སྔགས་བཀླག་ཐབས།

རྩོམ་པ་པོ། གདོང་བཙུན་བཀྲ་བསྟན་གྱིས་བརྩམས།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2021-03-31

ངོ་སྤྲོད་མདོར་བསྡུས། གདོང་བཙུན་བཀྲ་བསྟན་ནམ་མཚོ་བྱུང་ངག་གི་རིག་བྱེད།1982ལོར་ཨ་མདོ་རྔ་བུ་རུ་སྐྱེས། རང་ལོ་བརྒྱད་ཀྱི་ཐོག་སྣང་ཞིག་རྒྱལ་ཚབ་རིན་པོ་ཆེའི་མདུན་དུ་རབ་བྱུང་ཞུས་ཏེ་མིང་ལ་ཡོན་ཏན་མཁས་བཙུན་ཞེས་བཏགས། སྣང་དགོན་བྷྱོ་དབུ་མཛད་ཆེན་མོ་དང་ཤར་བཙུན་ཚུལ་ཁྲིམས་བསྟན་པ་གཉིས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་གི་རྨང་གཞི་ནས་བཟུང་འདོན་ཆོག་བོན་སྤྱོད་རིགས་རྣམས་རིམ་པས་བསླབས། སྔ་ཕྱིར་དགེ་བའི་བཤེས་གཉེན་དུ་མའི་མདུན་དུ་ཤེས་རིག་གི་བགོ་སྐལ་མང་དུ་ཐོབ། ངེས་དོན་བཤེས་གཉེན་དམ་པ་དགེ་བཤེས་ལུང་རྟོགས་རྒྱ་མཚོའི་དྲུང་ནས་སུམ་རྟགས་དག་གསུམ་དང་སྙན་ངག་རིག་པའི་གཞུང་ལ་སྦྱངས་པ་གཉེར། དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་ཚང་གི་མདུན་ནས་བརྡ་སྤྲོད་ཉེར་བདུན་དང་། སྙན་ངག ཆབ་ཕྱོགས་སོགས་ལ་སྦྱངས་པ་བྱས། ལྷག་པར་དུ་ལྔ་རིག་སྨྲ་བའི་དབང་ཕྱུག་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་མཉེས་པ་གསུམ་གྱིས་འབྲལ་མེད་དུ་བསྟེན་ཏེ་ཁོང་གི་མདུན་ནས། སུམ་རྟགས་སྙན་ངག་དང་། རྩིས་དཀར་ནག སྒྲ་སྡེབ་སྦྱོར། ཡིག་བྲིས་རྡུལ་ཚོན། སྔགས་ཀློག་ཐབས་སོགས་ཐུན་མོང་རིག་པའི་གནས་མཐའ་དག་དང་། བྲུ་ཡི་ཨ་ཁྲིད། ཡོངས་འཛིན་རིན་པོ་ཆེའི་གསང་སྔགས་བཀའ་འགྲེལ། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། སྒྲོན་མ་དྲུག་གི་སྐོར་སོགས་ཐུན་མིན་ཟབ་རྒྱས་གཞུང་ལུགས་མང་པོར་མཐར་ཆགས་སུ་བསླབ་དོན་གཉེར་བའི་སྐལ་བཟང་ཐོབ། ལོ་འདི་དག་གི་རིང་ལ་ཕྱོགས་སོ་སོ་ནས་ཕེབས་པའི་སྣང་དགོན་གྲྭ་ས་པ་དང་། ནང་གི་གྲྭ་གཞོན་མི་ཉུང་བ་ཞིག་ལ་སུམ་རྟགས་སྙན་ངག སྒྲ་རྩིས་མངོན་བརྗོད། སྔགས་ཀློག་རྩ་འགྲེལ། ཡིག་བྲིས་སྣ་ཚོགས་སོགས་ཀྱི་བསླབ་ཁྲིད་མཛད་པས་གཞན་དོན་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་མཆིས། རྩོམ་རིགས་ཀྱི་ཕྱོགས་ལ་ཡང་དུས་དེབ་དང་ལོ་དེབ་ཚགས་ཤོག་དུ་མའི་སྟེང་དུ་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་དྲུག་ཅུ་ལྷག་སྤེལ་ཞིང་སྙན་རྩོམ་གཅེས་བསྡུས་«སེམས་ཀྱི་མདུད་པ» དང་། སྙན་ངག་གི«རྒྱན་གསུམ་བློ་གསལ་དགའ་བའི་གླུ་དབྱངས» «འཕྲིན་ཡིག་དཔྱིད་ཀྱི་ཕོ་ཉ»དང་། བསམ་བློའི་ལྟ་བ«སྒེར་གཅོད་རྒྱང་སྐྱེལ།» ཡི་གེའི་དག་སྡེབ་སྐོར«དག་ཡིག་གཅེས་བསྡུས»དང་། བོད་ཀྱི་«བརྡ་སྤྲོད་པའི་བསྟན་བཅོས་སྒྲ་འགྲེལ་མཐོང་བ་དོན་གསལ»སོགས་གསར་དུ་བརྩམས་ཏེ་ཀློག་པ་པོ་དུ་མས་དགའ་བསུ་ཆེན་པོ་ཐོབ། གཞན་ཡང་པར་དུ་མ་བསྐྲུན་པའི་རིགས་ཀྱང་མང་དུ་བཞུགས་ཡོད་པ་དག་རྗེས་མར་ཀློག་མཁན་དགྱེས་པའི་སྐྱེས་སུ་བཏེགས་ངེས་ཡིན་པ་བཅས་སོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།