ལས་སྲས་དཔྱད་བུ་ཁྲི་ཤེས་འཁྲུངས་ནས་སྟོན་པ་ལ་དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་གི་བོན་ཞུས་པ། ༡༩ བ ༦ (37) ཡུམ་ཧོས་བཟའ་རྒྱལ་མེད་ལས་སྲས་མོ་གཤེན་བཟའ་ནེའུ་ཆེན་འཁྲུངས་ཤིང་ཡབ་ལ་བྱང་སེམས་གསལ་སྒྲོན་སོགས་ཞུས་པ། ༣༠ བ ༣ (60)
༸ལེའུ་སུམ་བཅུ་པ་ཁབ་ཀྱི་དམ་པ་བཞེས་པའི་མདོ། ༸གསས་ཆེན་རིགས་ལྔ་སྤྱན་དྲངས་པ་གཤེན་གྱི་རྟ་བདུན་འབྱོར་བ་ཕྱོགས་བཞིའི་གླིང་གཤེགས་བོན་འཁོར་བསྐོར་བ། གསས་ཁང་ཆེན་པོ་བཞི་བཞེངས་པ། འདུལ་གཤེན་དང་སྤྲུལ་པའི་གཤེན་བཞི་བཞིར་བསྟན་པ་གཉེར་གཏད། ༣༨ ན ༡ (75) ཕྱི་ཡི་གླིང་ཆེནབཅུ་དྲུག་གི་ལྷོ་ཕྱོགས་ཡུལ་ཁྲི་ཐང་འབྱམས་པར་དཔོ་རྒྱལ་འབར་བའི་སྒྲོན་ཅན་གྱི་ལོ་རྒྱུས། སྟོན་པ་ཕེབས་ཏེ་སྡིག་ཆེན་མི་དགུ་དྲངས་ཚུལ། བདེར་གཤེགས་སྟོང་རྩའི་དཀྱིལ་འཁོར་ཞལ་ཕྱེས། གསས་ཁང་འོད་ཟེར་འབུམ་གླིང་བཞེངས། དཔོ་ཟ་ཐང་མོ་གསས་མཁར་ཕོ་བྲང་ཁོ་མ་ནེའུ་ཆུང་དུ་ཁབ་བཞེས་པའི་དགྱེས་སྟོན་མཛད་པ། བཀྲ་ཤིས་ཕྱ་གཡང་གི་གཟུངས་གསུངས་པ་བཅས། ༤༦ ན ༢ (91) ༩༠ ཡན།
ལེའུ་སོ་གཅིག་པ་འགྲོ་འདུལ་འོད་ཟེར་གྱི་སྲས་སྤྲུལ་པ། བཙུན་མོ་དཔོ་བཟའ་ཐང་མོ་ལས་སྲས་ལུང་འདྲེན་གསལ་བ་སྐུ་འཁྲུངས་ཡབ་ལ་སྣོད་བཅུད་ཆགས་གནས་སོགས་མཛོད་མངོན་པ་སྡེ་བཞི། ཚད་མ་སྡེ་བདུན་བཅས་ཀྱི་བོན་ཞུས་པ། ༡ (181) ༤༠ དཔོ་བཟའ་ཐང་མོ་ལས་སྲས་རྒྱུད་འདྲེན་སྒྲོན་མ་སྐུ་བལྟམས་ཏེ་དེ་ལ་གསང་སྔགས་རྒྱུད་ལུང་གི་བོན་གསུང་པ། ༤༠ ན ༡ (261) ཡུམ་དཔོ་བཟའ་ཐང་མོ་ལས་སྲས་མོ་གཤེན་ཟ་ནེའུ་ཆུང་བལྟམས་ཏེ་མཚན་ལྟས་བཟང་པོར་བཏགས་པ་བཅས། ༥༤ བ ༣ (288)
ལེའུ་སོ་གཉིས་པ་ལྷ་ལ་བོན་བསྟན་པ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་གཤེགས་ཏེ་རྣམ་རྒྱལ་ཁང་བཟང་གི་སྒོ་དྲུང་དུ། ལྷ་བུ་དམ་པ་ཏོག་དཀར་སོགས་ཁམས་གསུམ་ལྷ་རིགས་ཀུན་འཁོར་དུ་འདུས་པ་ལ་མདོ་སྡེ་དམ་པའི་ཏོག་ཅེས་བྱ་བའི་མདོ་གཟུངས་གསུངས། ༡ (298) ཁང་བཟང གི་བྱང་ཕྱོགས་སུ་བཞུགས་འབུམ་སྡེ་དམ་པ་རྒྱན་ཞེས་པ་གསུངས་ཏེ་དབང་པོ་བརྒྱ་བྱིན་ལ་གཉེར་གཏད། ༢༡ ན ༡ (333) ཁང་བཟང་གི་ནུབ་ཕྱོགས་སུ་བཞུགས་ལྷ་ཆེན་མ་ཧ་དེ་བ་སོགས་ལ་གཟུངས་སྡེ་དམ་པ་མཆོག་ཅེས་བྱ་བ་ལེའུ་༤༢ གཏན་ཕབས་གསུངས། ༣༢ བ ༥ (344) ཁང་བཟང་གི་ལྷོ་ཕྱོགས་སུ་ལྷ་ཀུ་བྱི་མང་ཀེ་སོགས་ལ་གསང་སྔགས་མེ་རི་འབར་བ་ཐིས་ཀྱི་རྒྱུད་ལེའུ་སུམ་ཅུ་རྩ་གསུམ་གྱི་སྡོམ་ཚིག་གསུངས། ༣༢ བ ༥ (356) ཁང་བཟང་གི་ཤར་ཕྱོགས་སུ་ལྷའི་བུ་བློ་གྲོས་རབ་ཏུ་བསྟན་པ་ལ། དོན་རྫོགས་རྒྱུད་རྒྱས་པ་མཐར་རྫོགས་ཀྱི་བོན་གཏན་ལ་ཕབས་ཏེ་གསུངས། གསས་ཁང་ཆེན་པོ་ཁྲི་བརྩེགས་བ་རབ་ཡོངས་འདུས་ཞེས་བྱ་བ་བཞེངས་ཤིང་མངའ་དབུལ་རབ་ཏུ་གནས་པར་མཛད། ༤༠ ན ༤ (371) ༤༥ ཚང་།
ལེའུ་སོ་གསུམ་པ་རྣམ་པ་འཇོམས་པའི་ཆོ་ག། ༸སྟག་གཟིག་འོལ་གླིང་ལྷོ་ནུབ་ནེ་སེང་ཏྲ་མའི་གྲོང་ཁྱེར་རྒྱལ་པོ་འོད་ལྡན་དུང་སྐྱོང་ཞེས་བྱ་བའི་ལོ་རྒྱུས་དང་ནད་ཀྱིས་བཏབས་ཚུལ་དང་སྟོན་པ་གཙོ་འཁོར་སྤྱན་དྲངས་ཚུལ། ༡ (383) ཁྲོ་བོ་རྣམ་པར་འཇོམས་པའི་གཟུངས་ཀྱི་ཆོ་ག་འཕྲིན་ལས་རྒྱས་པར་གསུངས་རྒྱལ་པོ་ལ་ཁྲུས་མཛད་བདེ་ལ་བཀོད་པ་དང་། སྔོན་གྱི་ལོ་རྒྱུས་གཏམ་རྒྱུད་ཡིན་ཚུལ་རྒྱས་པར་གསུངས་བ་བཅས། ༡༢ ན ༣ (405) ༧༦
