དཔྱད་དེབ།-བོན་ཆོས་དཔྱད་བསྡུར།

རྩོམ་པ་པོ། རྒྱ་ཤོད་ཤེས་རབ་རྒྱ་མཚོ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2017-02-03

ངོ་སྤྲོད་མདོར་བསྡུས། འོ་སྐོལ་ན་གཞོན་ཚང་མས་མ་འོངས་མིག་རྒྱང་རིང་བའི་མདུན་ལམ་རྒྱ་བསྐྱེད་གཏོང་བ་ལ། འདས་སོང་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ཤིང་ལོ་རྒྱུས་བདེན་དོན་ལ་ཕྱིར་མིག་གིས་ལྟས་ཏེ། མ་འདང་བའི་ཞན་ཆ་རྣམས་ལེགས་བཅོས་བྱས་ནས་བསམ་གཞིག་ཟབ་ནན་གྱིས་འཕེལ་རྒྱས་ཡོང་བ་ལ་ཁ་ཕྱོགས་གཏད་ན། ད་གཟོད་ཞེན་ཁོག་རྙིང་རུལ་ལྟ་བས་རང་སྟོབས་གསལ་འབྱེད་མི་ནུས་པའི་རྨི་ལམ་འཇིག་རྟེན་ཁྲོད་དུ་ཁྲིད་པ་ལས་ཕྱིར་ཐོན་བྱེད་ཐུབ་པ་མ་ཟད། འུ་ཅག་རྗེས་ལུས་མི་རིགས་རྣམས་ལ་མདུན་བསྐྱོད་བསམ་བློའི་གོ་རྟོགས་སད་ལ་འོད་སྟོང་འབར་བའི་གཟི་བརྗིད་མངོན་ཡང་སྲིད། དེས་ན་འདས་དོན་ལ་དཔྱད་འཇོག་འཁྲུལ་མེད་ཀྱིས་ཞིབ་འཇུག་གི་མཐར་སྡོམ་ལོ་རྒྱུས་ཡིག་ཚང་དུ་ཇི་ལྟར་དྲང་བདེན་འགོད་ཐུབ་པར་བྱུང་ན། དེ་ཙམ་གྱིས་མི་རབས་ཕྱི་མ་རྣམས་ལ་བློ་སྐྱེ་སྤྲད་པ་དང་ཤེས་རྒྱ་བསྐྱེད་ནུས་པ་ཡིན། དགོས་གནད་དེ་རིགས་ལ་བསམས་ནས་རང་ཕྱོགས་གྲུབ་མཐར་ཐུགས་ཞེན་ཆེ་དྲག་པའི་སྔར་བྱུང་མཁས་པ་དག་གི་མཁྲེགས་འཛིན་ལྟ་བའི་དབང་གིས་ཁུངས་བཙུན་ལུང་རིག་དང་། རྒྱུ་མཚན། རྒྱུས་ལོན་མེད་པ་རིས་སུ་བཅད་དེ། གང་བྱུང་གཏམ་དུ་གླེང་བ་རྣམས་རིམ་པས་དཔེ་ཚོགས་ལོ་རྒྱུས་གསེབ་ཏུ་བཀབ་ནས་འཁོད་པའི་རིགས་ནི། དུས་རབས་ཉེར་གཅིག་པ་འདི་ནས་མཚམས་འཇོག་གནང་བའི་དམིགས་འདུན་རེ་སྨོན་མངོན་གྱུར་བྱུང་ཆེད། ཟེར་སྒྲོས་ཙམ་ལ་གཞི་བཅོལ་དང་ཡིད་རྟོན་མི་བྱེད་པར་གུ་ཡངས་བསམ་བློས་དངོས་ཐོག་དྲང་བཞག་ལམ་ནས། གྲུབ་མཐའ་སོ་སོའི་གཞུང་དོན་ཕན་ཚུན་དཔྱད་བསྡུར་དང་གནས་དོན་ལོ་རྒྱུས་འཚོལ་སྒྲུབ་བྱེད་དགོས་པ་ནི་ཆེས་གལ་གནད་ཆེ་བར་བརྟེན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་(སྐབས་བཅུ་གཉིས་པ)སྤྱི་ལོ་༢༠༡༦ལོའི་མཐོ་རམས་པའི་མཐར་ཕྱིན་ཡོན་གནས་དཔྱད་རྩོམ་སྒྲུབ་པའི་སྐབས་འདིར། བོན་གྱི་《ཁམས་ཆེན་》དང་བན་དེའི་《ཡུམ་འབུམ་》གཉིས། 《སྲིད་པའི་མཛོད་ཕུགས་》དང་《ཆོས་མངོན་པའི་མཛོད་》གཉིས། བོན་དང་ཆོས་པའི་འདུལ་གཞུང་གཉིས། གསོ་རིག་《འབུམ་བཞི་》དང་《རྒྱུད་བཞི་》གཉིས་བཅས་གཞུང་དངོས་ལག་ཏུ་བླངས་ནས་དཔྱད་བསྡུར་རིག་པས། རིས་འཛིན་མཁྲེགས་བཟུང་གི་ལྟ་གྲུབ་དོར་ཞིང་དངོས་གཙོ་སྨྲ་བ་ཁོ་ནའི་རྗེས་སུ་མ་ཞུགས་ལ། དད་འདུན་ཕྱག་ཟུང་གི་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ཏེ་ཆོས་ལུགས་པའི་དགོངས་ཚུལ་གཅིག་པུར་ལྟོས་པ་ཡང་མ་ཡིན། དེས་ན་དངོས་ཡོད་དྲང་བདེན་དང་རྒྱུ་མཚན་གནས་ལུགས་ལྡན་པས་གཏན་ལ་ཕབ་ཁུལ་གྱིས་ཆེད་རྩོམ་འདི་ཉིད་བསྒྲུབས་པ་ཡིན། འོན་ཀྱང་གྲུབ་མཐའི་ཞེན་པ་ངན་གོམས་དབང་གིས་ཕྱོགས་སུ་ཤོར་བ་དང་སྒོ་ཀུན་ནས་འཐུས་སྒོ་མ་ཚང་བ་ད་དུང་ཏན་ཏན་དུ་ཡོད་སྲིད་པས། གཞོན་སྐྱེས་ཤེས་ལྡན་མཐོང་རྒྱ་ཆེ་བ་དང་བསམ་བློའི་གོ་རྟོགས་སད་པ་རྣམས་ཀྱིས་འབད་པ་ཧུར་ཐག་གིས་གནས་ཚད་མཐོར་འདེགས་བྱེད་པའི་རྨང་གཞི་ཙམ་དུ་དམིགས་ཏེ་བཀོད་པའོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།