སྐམ་ཚང་སྦྲ་ཚང་གི་གདུང་རབས་ལོ་རྒྱུས།

རྩོམ་པ་པོ། སྐམ་མཉམ་ཉིད་བྱམས་མ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2018-02-24

ངོ་སྤྲོད་མདོར་བསྡུས། སྐམ་ཚང་གི་གདུང་རྒྱུད་ལ་སྐམ་དང་ཀམ་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་བྱུང་ཡོད་ཅིང༌། གདུང་རུས་དེའི་མིང་གཞན་ལ་སྒོ་ཡང་ཟེར། གདུང་རྒྱུད་དེ་ཉིད་ཆེས་གནའ་བོའི་དུས་ནས་བྱུང་བའི་གདུང་རྒྱུད་ཅིག་ཡིན་པ་ནི་“ཏུན་ཧོང་ཡིག་རྙིང་”ལས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབལ་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཞེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ནས་སུམ་པ་རྒྱལ་ཕྲན་གྱི་ཁོངས་སུ་སྐམ་གྱི་རུས་རྒྱུད་ཡོད་མ་ཟད། རྒྱལ་ཕྲན་དེའི་བློན་པོ་ཡིན་པར་གསལ། བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་མཁས་གྲུབ་ཆེན་པོ་སྐམ་ཡེ་ཤེས་རྒྱལ་མཚན་དང༌། ཀརྨ་དུས་གསུམ་མཁྱེན་པ་སོགས་ཀྱང་གདུང་རྒྱུད་དེ་ལས་མཆེད་པའི་ཤོད་རྒྱུན་ཡོད་འདུག་ལ། ཁམས་ཕྱོགས་སུ་སྐམ་གྱི་གདུང་ལས་འཁྲུངས་པའི་བོན་གྱི་བླ་ཆེན་དང་གྲུབ་ཆེན་མང་པོ་བྱུང་ཞིང༌། སྐམ་གྱི་གདུང་རྒྱུད་ཅེས་སྐད་གྲགས་ཤིན་ཏུ་ཆེ། དུས་ཕྱིན་སུ་༧སྨན་རིའི་མཁན་ཆེན་སྒོ་སྟོན་ཉི་མ་བསྟན་འཛིན་དང༌། སྦྲ་ཆེན་ཀླུ་ཕུག་དགོན་གྱི་སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་མང་པོ་གདུང་རྒྱུད་དེ་ལས་བྱུང་མྱོང་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གདུང་རྒྱུད་དེའི་སྐོར་གྱི་སྔར་ཡོད་ལོ་རྒྱུས་ཡིག་ཆ་རྣམས་ཁ་འཐོར་དུ་གྱུར་བར་བརྟེན་རིམ་གྱིས་བག་ལ་ཞ་བར་གྱུར་ནས། སྐམ་ཚང་གདུང་རྒྱུད་ཀྱི་ལོ་རྒྱུས་ཇི་བཞིན་མི་རྟོགས་པའི་གནས་སུ་གྱུར་བའི་སྐབས་སུ་སྐམ་ཚང་གི་གདུང་ལས་འཁྲུངས་པའི་སྒོ་བཙུན་མཉམ་ཉིད་བྱམས་མ་ནས་སྔར་ཡོད་སྐམ་ཚང་གདུང་རྒྱུད་ཀྱི་ལོ་རྒྱུས་ཡིག་རྙིང་རྣམས་བསྡུ་རུབ་བྱས་ནས་བོན་གྱི་གདུང་རུས་གྲགས་ཆེན་སྐམ་ཚང་གིས་ཐོག་མའི་བྱུང་ཚུལ་སྐོར་གྱི་གཏམ་རྒྱུད་དང༌། བར་དུ་ཇི་ལྟར་འཕེལ་བ། གདུང་རྒྱུད་དེ་ལས་མཁས་གྲུབ་ཀྱི་སྐྱེས་བུ་ཇི་ཙམ་བྱོན་པ། ད་ལྟར་མ་ཉམས་པར་གནས་པའི་ཚུལ་སོགས་ཅུང་གསལ་བོར་བཀོད་པའི་སྐམ་ཚང་གདུང་རྒྱུད་སྐོར་གྱི་དཔེ་དེབ་འདི་ཉིད་རྩོམ་འབྲི་གནང་བ་དེས་ལོ་རྒྱུས་རིང་ཞིང༌། སྙན་གྲགས་ཆེ་བའི་གདུང་རྒྱུད་དེ་ཉིད་ཀྱི་ལོ་རྒྱུས་རིང་ཞིང༌། སྙན་གྲགས་ཆེ་བའི་གདུང་རྒྱུད་དེ་ཉིད་ཀྱི་ལོ་རྒྱུས་ཁ་གསལ་དང༌། འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་ཡོད་ལ།བོད་ཀྱི་གདུང་རུས་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པས་པར་སྐྲུན་ཞུས་པ་ལགས་ན་རྒྱ་ཆེའི་བོད་རིག་པའི་ཞིབ་འཇུག་པ་དང༌། བོད་ཀྱི་རིག་གནས་ལ་ཐོས་བསམ་གནང་མཁན་གྱི་ཀློག་པ་པོ་རྣམ་པའི་ཐུགས་ཀྱི་གསོས་སྨན་དུ་གྱུར་བའི་འདུན་པ་འཆང་བཞིན་ཡོད།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།