ལེའུ་སོ་བཞི་པ་སངས་རྒྱས་སྨན་ལྷའི་ཆོ་ག མཐའ་གླིང་སོ་གཉིས་ཀྱི་བྱང་ཕྱོགས་ཡུལ་དྷ་བ་རུ་སྟེང་དུ་རྒྱལ་བུ་སྒྲ་ཅན་འཁོར་ལོའི་ལོ་རྒྱུས་མུ་སྟེགས་སྟོན་པས་བསླུས་ཏེ་ནད་གདུང་སྐྱོབ་ཕྱིར་སྟོན་པ་གདན་འདྲེན་ཞུས་ཏེ་སྨན་ལྷའི་ཆོ་གའི་གྲབ་མཛད་པ། ༡ (535) ༣༡ རྣམ་པར་འཇོམས་པའི་ཆོ་ག་དཀྱིལ་འཁོར་ས་བླངས་ནས་བཟུང་བཀྲ་ཤིས་བར་དཔྱད་བུ་ཁྲི་ཤེས་ཀྱིས་གསུངས་པ། ༣༡ ན ༤ (595) རྒྱལ་པོ་ལ་སྔོན་གྱི་སྐྱེས་རབས་ལོ་རྒྱུས་སྟོན་པས་གསུངས་པ་བཅས། ༨༦ ན ༥ (705) ༩༧
ལེའུ་སོ་ལྔ་པ་སྨོན་ལམ་མཐའ་ཡས་ཆོ་ག། བར་གླིང་བཅུ་གཉིས་ཀྱི་ནུབ་ཕྱོགས་ཚངས་སྤྱོད་བྲམ་ཟེའི་ཡུལ་བ་ར་ཛོ་ཏི་རུ་བྲམ་ཟེའི་རྒྱལ་བུ་ལྕམ་དྲལ་གྱི་ལོ་རྒྱུས། ལྕམ་མོས་གཤེན་རབ་ཡུལ་དུ་སྤྱན་དྲངས་པ་བཅས་ལ། ༡ (1)བདེ་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཆོ་གའི་དབུ་བཟུང་སྔོན་འགྲོ། དངོས་གཞི་རྗེས་བྱ་བཅས་ཀྱི་ལག་ལེན་གསུངས་ཏེ། ཆོ་ག་རྒྱས་པར་མཛད་བཀྲ་ཤིས་གསོལ་བ་ཡན། ༢༢ ན ༣ (51) བྲམ་ཟེའི་རྒྱལ་བུ་རྒྱལ་སར་བཏོན་པ་དང་དགྱེས་སྟོན་མཛད་དེ་བཀྲ་ཤིས་བྱིན་རླབས་མཛད། བྲམ་ཟེའི་ལྕམ་མོ་ཁབ་ཏུ་བཞེས་པ་བཅས། ༥༨ བ༣ (116) ༦༤ ཚང་།
༸༼ཉ་དུམ།༽ ལེའུ་སོ་དྲུག་པ་སྟོན་པས་ཀླུ་ལ་བོན་བསྟན་པའི་མདོ། རྒྱ་མཚོའི་གླིང་ཀླུ་ཡུལ་ནེ་སྟེང་། རིན་ཆེན་སྤུངས་པའི་གླིང་སྟོད་དུ་རྒྱལ་ས་པདྨ་གླིང་བརྒྱད་དུ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་དང་ཡིད་ཀྱི་ཁྱེའུ་ཆུང་སོགས་འཁོར་རྣམས་ལ་བླ་མེད་ཕ་རོལ་དུ་ཕྱིན་པའི་མདོ་གསུངས། ༡ (1)༸ཀླུ་དགའ་བོ་དང་ཡིད་ཀྱི་ཁྱེའུ་ཆུང་སོགས་འཁོར་རྣམས་ལ་ཉེ་ལམ་རྒྱལ་པོའི་གཟུངས་སྡེ་རྣམས་གསུངས། ཀླུ་མོ་ན་ག་ལིས་ཞུས་པའི་ངོར་གསས་ཁང་གེ་སར་འབུམ་གླིང་བཞེངས། ཀླུ་ཟ་འོད་ལྡན་མ་ཁབ་ཏུ་བཞེས་པ་བཅས། འདི་ཡན་ཁབ་བཞེས་སྲས་སྤྲུལ་གྱི་མཛད་པ། ༣༣ བ ༤ (66) ༦༢ ཚང་།
ལེའུ་སོ་བདུན་པ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་མདོ། འཛམ་གླིང་ཕས་མཐར་བྱང་ཤར་བདུད་ཡུལ་མུན་པ་གཡུང་དྲུང་ཟེར་ལྡན་གླིང་ནས་བདུད་ཀྱི་བུ་ཁྱབ་པ་ལག་རིང་བལྟམས་པ་དང་། འཁོར་ཚོགས་བསྡུས་ཏེ་གཤེན་ལ་འགྲན་འཚོལ་ཕྱིར་ཆོ་འཕྲུལ་སྣ་དགུ་བཤམས་པ། ༡ (125) ཆོ་འཕྲུལ་ལྷ་རུ་བརྫུས་པ་བསླུ་ཚིག་སྨྲས་ནས་བཟུང་། དེ་བཞིན་སློབ་དཔོན་དང་། ཡབ་དང་། ཡུམ་དུ་བརྫུས་ཏེ་བསླུ་ཚིག་སྨྲས་པ་བདུད་ཁ་ལྟག་པར་རལ་བ་བཤགས་བྱས་ཀྱིས་སོས་པ། ཡང་ཏ་ཟིག་ནོར་གྱི་རྒྱལ་པོ་ཕྲོམ་གེ་སར་རྒྱལ་པོ་རྒྱལ་མོ་སྨད་འཚོང་གི་རྒྱལ་མོ་རྣམས་སུ་སྤྲུལ་ཏེ་བསླུ་བར་བརྩམས་པ་མཆེད་གཅུང་བྱམས་ལྡན་དུ་སྤྲུལ་པ་ཡུམ་དཔོ་བཟའ་ཐང་མོ་ལས་བུ་རུ་གཤེན་ཆུང་གོ་བོར་སྐྱེས་ཏེ་ལོག་ཚིག་དང་ལོག་སྤྱོད་སྣ་ཚོགས་བརྩམས་ཤིང་མཐར་ཡབ་ལ་ཐོ་འཚམས་ཏེ་ཤི་བ་བཅས། ༡༢ ན༥ (147) ཆོ་འཕྲུལ་སྣ་དགུའི་ཐ་མ་ཞི་བས་ནད་དང་ཡམས་དང་མུ་གེ་ལ་སོགས་བཏང་བ། དྲག་པོ་དམག་གིས་རྒོལ་བ་མ་བཏུབ་པར་བདུད་འདུལ་ཁྲོ་བོའི་སྐུར་བཞེངས་བདུད་འཇོམས་པའི་དྲག་སྔགས་གསུངས་ཏེ་བདུད་འཁོར་དབང་དུ་བསྡུས་པ། ༣༩ ན ༢ (201) ༥༣ ཚང་།
ལེའུ་སོ་བརྒྱད་པ་བདུད་འཇོམས་གསང་བའི་གཟུངས། གཤེན་གསང་བ་འདུས་པ་ལ་བདུད་འཇོམས་གསང་བའི་གཟུངས་ཀྱི་འཕྲིན་ལས་གཟུངས་སྡེ་རྒྱས་པར་གསུངས། ༡ (231) ༢༦ བར།
