བོན་བརྒྱ་དགོན་གྱི་རྒྱུན་འཁྱེར་ཞལ་འདོན།

རྩོམ་པ་པོ། ཁྲི་བསོད་དང་རེབ་སྐྱིད།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2015-11-29

ངོ་སྤྲོད་མདོར་བསྡུས། རིན་མེད་དཔེ་སྦྱིན་གྱི་གསལ་བཤད།
ཁྲི་བསོད་བསྟན་དང་རེབ་སྐྱིད་ཡར་འཕེལ་གཉིས་ཀྱིས་"རྒྱུན་འཁྱེར་ཞལ་འདོན"འདི་ཀོ་དགོས་དམིགས་གསུམ་གྱི་སྒོ་ནས་པར་དུ་བསྐྲུན་པ་ཡིན་ཏེ།
༡༽སྤྱིར་སྙིགས་དུས་ཀྱི་བསྟན་འགྲོའི་དེད་དཔོན་ཆེན་པོ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་བཟང་བོའི་ཞིང་མཆོག་ཏུ་གྱུར་བའི་ཡིད་བཞིན་གྱི་ནོར་བུ་གཅིག་པུ། བདག་ཅག་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་མཐོང་བའི་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ་རིན་པོ་ཆེ། ༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་སྐུ་དྲིན་གྱི་ཆ་ཙམ་མཇལ་ཕྱིར་ཞབས་བརྟན་བསྐལ་བརྒྱར་འཚོ་བཞུགས་ཞུ་བ་དང་།
༢༽བྱེ་བྲག་ཏུ་ངེད་གཉིས་དང་འབྲེལ་བའི་ཤ་ཁྲག་རུས་རྐང་གཅིག་པའི་ཉེ་གཞི་རྩ་ལག་གཙོར་བཅས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་དང་འདས་མ་ཐམས་ཅད་སྲིད་པ་བར་མ་དོར་མི་འཁྱམས་པར་གནས་དག་པ་འོལ་མོ་གླིང་གི་ཞིང་ཁམས་སུ་མེ་ཏོག་པདྨའི་ཁ་ལ་བརྫུ་སྟེ་སྐྱེས་པར་སྨོན་པ་དང་།
༣༽སྒོས་སུ་རང་རང་སོ་སོས་ཁས་བླངས་དམ་ཚིག་ཆག་ཉམས་ཉེས་ལྟུང་ཤོར་བ་དང་སྡིག་པའི་ལས་ཅི་བསགས་པ་ཡོད་དོ་ཅོག་མེ་ལོང་གི་གཡའ་དག་པ་ནང་བཞིན་གཙང་ཞིང་སེལ་བར་གྱུར་ཏེ། ལྷ་དང་བླ་མའི་ཐུགས་རྗེ་ཡིས་ཟིན་པ། མ་བདུད་བཙན་གསུམ་སོགས་སྲུང་མའི་གཙོ་འཁོར་བཅས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཅི་བསམ་ཐམས་ཅད་ཡིད་བཞིན་ནོར་ལྟར་འབྱུང་བར་འགྲུབ་པའི་སྡོངས་གྲོགས་མཛད་ཕྱིར་བཅས། རེབ་གོང་བོན་བརྒྱ་དགོན་གྱི་རྒྱུན་འཁྱེར་ཚོགས་འདོན་གླེགས་བམ་འཁྱེར་བདེ་དེབ་ཆུང་དུ་བསྒྱུར་ཏེ་པར་བསྐྲུན་བགྱིས་ཤིང་རྣམ་དཀར་དགེ་ལ་འདུན་པའི་ལུས་ཅན་སྐྱེ་འགྲོ་ཕོ་མོ་ཡོངས་ལ་རིན་མེད་བོན་སྦྱིན་དུ་ཕུལ་བ་ལགས། དྲི་མས་མ་གོས་པའི་སེམས་བསྐྱེད་ཆེན་མོའི་མཐུ་དཔལ་འདི་ཡིས་ནི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་ཞིང་སྙིང་ཐག་པ་ནས་རྔོ་ཐོགས་པར་ཞུ་བའོ།།
ཞེས་དཔེ་སྒྲིག་པས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།