གསང་སྔགས་སྤྱི་དོན་དང་འདུལ་རྒྱུད་སོགས་ཀྱི་སྐོར།

རྩོམ་པ་པོ། ༧སྨན་རིའི་ཡོངས་འཛིན་རིན་པོ་ཆེ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2016-04-21

ངོ་སྤྲོད་མདོར་བསྡུས། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་ཕྲེང་བཅོ་ལྔ་པ། 
གསལ་བཤད། སྤྱིར་རིན་ཆེན་གསེར་གྱི་རི་བོ་སྤུངས་ཡང་གཞལ་བར་མི་ནུས་པའི་རྩ་བླ་ཡོངས་འཛིན་མཆོག་གི་གསུང་འབུམ་འདི་དག་རིན་མེད་བརྩི་མེད་ལྟ་བུའི་དེང་རབས་ཀྱི་ཆ་འཕྲིན་ལམ་ནས་གཏོང་ཆོག་ཆོག་མིན་ནའང་། རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་ཕྲེང་བཅོ་ལྔ་པ་འདི་ཉིད་པར་བསྐྲུན་རྗེས་སུ་སློབ་གཉེར་དད་ལྡན་རྣམས་ལ་བྱིན་རླབས་ཕ་འབབ་ཚུལ་དུ་གནང་སྦྱིན་ཐུབ་པ་སོགས་ཀྱི་རྒྱུ་མཚན་གཞིར་བཅས། དེ་བཞིན་སྐབས་དེར་བྱིན་རླབས་ཀྱི་སྦྱིན་པ་མ་ཐོབ་པའི་དད་ལྡན་སློབ་གཉེར་བ་རྣམས་ལ་དམིགས་ཏེ། འབྲེལ་ཡོད་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཆེན་མོའི་ལས་སྣེ་མཆོག་གིས་བཀའ་ཆབ་ཆོག་མཆན་གནང་བ་དང་མ་དཔེ་བསྩལ་གནང་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་ཕུན་སུམ་ཚོགས་པར་བརྟེན་ནས་ད་ལན་ངེད་བོན་གྱི་དྲིས་ལན་དྲ་བའི་གཙོ་སྒྲིག་པས་འཕྲུལ་དེབ་ལམ་དུ་དྲངས་པ་ལྟར་སླར་ཡང་ཧི་མ་ལ་ཡི་བོན་དྲ་བའི་འཕྲུལ་མཛོད་དུ་སློབ་གཉེར་བ་རྣམས་ལ་སྟབས་བདེའི་ཆ་རྐྱེན་སྐྲུན་ཡོད།
གསུང་འབུམ་པོད་ཕྲེང་བཅོ་ལྔ་པའི་ནང་དོན་དཀར་ཆག  
༡) ཆག་ཤིང་གི་རྣམ་བཤད། 
༢) སྙན་རྒྱུད་བར་ཆོད་ལམ་སེལ་གྱི་དོན་བསྡུས།
༣) གཡུང་གླིང་མཁན་རབས་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་མཛད་རྣམ།
༤) དྲང་དོན་སྒྲོན་མ་མུན་སེལ་གྱི་ཟུར་རྒྱན།
༥) དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།
༦) འདུར་རྒྱུད་སྲིད་གཤེན་ཐེག་པའི་རྣམ་བཤད་གཞུང་དོན་གསལ་བྱེད།
༧) འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་མཚན།
༨) སྡོམ་པའི་ལས་ཆོག་སྤྱི་དང་བྱང་ཆུབ་སེམས་སྡོམ་ལེན་པའི་ཆོ་ག
༩) དྲང་སྲོང་མོ་ཡི་བསྙེན་རྫོགས་ཀྱི་སྡོམ་པ་ལེན་ཚུལ་མདོ་དོན་གསལ་བ།
༡༠) རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བཀོད་པ།
༡༡) གསང་སྔགས་ཀྱི་བཀའ་དབང་གསན་པོའི་ཀུན་སློང་བཅོས་ཐབས།
༡༢) གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ།
༡༣) རྣམ་གསུམ་ཏིང་འཛིན་གསལ་བའི་འོད།
༡༤) མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་སྤྱི་དོན་བཤད་པ།
༡༥) མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་སྤྱི་དོན་ཐིག་ལེའི་སྐོར་གྱི་ཟུར་རྒྱན།
༡༦) ཐབས་ལམ་འབྱུང་བའི་ཐིག་ལེའི་ལག་ལེན་བཤད་པ།
༡༧) མན་ངག་ལུང་གི་ཚད་མའི་མཆན་འགྲེལ་གཞི་སྣང་རབ་གསལ་ཞེས་བྱ་བ།
མ་དཔེ་ཡོང་ཁུངས། དགེ་བཤེས་བསམ་གཏན་གཙུག་ཕུད།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།