ལེའུ་སོ་དགུ་པ་བདུད་ཁམས་ཐར་པར་བཀོད་པ། སྟོན་པ་རི་རབ་ཀྱི་རྩེ་ཕྱ་ཡུལ་དུ་ཕེབས་ཕྱ་སྲིད་སྐོས་གསུམ་ལ་རྒྱུ་འབྲས་བདེན་པའི་བོན་བསྟན་གསས་ཁང་གཡུ་རྩེ་འོད་འབར་བཞེངས། ཕྱ་ཟ་གུང་དྲུག་ཁབ་བཞེས། གདུང་སོབ་སྟོན་པ་སྲས་སུ་སྐུ་འཁྲུངས། རྒྱལ་སྲས་དེ་ལ་སྲིད་པ་སྟོང་རྩིས་ཀྱི་བོན་གསུངས་པ་བཅས། ༡ (283) སྲས་གཏོ་བུ་འབུམ་སངས། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོན་མ་བཞི་ལ་བདུད་ཀྱིས་བསླུ་བར་མ་ཚུགས་པ་ཡང་བཙུན་མོ་གཉིས་ལ་བསླུ་ཚིག་སྨྲས་པ། གཤེན་ཟ་ནེ་ཆེན་ལ་བསླུ་བར་བརྩམས་པ་མ་ཚུགས་པར་གཤེན་ཟ་ནེའུ་ཆུང་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་བསླུས་ནས་ཁྲིད་པ་དང་བདུད་ཀྱི་དགའ་སྟོན་བྱས་པ་བཅས། ༡༡ ན ༤ (303) ༣༢ ཡུམ་དཔོ་ཟ་ཐང་མོ་ལ་བྲམ་ཟེ་རྒན་མོ་རྒྱ་བྱ་ལ་ཉེ་མོའི་གཏམ་རྒྱུད་བཤད་པ། དཔོ་བཟས་འ་ཞ་གདན་དྲངས་ཏེ་སྟོན་པ་སྤྱན་འདྲེན་བཏང་བ། སྟོན་པས་ཡུམ་དཔོ་ཟ་ཐང་མོ་སོགས་འཁོར་རྣམས་ལ་བདུད་དང་རྒྱུ་འབྲས་སྔོན་གྱི་ལོ་རྒྱུས་གསུངས་པ། ༣༣ ན ༣ (347) བུ་མོ་གཤེན་ཟ་ནེའུ་ཆུང་ལ་བདུད་ཡུལ་དུ་བདུད་རྗེའི་སྲས་ལྕམ་དྲལ་བལྟམས་ཏེ་ཡབ་ཡུམ་ཁར་མ་ཉེན་པའི་ལས་སྤྱོད་དྲག་པོ་ལ་གཤེན་ཟ་ཡིད་བསུན་བློ་འགྱུར་རྗེས་གཤེན་རབ་བྱོན་ཏེ་སླར་འོལ་མོ་གླིང་ཆེན་དུ་དྲངས། སླར་ཡང་སྟོན་པ་ཡབ་སྲས་གཉིས་ཀྱིས་བདུད་ཀྱི་བུ་གཉིས་བརྐུས་ཏེ་འ་ཞ་ལ་བཅོལ། གཤེན་ཟ་དཀར་པོའི་བོན་དགེ་བ་ལ་སྤྱོད་པ། ༦༤ ན ༤ (409) བདུད་ཀྱིས་གཤེན་གྱི་རྟ་བདུན་བརྐུས་པ་སྟོན་པ་གཙོ་འཁོར་ལྔ་དབལ་སོ་གངས་ར་བརྒལ་ཏེ་བོད་ཡུལ་དུ་ཕེབས། བདུད་དང་ཕྲོམ་རྐོང་དམག་རྣམས་བཏུལ་ཁྱབ་པ་གཤེན་ཡུལ་དུ་ཁྲིད། རྐོང་ཟ་ཁྲི་ལྕམ་ཁབ་ཏུ་བཞེས་ཏེ་ཕེབས་པ་སོགས། ༨༧ ན ༣ (451) ༡༡༠ ཚང་།
ལེའུ་བཞི་བཅུ་པ་བདུད་བཏུལ་བར་ཆད་བསལ་བ། རི་རབ་ཀྱི་ཡང་ཐོག་གར་ཆེན་གསས་ཀྱི་ཡུལ་དུ་ཕེབས་ནས་གསས་རྗེ་གཙུག་ཏོར་རྒྱལ་བ་སོགས་ལ་ཚོགས་བསགས་འཕན་ཡུལ་འདོན་མཆོད་ཀྱི་བོན་རྣམས་གསུངས། གསས་ཁང་ཁྱུང་རུམ་གཡུ་རྩེ་བཞེངས། གསས་ཟ་ངང་དྲུག་མ་ཁབ་ཏུ་བཞེས་ཏེ་གསས་ཁམས་སུ་བོན་འཁོར་བསྐོར་བ། ༡ (499) དགེ་བསྙེན་ཁྱབ་པས་གཏོ་སྒྲོམ་ཡང་ཆུང་མེར་བསྲེགས་ཏེ་བདུད་ཡུལ་དུ་བྲོས། སྟོན་པ་བྱོན་ཏེ་དཔའ་བོ་འབྲུ་ལྔ་ལས་འཕྲུལ་གྱི་ཡི་གེ་བཞི་བཅུར་སྤེལ། བདུད་ཁྱབ་པས་བདུད་རྒྱལ་སྡེ་བཞི་སོགས་ལ་ལོག་པའི་བོན་བཤད་དེ་གནས། ༡༢ བ ༡ (522) དཔོ་ཟ་ཐང་མོ་སོགས་ལ་བཤགས་སྦྱོང་ཡི་གེ་འཕྲུལ་གྱི་བོན་བསྟན། གསས་ཟ་ངང་ཕྲུག་ལས་སྲས་འོལ་དྲུག་ཐང་པོ་སྐུ་འཁྲུངས། རྒྱལ་བུ་དེ་ལ་ལྷ་རྒྱུད་ཡེ་ཤེས་མཉམ་སྦྱོར་གྱི་བོན་རྣམས་གཏན་ལ་ཕབས་ཏེ་གསུངས། ༣༥ བ ༥ (568) ༥༠ ཚང་།
ལེའུ་ཞེ་གཅིག་པ་མི་རྗེ་གདུང་འཛིན་སྲས་སྤྲུལ་པའི་མདོ། མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ་བཙུན་མོ་རྐོང་ཟ་ཁྲི་ལྕམ་ལས་སྲས་རྒྱལ་བུ་གཡུང་དྲུང་དབང་ལྡན་འཁྲུངས། རྒྱལ་བུ་དེ་ལྷ་ཀླུ་མི་གསུམ། སྲིད་སྐོས་ཕྱ་གསུམ་རྗེ་བོས་རྒྱལ་སར་བཀུར། རྒྱལ་སར་བསྟོན་ཅོང་ཡབ་སྟོན་པ་ལས་རྒྱུ་འབྲས་དགེ་སྡིག་ཤན་འབྱེད་ཀྱི་བོན་རྣམས་ཞུས། འདི་ཡན་བདུད་བཏུལ་བའི་མཛད་པ། ༡ (599) ༢༦ ཚང་།
ལེའུ་ཞེ་གཉིས་པ་ཐེག་པ་རིམ་དགུའི་བསྟན་པ་རྗེས་སུ་བཞག་པ། ཕྱིའི་གླིང་ཆེན་བཅུ་དྲུག་གི་བྱང་ཤར་གར་ཆེན་ཤག་གི་ཡུལ་དུ་རྒྱལ་བུ་གཙུག་གཏོར་རྣམ་རྒྱལ་གྱི་ལོ་རྒྱུས་སྟོན་པ་སྤྱན་དྲངས་ཏེ་རྒྱ་མཚོ་ཀ་དྷ་ཀོ་གླིང་གི་དོ་དབུས་བྱང་ཆུབ་ལྗོན་པའི་ནགས་ཚལ་དུ་གསས་ཁང་ཆེན་པོ་བརྒྱ་དང་སྒྲོན་མ་དགུ་ཐོག་བཞེངས། ཐེག་པ་རིམ་དགུའི་བོན་གྱི་འཁོར་ལོ་བསྐོར་ཏེ་བསྟན་པ་ཁྲུས་བདག་སྤང་ལ་གནམ་གཤེན་ལ་གཉེར་དུ་གཏད། ༡ (651) ༥༠ ཚང་།
