«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་དེབ་དྲུག་པ།

རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2016-01-24

ངོ་སྤྲོད་མདོར་བསྡུས། སྤྱིར་ན་ང་ཚོའི་མི་རིགས་འདི་ལ་ལེགས་པ་དང་ཉེས་པའི་ཆ་གཉིས་སུ་ཡོད་པ་ནི། འདས་པའི་ལོ་རབས་རྒས་པའི་སྔོན་དུ་ཆོས་ལུགས་དང་ཆོལ་ཁ་རང་གཞན་དང་ཕྱོགས་ལྷུང་སོགས་ཀྱིས་འཁྱེར་ཏེ་ཕན་ཚུན་སོ་སོའི་བར་ལ་འཁོན་འཛིང་གི་ཞགས་པས་དམ་དུ་བཅིངས་ནས་ཕན་ཚུན་བར་ལ་ཁྲག་དྲི་འཐུལ་བའི་ལོ་རྒྱུས་སོགས་བྲིས་མྱོང་ཡོད་པ་དང་རང་ལས་གཞན་གྱི་འཕྲིན་ལས་ལ་རྡོག་རྫིས་བྱས་མྱོང་བའི་གོ་རིམ་དག་ནི་མི་རིགས་འདིའི་ཡ་ཆུང་གི་སྙིང་ལ་བཞག་པའི་ནག་ཐིག་གོར་མོ་དེའང་ཡིན་ངེས་པ་རེད།
ལེགས་པའི་ཆ་ནས་གླེང་ན། ཕྱོགས་སོ་སོའི་རིག་གཞུང་དང་ཕ་སྐད་སོགས་ཀྱིས་མཚོན་པའི་གླེགས་བམ་མི་ཉུང་བ་ཞིག་འདོན་སྤྲོད་བྱེད་པའི་བརྒྱུད་རིམ་ཁྲོད་ནས། ཕན་ཚུན་བསམ་པ་བརྗེ་རེས་དང་སོ་སོའི་མི་རིགས་ལ་གདེང་འཇོག་སོགས་ཀྱི་ལམ་ལ་ཆས་ཏེ་ཕུ་ནུ་མཉམ་སྦྲེལ་གྱི་ལས་ལ་འབད་བཞིན་པ་ནི་མ་འོངས་མི་རིགས་འདི་ལ་ལེགས་པའི་དཔེ་ཞིག་སྟོན་པའི་སྟ་གོན་བྱས་པ་ཡིན་ནོ།། བརྒྱུད་རིམ་དེ་དག་གི་ལོ་ཟླའི་ཁྲོད་ནས་ང་ཚོས་རང་རིགས་ལ་དུང་བའི་ལྷག་བསམ་རྣལ་མ་ཞིག་དང་དགའ་བའི་ལེགས་ཚོགས་དག་མ་ཞིག་སྒྲུབ་ཐུབ་མིན་ནི་སོ་སོའི་འབད་འབུངས་དང་མི་ཚེའི་ནང་གི་གཞན་ཕན་གྱི་སེམས་བཟང་ལ་རག་ལས་པ་ཡིན་ནོ།།
ད་དུང་ཡང་མི་རིགས་འདིའི་གཞུང་དོན་གྱིུ་ཁུངས་མ་རྣམས་གཞན་གྱི་རྣམ་དཔྱོད་གྲོགས་སུ་ལེགས་པའི་སྡོང་གདབས་སུ་དམིགས་ནས་འདོན་སྤྲོད་བྱེད་པ་གལ་ཆེ་བར་བསམ་ནས། ད་ལན་རྩོམ་པ་པོ་གང་མང་ཞིག་གི་ཐུགས་བསྐྱེད་ཟབ་མོའི་འོག་༧དཔལ་གཤེན་བསྟན་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་འདུས་སྤྱི་ནས་གཉེར་བའི«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་ཡི་འདོན་ཐེངས་དྲུག་པ་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་། མི་རིགས་ལ་ལྷག་བསམ་དང་གཞན་ཕན་གྱི་དུང་བ་མཚོན་པའི་ལོ་དེབ་འདིར་སྤྱི་སྡོམ་གྱི་ཞན་ཆ་དང་ནོར་བ་སོགས་མཆིས་སྲིད་པས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་བར་མ་ཟད་མ་འོངས་པའི་ཆར་ཡང་ཇེ་ལེགས་གོང་འཕེལ་ཡོང་རྒྱུའི་ཐད་ལ་དགོངས་འཆར་གནང་རོགས་ཞུ།
འདིར་ཞུ་གཡས་ལེགས་པོའི་སྐྱེས་རབས་རྣམ་ཐར་གྱི་མ་ཡིག་ནི་ཡིག་རྙིང་ཡིན་ཕྱིན་བརྡ་རྙིང་དང་དེང་རབས་དག་ཡིག་གི་འགྲོས་དང་མི་མཐུན་པ་མང་པོ་ཡོད་པས་དེར་ང་ཚོས་མ་ཡིག་རང་སོར་བཞག་པ་དང་དོགས་ཡོད་རྣམས་གུག་རྟགས[ ]སུ་བཅུག་ནས་བཞག་ཡོད་པས་དེ་ལུགས་སུ་མཁྱེན་རྒྱུ་ཞུ།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།