བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང༌།

རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྣམ་རྒྱལ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2015-04-05

ངོ་སྤྲོད་མདོར་བསྡུས། དེབ་འདི་རྩོམ་པ་པོ་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་བརྩམས་ཤིང་སྤྱི་ལོ༢༠༠༩ལོར་བལ་ཡུལVajra Publicationsནས་དཔར་དུ་བསྐྲུན་པ་ཞིག་རེད། འདི་ལ་ལེ་ཚན་གསུམ་ཡོད། ལེ་ཚན་དང་པོ་ནི། བོན་གྱི་དཔེ་གཞུང་ཁག་ཅིག་ལ་དྭོགས་སློང་བྱུང་བའི་སྐོར་བརྗོད་པ། བོན་གྱི་ལྟ་སྤྱོད་སྐོར་ལ་ཡོངས་གྲགས་ལྟ་ཚུལ་དང༌། སྟོན་པ་གཤེན་རབ་ཀྱི་གདུང་རབས་དང་འཁྲུངས་ལོའི་སྐོར་གྱི་རྙོགས་འཛིང་སྐོར། འོལ་མོ་ལུང་རིང་ས་གནས་གང་དུ་ཡོད་དམ་དཔྱད་པ། བོན་དང་འཇང་རིགས་གཏོ་པའི་ཆོས་ལུགས་དང་འདྲ་མཚུངས་ཇི་ཡོད་དམ། བོད་དུ་བོན་དང་འབྲེལ་བའི་རིག་གནས་གང་དར་བ་ཡིན་ནམ། བོན་གྱི་ཤིང་རྟའི་སྲོལ་འབྱེད་ཁག་དང་འབྲེལ་བའི་སྐོར་དང༌། བོན་གྱི་འདུལ་བའི་ལོ་རྒྱུས་སྐོར། བོན་ཆོས་རིས་མེད་བླ་ཆེན་དགོངས་པ་རབ་གསལ་ངོས་འཛིོན་བྱེད་སྟངས་ཀྱི་རྙོག་འཛིང༌། ནུབ་ཕྱོགས་སུ་བོན་ཞིབ་འཇུག་བྱུང་ཚུལ་སྐོར་བཅས་ཀྱི་ལེ་ཚན་བཅས་ཀྱི་བརྗོད་གཞིག་ཁག་ཅིག་ཡིན།
ལེ་ཚན་གཉིས་པ་ནི། བོད་མི་རིགས་ཀྱི་རུས་རྒྱུད་ཚན་ཁག་སྐོར་ལ་དཔྱད་པ་སྟེ། འདི་ལ་བོད་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་གནའ་བོའི་ཡིག་རྙིང་སྐོར་ཞིག་ལ་དཔྱད་སྡུར་བྱས་ཞིབ་འཇུག་བྱས་ཏེ་དང་པོ་སྤྲ་རིགས་ལས་མིའི་འགྲོ་བ་གྲོལ་བར་འདོད་པའི་ལུགས་དང༌། གཉིས་པ་སྲིད་པའི་ཀློང་སྒོང་ལས་མིའི་འགྲོ་བ་གྲོལ་བར་འདོད་པའི་ལུགས་དང༌། གསུམ་པ་མཐར་བོད་མི་རིགས་ཀྱི་རུས་རྒྱུད་ཚན་ཁག་རྣམས་སྡེ་ཚན་སོ་སོར་ཇི་ལྟར་གྱེས་ཚུལ་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ཞིག་ཡིན།
ལེ་ཚན་གསུམ་པ་ནི། ལོ་ཆེན་བཱཻ་རོའི་ཡང་སྲིད་གཏེར་ཆེན་བདེ་ཆེན་གླིང་པའི་རྣམ་ཐར་ལ་ཞིབ་འཇུག་བྱས་པ་ཞེས་པ་དེ་ཡིན། འདི་ལ་གཏེར་སྟོན་བདེ་ཆེན་གླིང་པ་ནི་བོད་ཀྱི་སྔ་འགྱུར་རྙིང་མ་བ་དང་བོན་གསར་མའི་ལུགས་ཀྱི་གཏེར་སྟོན་ཚད་ལྡན་ཞིག་ཡིན་ཞིང༌། ཁོང་ནི་ཆོས་ལུགས་རིས་མེད་ཀྱི་བླ་མ་ཞིག་རེད། སྐབས་འདིའི་བརྗོད་བྱ་ནི་ཁོང་གི་རང་རྣམ་ཕྱི་ནང་གསང་བ་ཡང་གསང་གི་རྣམ་ཐར་ལེའུ་བཞི་བྱུང་འདུག་པ་ལ་གཞིར་བཞག་ནས་སྙིང་དོན་བསྡུས་ཏེ་གོ་བདེར་བྲིས་པ་ཞིག་ཡིན། དེ་ལ་ཁོང་གི་སྐྱེས་རབས་སྐོར་དང༌། ཁོང་གི་བླ་མ་དང་སློབ་མའི་སྐོར་དང༌། ཁོང་གིས་ཟབ་གཏེར་གང་རྙེད་ཡོད་པའི་སྐོར། ཁོང་གི་ཆོས་ལུགས་ཀྱི་ལྟ་སྤྱོད་གང་ཞིག་ཉམས་ལེན་བྱེད་ཀྱི་ཡོད་པ་སོགས་ཡིན།
ལེ་ཚན་བཞི་པ་ནི། མཁའ་ཀློང་གསང་མདོས་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པ་ལས་གནད་ཡོད་ཁག་ཅིག་ཟུར་དུ་ཕྱུང་བ་ཞེས་པ་དེ་རེད། འདི་ནི་གནའ་སྔ་མོའི་བོན་ལུགས་པ་རྣམས་ཀྱིས་གཏོ་ཆོག་མདོས་ཞེས་པའི་ཆོ་ག་དེ་ཇི་ལྟར་སྤེལ་གྱིན་ཡོད་པ་དང་ཆོི་ག་དེའི་ཤན་ཞུགས་ཐེབས་པའི་མི་རྣམས་ཀྱི་ནང་སེམས་ཀྱི་འདུ་ཤེས་དང༌། སྤྱོད་ལམ། དེ་བཞིན་དད་མོས་བྱེད་ཚུལ་གྱི་རྣམ་པ་དང༌། ཆོ་ག་མཁན་དེ་དག་གིས་བྱེད་སྒོ་དེར་ཇི་ལྟར་འཇུག་པའི་ཚུལ་དང༌། ཆོ་གའི་ནང་དོན་གྱི་ལྷ་དང་འདྲེའི་ཕན་གནོད་ཀྱི་འདུ་ཤེས། དེས་བོད་ཀྱི་དམངས་ཁྲོད་དུ་བག་ཆགས་གཏིང་ཟབ་ཀྱི་རང་བཞིན་ཇི་ལྟར་མངོན་པ་དང༌། ད་ལྟའི་བར་ཇི་ལྟར་རྒྱུན་འཛིན་བྱས་ཡོད་ཚུལ་རྒྱས་པར་བརྗོད་པའི་དཔྱད་རྩོམ་རྒྱས་པ་གཞན་དུ་ཡོད་པ་དེའི་སྙིང་དོན་གལ་ཆེན་རིགས་ཟུར་དུ་བཏོན་པ་ཞིག་ཡིན།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།