ལེའུ་ཞེ་གསུམ་པ་སྐུ་གདུང་བསྟན་པ་རྗེས་བཞག བར་གླིང་བཅུ་གཉིས་ཀྱི་ཤར་ཕྱོགས་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་ན་རྒྱལ་རིགས་རྒྱལ་བུ་དགེ་བ་འཁོར་ལོས་སྟོན་པ་སྤྱན་དྲངས་ཏེ་རྒྱ་མཚོ་གླིང་དྲུག་འཁྱིལ་བའི་དབུས། མེ་ཏོག་སྣ་ཚོགས་མཛེས་པའི་ནེའུ་ལྗོངས་སུ་གསས་ཁང་བཀྲ་ཤིས་སྒོ་མང་གཙོས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གསས་མཁར་བརྒྱ་དང་ཉི་ཤུ་བཞེངས་ཏེ་གཤེན་ཁ་སྟེ་མུ་ཡ་ལ་གཉེར་གཏད། ༡ (757) ༨༠ ཚང་།
༼ཏ༽ ལེའུ་ཞེ་བཞི་པ་བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་དོན། བར་གླིང་བཅུ་གཉིས་ཀྱི་བྱང་ཕྱོགས་རྨང་རིགས་གདོལ་བའི་གླིང་དབུས་རྨང་རིགས་རྒྱལ་བུ་ཁྲི་སྐྱོང་དོན་བཟང་གི་ལོ་རྒྱུས་དང་དེས་སྟོན་པ་སྤྱན་དྲངས་ཏེ་བླ་མེད་ཐར་པའི་གོ་འཕང་བསྒྲུབ་བྱའི་བོན་གྱི་འཁོར་ལོ་བསྐོར་ཏེ་རྒྱལ་འཁོར་ཐར་པའི་དགེ་བ་ལ་སྤྱད་པ། ༡(1)
ལེའུ་ཞེ་ལྔ་པ་ཤེས་རབ་ཕར་ཕྱིན་ཐེག་པ་ཆེན་པོ་ཡུམ་གྱི་མདོ། ནང་གླིང་བཅུ་གཉིས་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དབུས། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་འདུན་ས་བཀྲ་ཤིས་གླིང་ཆེན་གྱི་ཕོ་བྲང་དུ། སྤྱིར་བཀའ་རབ་འབྱམས་ཆུ་བོ་གཞུང་བཞི། (མདོ། དབུ། གཟུངས། མན་ངག) བོན་ཉིད་དག་པའི་རྒྱ་མཚོ་དང་ལྔ། དེ་ཡི་ནང་ནས་བླ་མེད་ཕར་ཕྱིན་ཡུམ་གྱི་དོན་གཏན་ལ་ཕབས་ཏེ་འབུམ་སྡེ་རྒྱས་པར་གསུངས། (69)
༼ཐ་དུམ།༽ ལེའུ་ཞེ་དྲུག་པ་རྣམ་དག་ཡུམ་གྱི་ཆོ་ག (ལུང་། རྒྱུད། མཛོད) ནང་གླིང་བཅུ་གཉིས་ཀྱི་བྱང་ནུབ་དགེ་རྒྱས་ཡོན་ཏན་གྱི་གླིང་དུ་བྱོན། བྲམ་ཟེའི་རྒྱལ་པོ་ཀུན་དགའ་བཟང་སྐྱོང་གིས་ཡོན་སྦྱར་གསས་ཁང་ཆེན་པོ་པདྨ་གླིང་ཆེན་ཞེས་བྱ་བར་བཞེངས། གོང་དུ་འོད་ཀྱི་ལྷ་རི་སྤོ་མཐོན་རྩེར་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་འབུམ་སྡེ་མཐའ་ཡས་པ་རྣམས་རིན་པོ་ཆེ་སྣ་ལྔས་བྲིས་པའི་གླེགས་བམ་དུ་སྦམ་པ་དང་། བདེ་བར་གཤེགས་པའི་སྐུ་གཟུགས་མཐའ་ཡས་པ་རྣམས་གསས་ཁང་དུ་བཞུགས་གསོལ། དེ་དག་མངའ་འབུལ་རབ་ཏུ་གནས་པར་མཛད་དེ་འཕན་ཡུལ་འདོན་མཆོད་ཀྱི་བོན་རྣམ་དག་ཡུམ་གྱི་དཀྱིལ་མཆོག་སྔོན་འགྲོ་(10)དངོས་གཞི་(༡༦)རྗེས་བྱ་(༦)བཅས་དོན་སུམ་ཅུ་རྩ་གཉིས་ཀྱི་ཕྲིན་ལས་གཤེན་ཚངས་པ་གཙུག་ཕུད་སོགས་འཁོར་རྣམས་ལ་རྒྱས་པར་གསུངས། ༡ (1)
ལེའུ་ཞེ་བདུན་པ་བེེདྷུརྱ་འོད་དམ་པའི་གཟུངས། ནང་གླིང་བཅུ་གཉིས་ཀྱི་བྱང་ཕྱོགས་གནོད་སྦྱིན་ནོར་གྱི་གླིང་དུ་བྱོན་ནས་གཤེན་གྱི་ཕོ་བྲང་དུ་བཞུགས། གཤེན་འདོད་པ་དགུ་འགྱུར་སོགས་འཁོར་རྣམས་ལ་བེེདྷུར་ཡ་འོད་དམ་པའི་གཟུངས་སྡེ་རྣམས་གསུངས་ཏེ། གཟུངས་མཆོག་ཡི་གེ་སྟོང་རྩ་གཅིག་པ། འཁོར་བ་ངན་སོང་དོང་སྤྲུག་གི་གཟུངས། བདེར་གཤེགས་ཞི་བདེ་གཟུངས། ཁྲོ་རྒྱལ་དྲག་པོ་སྔགས་ཀྱི་གཟུངས། གསང་སྔགས་གོ་ཆའི་གཟུངས། གསང་སྔགས་དྲག་པོས་བར་ཆད་བཟློག་པའི་གཟུངས། དྲག་སྔགས་མེ་དཔུང་འབར་བའི་གཟུངས། གཙུག་གཏོར་གདུགས་དཀར་གྱི་གཟུངས། ༸འདོད་པ་དགུ་འགྱུར་ཡིད་བཞིན་ནོར་བུའི་གཟུངས། ལྷ་བརྒྱད་གསང་བའི་གཟུངས། ཀླུ་བརྒྱད་བཀྲ་ཤིས་ཀྱི་གཟུངས། གཟའ་བརྒྱད་ཀིངྐ་ཞི་བའི་གཟུངས། ཕྱོགས་སྐྱོང་བསྟན་སྲུང་གི་གཟུངས། རྒྱལ་ཆེན་སྡེ་བཞིའི་གཟུངས། གནོད་སྦྱིན་དཔལ་གྱི་ལྷ་བརྒྱད་གཟུངས། ནོར་ལྷ་ཨར་ཡཱ་འཛམ་ལྷའི་གཟུངས། ནོར་ལྷ་ཨརྱཱ་རེ་མན་ཏ་ཡི་གཟུངས། ནོར་ལྷ་ཨརྱཱ་པྲ་ཕུད་ཅན་གྱི་གཟུངས། ནོར་ལྷ་ཨརྱཱ་ཁྲོ་བདག་གི་གཟུངས། གཡང་ལྷ་རྟ་བདག་ཀུ་བེ་རའི་གཟུངས། གནོད་སྦྱིན་རྒྱལ་པོ་ཁ་འབར་མའི་གཟུངས། ལྷ་མོ་ཡི་བཞིན་མའི་གཟུངས། ལྷ་མོ་ནོར་རྒྱུན་མའི་གཟུངས། ལྷ་མོ་དཔལ་མོ་ཆེའི་གཟུངས། ལྷ་མོ་བཀྲ་ཤིས་མའི་གཟུངས། ས་བདག་ལྕམ་དྲལ་གྱི་གཟུངས་བཅས་གསུངས་པ། (313)
ལེའུ་ཞེ་བརྒྱད་པ་བྱམས་མ་རྩ་བའི་དཀྱིལ་ཆོག ཕྱིའི་གླིང་ཆེན་བཅུ་དྲུག་གི་བྱང་ནུབ་ཡུལ་སྣང་ལྡན་འབུམ་གླིང་དུ་གཉན་རྗེ་རྒྱལ་པོའི་སྲས་རྒྱལ་བུ་གཞོན་ནུ་བློ་གྲོས་ཀྱི་སྐོས་རྗེ་དྲང་དཀར་གྱི་སྲས་པོ་གདན་དྲངས་ཏེ་ནེའུ་གསེང་དྷམ་བུའི་ཚལ་དུ་གསས་ཁང་ཆེན་པོ་བཀྲ་ཤིས་དཔལ་འབར་བཞེངས། མངའ་དབུལ་རབ་གནས་སྟོན་པའི་སྒྲོན་མ་གཙོ་འཁོར་སྤྱན་དྲངས། བྱམས་མ་དཀྱིལ་འཁོར་གྱི་ཆོ་ག་ཞལ་ཕྱེས་ཏེ་མངའ་དབུལ་ཞལ་བསྲོ་རྒྱས་པར་མཛད་པ། ༡ (549)
༼ང་དུམ༽ལེའུ་བཞི་བཅུ་ཞེ་དགུ་པ་བྱམས་མ་ཉེར་གཅིག་གི་བསྟོད་པ། གསས་ཁང་བཀྲ་ཤིས་དཔལ་འབར་གྱི་ནང་དུ་བཞུགས་ཏེ་བྱམས་མ་ཕར་ཕྱིན་བཅུའི་ཡུམ་སོགས་ཉི་ཤུ་གཅིག་ལ་ཚིག་བཞི་ཚིག་བཅད་སྙན་ངག་ལས་དྲངས་པའི་བསྟོད་པ་ཉེར་གཅིག ༡ (1)
ལེའུ་ལྔ་བཅུ་པ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་མདོ། ཕྱི་ཡི་གླིང་བཅུ་དྲུག་གི་ནུབ་ཕྱོགས་རྒོད་རྗེ་རྒྱ་ཡི་ཡུལ་རྒྱ་ལག་འོད་མ་རུ། རྒྱ་རྗེ་ཀོང་རྩེ་འཕྲུལ་རྒྱལ་གྱི་ལོ་རྒྱུས། སྲིན་པོ་དང་མཆད་དགོས་ཏེ་རྒྱ་མཚོའི་གླིང་དུ་གསས་ཁང་རྨེངས་བཏིངས་པ། ཕྱ་ཀེང་ཙེ་གདན་ཞུས་ན་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པ། གཤེན་རབ་གཙོ་འཁོར་ཕེབས་ཏེ་ལོག་པའི་བར་ཆད་བསལ་བ། སྲིད་པ་སངས་པོ་འབུམ་ཁྲི་སྤྱན་དྲངས་ཐབས་དང་ཤེས་རབ་བསྡེབས་ཏེ་བཀའ་བརྒྱུད་གསུང་རབ་གླེགས་བམ་ཁྲི་དང་བདུན་སྟོང་རིན་པོ་ཆེ་སྣ་ལྔས་བྲིས་པ་སོགས་སྐུ་གཟུགས་སྐུ་གདུང་གསུང་རབ་རྣམས་ལ་མངའ་འབུལ་ཞལ་བསྲོ་དང་། བསྟན་པ་རྣམ་གསུམ་རྗེས་སུ་བཞག རྒྱ་ཟ་ཀོང་ཇོ་ཁབ་བཞེས་སྲས་ཀོང་ཚ་འཕྲུལ་བུ་བལྟམས་པ་ལ་གཙུག་ལག་མདོ་རྒྱུད་བསམ་མཐའ་ཡས་པ་གསུངས་ཏེ་བསྟན་པ་མཐའ་རུ་རྒྱས་པར་མཛད། ༡ (181)
ལེའུ་ལྔ་བཅུ་རྩ་གཅིག་པ་ཁྱིམ་སྤངས་རབ་བྱུང་གི་མདོ། གསས་ཁང་ཁྲི་སྨོན་རྒྱལ་བཞད་སྒོ་དྲུང་དུ་འཁོར་བའི་སྡུག་བསྔལ་སྐྱེ་རྒ་ན་འཆིའི་ཆུ་བཞིར་གཟིགས་ཏེ་རབ་ཏུ་བྱུང་བར་བྱ་བ་ལ་འཁོར་སྡེ་གཉིས་སུ་ཆད། བདུད་ཀྱི་བར་ཆད་བརྩམ་པ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རབ་བྱུང་མཛད། མེ་ཏོག་གླིང་དུ་དཀའ་ཐུབ་གཤེགས་པར་འཁོར་གྱི་སོ་བརྒྱད་མཁར་དུ་གདན་ཞུས་པ་ཕྱིར་ཉིན་མི་ལ་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དུ་སྤྲུལ་ནམ་མཁར་འཕུར། གཟུགས་ཁམས་ཀྱི་ཡ་ཐར་རང་བྱུང་མཆོད་རྟེན་བཞི་དང་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་དག་པ་དྲང་སྲོང་གི་ཁྲིམས་བཞེས་པ་བཅས། ༡ (393)
ལེའུ་ང་གཉིས་པ་དཀའ་ཐུབ་མཐར་ཕྱིན་མདོ། འོག་མིན་གནས་ནས་མས་རིམ་བབས་ཏེ་རྩ་གསུམ་ལྷ་ཡི་བྱང་ནུབ་མེ་ཏོག་ཚལ་དུ་ངང་པའི་རྒྱལ་པོ་དང་འགྲོགས་ཏེ་བྱ་ཡི་དཀའ་ཐུབ་ལོ་གཅིག་བཞུགས་ཏེ་སྔོན་གྱི་སྐྱེ་གནས་བཅས་བོན་གསུངས། དེ་ནས་གསེར་གྱི་རི་བདུན་རྩེ་མོ་མུ་ལེ་དྲུམ་ཤིང་གི་ཚལ་དུ་སྤྲེའུའི་རྒྱལ་པོ་དང་འགྲོགས་ཏེ་སྤྲེལ་གྱི་དཀའ་ཐུབ་ལོ་གཅིག་བཞུགས། འཁོར་ལ་བོན་དང་སྔོན་གྱི་སྐྱེས་ཚུལ་བཅས་གསུངས། དེ་ནས་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་འདམ་བུ་ཀུ་ཤའི་ཚལ་དུ་ཤང་ཤང་གི་རྒྱལ་པོ་དང་ཐབས་གཅིག་ཏུ་མིའི་དཀའ་ཐུབ་ལོ་གཅིག་བཞུགས་ཏེ་ཤང་ཤང་གི་ཚོགས་ལ་བོན་འཁོར་བསྐོར་ཅིང་སྔོན་གྱི་ལོ་རྒྱུས་གསུངས། དེ་ལྟར་མི་ལོ་སུམ་བརྒྱར་དཀའ་སྤྱད་མཛད་པས་ལུས་ཀྱི་ཤེད་ཉམས་བཀྲག་ཤོར་རུས་མགོ་པགས་པས་གཡོག དོན་སྣོད་ཕྱིར་གསལ་སྐུ་ལུས་ཤིང་བལ་བས་ཡངས་རྩི་ཐོག་ཉག་མའི་ཁར་བཞུགས། བདུད་རྗེ་ཁྱབ་པ་འཁོར་བཅས་དེ་ལྟར་མཐོང་བས་རང་སར་གྲོལ། བདུད་རྗེ་རབ་ཏུ་བྱུང་ནས་འཁོར་གྱི་ཐོག་མར་གྱུར། གཤེན་འཁོར་རྣམས་མཇལ་དུ་བསྐྱེད་དེ་བཤགས་པ་ཕུལ། ༡ (༥༢༡)
ལེའུ་ང་གསུམ་པ་བོནའཁོར་ཚིག་བཞི་བསྟན་པ། རི་བོ་གསེར་ལྡན་གྱི་རྩ་བ་ཆུ་བོ་གྱིམ་ཤང་གི་འགྲམ་འདམ་བུ་མེ་ཏོག་གླིང་དུ་བཞུགས་ཏེ་འཆད་པ་བོན་གྱི་འཁོར་ལོ། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ། སྒྲུབ་པ་བོན་གྱི་འཁོར་ལོ་བཞི་དང་། བྱང་ཆུབ་སེམས་ཀྱི་བསླབ་པ་རྣམས་གསུངས་ཏེ་ལོ་གཅིག་ལ་བོན་གྱི་འཁོར་ལོ་བསྐོར། ༡ (643)
ལེའུ་ང་བཞི་པ་དུས་ཁྲིམས་གཙང་མའི་མདོ། སྟོན་པས་འཁོར་རྣམས་ལ་དུས་ཁྲིམས་ཟླ་བ་གང་ཤར་གྱི་གནམ་མཐོང་(༡) ཚེས་གཅིག (༢) བརྒྱད། (༣) བཅུ་གསུམ། (༤) བཅུ་བཞི།(༥) བཅོ་ལྔ།(༦) བཅུ་དྲུག (༧) ཉེར་གཉིས།(༨) ཉེར་དགུ།(༩) བཅས་ལ་བསྙེན་གནས་ཁྲིམས་བསྲུང་ཚུལ་དང་ཆོ་ག ཉམས་བཤགས། བསྔོ་བ་བཅས་པ། ཡན་ད་དུམ་ཚང་། ༡ (725)
༼ཨ་དུམ༽ལེའུ་ང་ལྔ་པ་བསྲུང་ཁྲིམས་རྣམ་པར་དག་པའི་མདོ། ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་དུ་བྱོན་ཏེ་བྱང་ཆུབ་ཤིང་གི་ནགས་ཚལ་གསས་ཁང་བ་རབ་གསེར་གླིང་གི་སྒོ་དྲུང་དུ་བཞུགས། གཏོ་བུ་འབུམ་སངས་སོགས་ལ་འདུལ་བའི་རྒྱུད་དྲུག གཞུང་ཆེན་སྡེ་བཞི། མན་ངག་སྡེ་བཅུ་བཅས་གསུངས། རྩ་བ་བཞི་དང་ཡན་ལས་གྱེས་པའི་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ། ཕྱི་ཚུལ་ནང་ཁྲིམས་བསྲུང་ཁྲིམས་རྒྱས་པར་གཏན་ལ་ཕབས་ཏེ་གསུངས། ༡ (1)
ལེའུ་ང་དྲུག་པ་བསྲུང་ཁྲིམས་རྣམ་དག་ཡན་ལག་གི་མདོ། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་གདན་སེང་གེའི་ཁྲིར་བཞུགས་ཏེ་ཤ་ཆང་སོགས་ཁ་ཟས་གོས་སོགས་ཀྱི་ཉེས་སྐྱོན་གསུངས་པ་དང་། འཁོར་རྣམས་དྲང་སྲོང་གི་སྡེ་དང་། གཙང་གཙུག་གི་སྡེ་དང་། དགེ་བསྙེན་གྱི་སྡེ་གསུམ་དུ་རབ་ཏུ་བྱུང་སྟེ་ཆོ་ག་ལག་ལེན་རྒྱས་པར་རིམ་པ་གསུམ་དུ་མཛད་པ་དང་ཕོ་མོ་གླིང་སོ་སོར་དབྱེ་བ་བཅས། (133)
ལེའུ་ང་བདུན་པ་གཤེན་གྱི་དགེ་སྤྱོད་འདུལ་བའི་ཆོ་ག འདུལ་ཁྲིམས་ཕོ་གླིང་མོ་གླིང་སོ་སོར་ཕྱེ་བའི་བར་དུ་བཞུགས་ཏེ་གཤེན་ཚངས་པ་གཙུག་ཕུད་ཀྱིས་ཚིགས་སུ་བཅད་དེ་རྣམ་དག་འདུལ་བའི་ཆོ་ག་རྒྱས་པར་གསུངས་པ། ༡ (369)
ལེའུ་ང་བརྒྱད་པ་དགེ་སྤྱོད་པ་ཀོང་རྒྱལ་པོ་ན་རག་སྒྲིབ་པ་སྦྱང་བའི་མདོ། ཕོ་གླིང་མོ་གླིང་བར་དུ་བཞུགས་ཏེ་གཤེན་རབ་སྤང་ལ་ནམ་གཤེན་གྱི་ཚིགས་སུ་བཅད་དེ་དཔག་མེད་སངས་རྒྱས་ཕྱིན་གྱི་མཚན་བརྗོད་ཕྱག་འཚལ་བཤགས་པ་མཆོད་པ་བསྔོ་སྨོན་ན་རག་སྒྲིབ་པ་སྦྱོང་བའི་གཟུངས་ཡི་གེ་བརྒྱ་བ་བཅས།
ལེའུ་ང་དགུ་པ་འཁོར་སྤངས་དགོན་པ་མཛད་པའི་མདོ། དེ་ནས་རབ་བྱུང་གི་འཁོར་སྤངས་ཏེ་དགོན་པའི་གནས་གཤེགས་རི་གཡུང་དྲུང་དགུ་བརྩེགས་ཀྱི་ནགས་ཚལ་དུ་དབང་པོ་རབ་ཀྱི་འཁོར་རྣམས་ལ་གཞི་དང་ལམ་གྱི་རིམ་པ་གཏན་ཕབས་ལོ་གསུམ་བོན་འཁོར་བསྐོར། མི་གཡོ་བསམ་གཏན་གླིང་གཤེགས་ནས་གཞི་ཡི་གནས་ཚུལ། ལམ་གྱི་བགྲོད་ཚུལ། འབྲས་བུ་གྲུབ་ཚུལ་བཅས་གསུངས་ཏེ་ཚིག་བོར་དོན་ལ་བཞུགས་པའི་སྒོམ་པར་རྩེ་གཅིག་ཏུ་ལོ་གསུམ་བཞུགས། ཐེག་ཆེན་རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། གཉུག་མ་ཆེན་པོ། འབུམ་སྡེ་ཆེན་པོ་བཞིའི་རྒྱུད་སྡེ་རྣམས་གཏན་ལ་ཕབས་ཏེ་ལོ་དྲུག་བོན་གྱི་འཁོར་ལོ་བསྐོར། དེ་རྗེས་ནགས་ཚལ་དགོན་པའི་གནས་བསྟེན་ཅིང་བྱང་ཆུབ་སེམས་ཀྱི་དོན་གཏན་ལ་ཕབས་ཏེ་བསྒོམས་པ་བོན་རྣམས་ཉག་གཅིག་ཏུ་རྟོགས། བཀའ་ཐ་མ་ཕྱི་ནང་གསང་བའི་བོན་སྒོ་ཐམས་ཅད་ལྟ་སྒོམ་སྤྱོད་པའི་དོན་ལ་དྲིལ་བ་བསྟན་པའི་མདོ་རྩ་རྣམས་གཏན་ལ་ཕབས་ཏེ་ལོ་གསུམ་བཞུགས་པ་བཅས་སོ། འཁོར་སྤངས་དགོན་པའི་མཛད་པ་རྫོགས། (537)
ལེའུ་དྲུག་ཅུ་པ་སངས་རྒྱས་ཀྱི་མཚན་དཔེ་ཡོན་ཏན་བསྟན་པ། ནང་གླིང་བཅུ་གཉིས་ཀྱི་བྱང་ནུབ་ཚད་མེད་བྱང་ཆུབ་གླིང་བྱོན་རི་བོ་སྤོས་ཆེན་གྱི་དགོན་པར་བཞུགས་ཏེ་བླ་ན་མེད་པའི་དོན་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་བསྔོ་སྨོན་གསུངས། སྔོན་ནས་ཇི་ལྟར་མཛད་པའི་དོན་གྱིས་སྟོན་པའི་སྒྲོན་མར་གྱུར་པ་དང་། སྔོན་ནས་དགེ་བའི་ཚོགས་ཇི་ལྟར་བསྒྲུབ་པའི་དོན་གྱིས་སངས་རྒྱས་ཀྱི་མཚན་དཔེ་ཡོན་ཏན་བྱུང་ཚུལ་རྒྱས་པར་བསྟན་པ་འཕྲུལ་བོན་གསང་བ་ངང་རིང་དང་ཞུ་བ་ཞུ་ལན་ཚུལ་དུ་གསུངས། (624)
ལེའུ་རེ་གཅིག་པ་བསྟན་པ་བོན་གྱི་གཏད་གཉེར་མཛད་པ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པའི་ཁོང་བོན་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་བཅས་གཉེར་གཏད་སོ་སོར་མཛད། རྗེས་སུ་བཀའ་ཡི་བསྡུ་བ་མཛད་ཚུལ། མ་འོངས་འཁོར་རྣམས་འགྱུར་ཚུལ། འཛམ་གླིང་བསྟན་པ་སྤེལ་ཚུལ་བཅས་ཐུགས་སྲས་འ་ཞ་གསང་བ་ལ་གསུངས་ཏེ།
ལེའུ་དྲུག་ཅུ་རྩ་གཅིག་མདོ་དྲི་མེད་གཟི་བརྗིད་ཀྱི་མཇུག་ཡོངས་སུ་གྲུབ་པའོ།། (809) ཚང་།
༼ཞལ་འདེབས་གནང་སྦྱིན་མཛད་པའི་ཐོ་གཞུང་།༽
མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་གླེགས་བམ་བཅུ་གཉིས་དེ་དག་འཕྲུལ་པར་དུ་བསྐྲུན་སྐབས། དད་ལྡན་སེར་སྐྱ་རྣམས་ཀྱིས་དགེ་སྡོང་དུ། ཞལ་འདེབས་གནང་སྦྱིན་མཛད་པའི་ཐོ་བཀོད་པ་ལ།
༸སྨན་རིའི་སྐུ་མདུན་ཤེས་རབ་བློ་གྲོས་ཞིང་གཤེགས་དམ་པའི་དངོས་རྫས་ནས་སྒོར། ༣༠༠ ༸གཡུང་དྲུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་ནས་སྒོར། ༡༥༠༠ ༸རྩེ་དྲུག་མཁན་བརྩོན་འགྲུས་རྒྱལ་མཚན་ནས་སྒོར། ༡༠ ༸ སྤ་བླ་ཀུན་བཟང་རྒྱལ་མཚན་ནས་སྒོར། ༡༠ ༸སྤ་བླ་བསོད་ནམས་རྒྱལ་མཚན་ནས་སྒོར། ༡༠ ༸བར་སླེ་བླ་མ་གཞན་ཕན་བློ་གྲོས་ཉི་མ་ནས་སྒོར། ༣༠༠ ༸བླ་མ་ཚུལ་ཁྲིམས་ཉི་མ་ཞིང་གཤེགས་དམ་པའི་དངོས་རྫས་ནས་བལ་སྒོར་༡༠༠ དྲང་སྲོང་གཡུང་དྲུང་རྒྱལ་མཚན་ནས་སྒོར། ༥ དྲང་སྲོང་ཚུལ་ཁྲིམས་རྣམ་དག་ནས་སྒོར། ༡ དྲང་སྲོང་ཚུལ་ཁྲིམས་བསམ་གཏན་ནས་སྒོར། ༥ དགེ་རྒན་དཔལ་ལྡན་ཚུལ་ཁྲིམས་ནས་སྒོར། ༡༠ དུང་བླ་ནམ་མཁའ་བསྟན་འཛིན་ནས་སྒོར། ༡༠༠༠ ཤུག་སྡོང་སྙིང་འགྲུག་ཐར་ནས་སྒོར། ༡༠༠༠ ཚེས་ཡག་དམ་གོ་ནས་སྒོར། ༦༠༠ བར་རོང་རྣམ་རྒྱལ་འགྲུབ་ནས་སྒོར། ༥༠༠ མཁར་རྨེ་སྙིང་པོ་ཚེ་རིང་ནས་སྒོར། ༥༠༠ ཧོ་སྒོ་བྱམས་པ་ནས་སྒོར། ༥༠༠ ཅ་གཞོངས་ཁྲོ་རྒྱལ་ནས་སྒོར། ༥༠༠ སྤ་ཧྲི་ནས་སྒོར། ༣༠༠ ལོངས་ཚང་བྱམས་མ་ནས་སྒོར། ༣༠༠ མཁར་སྒང་བསོད་ནམས་འབུམ་ནས་སྒོར། ༢༥༠ མིའུ་ཚང་ཕུན་ཚོགས་ནས་སྒོར། ༢༥༠ བར་རོང་བསྟན་འཕེལ་ནས་སྒོར། ༢༠༠ དབྲ་ཐོག་ཀུན་རྒྱལ་ནས་སྒོར། ༡༥༠ ཀྱག་ཆོག་ལྕགས་ཐར་ནས་སྒོར། ༡༥༠ གྲྭ་ཤེས་རབ་དབང་རྒྱལ་ནས་སྒོར། ༡༢༥ གྲྭ་ཤེས་རབ་བློ་གྲོས་ནས་སྒོར། ༡༢༥ གྲྭ་བསྟན་པ་ཡེ་ཤེས་ནས་སྒོར། ༡༢༥ གྲྭ་བསྟན་པ་དར་རྒྱས་ནས་སྒོར། ༡༢༥ གྲྭ་བཀྲ་ཤིས་ཚེ་རིང་ནས་སྒོར། ༡༠༠ ཧོར་པ་རིན་ཆེན་རྒྱལ་མཚན་ནས་སྒོར། ༡༠༠ ཆུ་མདོ་བསོད་གོ་ནས་སྒོར། ༡༠༠ ཆུ་འགོ་སྐལ་བཟང་ནས་སྒོར། ༡༠༠ སྙ་རུ་ཀུན་བཟང་སྐྱོབས་ནས་སྒོར། ༡༠༠ དབྲ་ཚ་བསྟན་པ་མཆོག་རྒྱལ་ནས་སྒོར། ༡༠༠ ལ་ཀ་དབང་མཆོག་ནས་སྒོར། ༡༠༠ མཁར་སྒང་གེ་ཁོད་ཡག་ནས་སྒོར། ༡༠༠ གོ་ཙེ་ཡི་དམ་སྐྱོབས་ནས་སྒོར། ༡༠༠ གྲྭ་བསམ་དགའ་ནས་སྒོར། ༥༠ ཧོར་པ་དབང་འདུས་ནས་སྒོར། ༥༠ ཁྱུང་ལུང་རྒྱ་མཚཽ་ནས་སྒོར། ༥༠ ཧ་སྒོ་པད་མ་ནས་སྒོར། ༥༠ བུན་ཐུབ་ངག་དབང་ནས་སྒོར། ༥༠ མག་གྲུབ་ལྟག་ཐར་ནས་སྒོར། ༥༠ མག་གྲུབ་དབང་ཆེན་ཐར་ནས་སྒོར། ༥༠ དབྲ་ཚ་མཁས་གྲུབ་རྒྱ་མཚོ་ནས་སྒོར། ༥༠ དབྲ་ཚ་སྤ་བླ་དབང་རྒྱལ་ནས་སྒོར། ༥༠ འབྲས་སྡེང་རྣམ་རྒྱལ་ནས་སྒོར། ༥༠ ལུང་རིག་རྒྱ་མཚོ་ནས་སྒོར། ༤༣ རྒྱལ་ཤོད་བླ་བསྟན་པ་བཀྲ་ཤིས་ནས་སྒོར། ༢༥ སྦ་ནང་དཀའ་ཐུབ་ནས་སྒོར། ༢༥ འཕྲོག་ཤོག་དཔོན་སངས་རྒྱས་རྣམ་རྒྱལ་ནས་སྒོར། ༢༠ ཚེ་རིང་དབང་རྒྱལ་ནས་སྒོར། ༢༠ ཧོར་པ་རག་ཡུ་ནས་སྒོར། ༡༥ ཁྱུང་པོ་བསྟན་པ་ཡེ་ཤེས་ནས་སྒོར། ༡༥ ཧོར་པ་ཤེས་རབ་འོད་ཟེར་ནས་སྒོར། ༡༠ འཛིན་བླ་གཡུང་དྲུང་རྣམ་རྒྱལ་ནས་སྒོར། ༡༠ གྲྭ་ཤེས་རབ་ཚུལ་ཁྲིམས་ནས་སྒོར། ༡༠ ཉག་རོང་ལྷ་རྒྱལ་ནས་སྒོར། ༡༠ ཁམ་ཨ་སྨད་དབང་སྟོབས་ནས་སྒོར། ༡༠ ཁྱུང་ལུང་པད་མ་རྒྱལ་པོ་ནས་སྒོར། ༡༠ འགོ་གྱེ་ཚངས་སྐྱོབས་ནས་སྒོར། ༡༠ ཁང་སྟོད་ཕུན་ཚོགས་ནས་སྒོར། ༡༠ ལྷག་པ་སྒྲོན་མ་ནས་སྒོར། ༡༠ ཁྱུང་ལུང་ཕུར་བུ་རྡོ་རྗེ་ནས་སྒོར། ༥ ཁྱུང་པོ་རྣམ་སྲས་ནས་སྒོར། ༥ བྱ་དུར་བུ་བསོད་ནམས་ནས་སྒོར། ༥ ཧོར་ཁམ་སེ་ཡུ་ནས་སྒོར། ༥ ཧོར་པ་གཡུང་དྲུང་ཚུལ་ཁྲིམས་ནས་སྒོར། ༥ ཧོར་པ་ཨ་ཅེ་བུ་མོ་ནས་སྒོར། ༥ གྲྭ་འཕྲིན་ལས་རྒྱ་མཚོ་ནས་སྒོར། ༥ ཧོར་པ་རྒན་ཚུལ་ཁྲིམས་ཡེ་ཤེས་ནས་སྒོར། ༢ བྱ་དུར་ཨ་བུ་ནས་སྒོར། ༣ པྲ་དུམ་དཀོན་མཆོག་ཚེ་རིང་ནས་སྒོར། ༢ བྱ་དུར་དབང་རྒྱལ་ནས་སྒོར། ༢ སྐྱིད་རོང་པད་མ་ནས་སྒོར། ༢ བྱ་དུར་བུ་མོ་སྤེན་པ་ནས་སྒོར། ༢ སྐར་མ་ནས་སྒོར། ༡ ནམ་ལངས་ནས་སྒོར། ༡ སྟོད་པ་མཁའ་འགྲོ་ནས་སྒོར། ༡ ཁྱུང་ལུང་ཨུ་རྒྱན་ནས་སྒོར། ༡ བྱ་དུར་རྣམ་རྒྱལ་ནས་སྒོར། ༡ བྱ་དུར་ཚེ་རིང་སྐྱིད་པ་ནས་སྒོར། ༡ བྱ་དུར་ཚུལ་ཁྲིམས་ནས་སྒོར། ༡ ཁྱུང་ལུང་གྲགས་པ་ནས་སྒོར། ༡ ཁྱུང་ལུང་གཡུང་དྲུང་ནས་སྒོར། ༡ བྱ་དུར་བུ་མོ་བསོད་ནམས་ནས་སྒོར། ༡ ཁྱུང་ལུང་ཕུར་ཚེ་ནས་སྒོར། ༡ ཁམས་རྫ་དམར་དབང་སྟོབས་ནས། པད། ༥༠ ཁམས་བསོད་ནམས་སྐྱོབས་ནས། པད། ༥༠ ཁྱུང་ལུང་མི་འགྱུར་ནས། པད། ༥༠ ཚེ་འདས་སེར་བོ་སྐལ་བཟང་དོན་ལྡན་ནས་སྒོར། ༢༠༠༠ ཚེ་འདས་བར་རོང་འབྲུག་ཡག་རྒྱལ་ནས་སྒོར། ༡༠༠༠ ཚེ་འདས་ཁྱུང་པོ་བ་བློ་གྲོས་བསྟན་དར་ནས་སྒོར། ༢༥
དེ་ལྟར་རྣམ་མཁྱེན་རྒྱལ་བའི་མཛད་འཕྲིན་མཁའ།། གྲངས་དང་ཚད་བཟུང་ཆ་ཙམ་མི་དཔོག་ཀྱང་།།
གདུལ་བྱའི་བློ་ཚད་མཛད་ལེའུ་དྲུག་ཅུ་གཅིག། དྲི་མེད་གཟི་བརྗིད་དགོངས་དོན་དཀར་ཆག་ཐོ།།
བཀོད་པའི་དགེ་བས་རྒྱལ་བསྟན་རྒུད་གསོ་དང་།། བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་པད་བརྟན།།
བོན་སྲིད་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་།། ཡངས་པའི་རྒྱལ་ཁམས་བདེ་ལེགས་ཁྱབ་པར་ཤོག།
བཀྲ་ཤིས། དགེའོ།།
མཁས་དབང་དམ་པ་དཔལ་ལྡན་ཚུལ་ཁྲིམས་མཆོག་གིས་མཛད་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་དཀར་ཆག་བཅས་ཀྱི་མ་ཕྱིའི་དཔེ་གཞུང་ནི་ག་གཟི་ཚེ་རིང་དབང་རྒྱལ་བརྒྱུད་ནས་ལག་སོན་བྱུང་བ་དག་ཞུ་དག་ལེགས་པར་བགྱིས་ཏེ་གློག་ཀླད་དུ་འབུམ་རམས་མའི་མིང་ཙམ་འཛིན་པ་བཟང་མོས་ཕྱི་ལོ་༢༠༡༥ཟླ་བ་༡ ཚེས་༢༡ཉིན་ལེགས་པར་བསྒྲིགས། ཐ་ཚན་མུ་ཙུག་སྨར་རོ།།