བོན་འབངས་དཀར་ཤོད་པའི་དད་རྟེན་ཞལ་འདོན་གཅེས་བཏུས།

རྩོམ་པ་པོ། རིག་སད་ཀྱིས་བསྒྲིགས།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2018-05-23

ངོ་སྤྲོད་མདོར་བསྡུས། སྔོན་འགྲོའི་གཏམ།
རབ་དཀར་གས་རིའི་ཕྲེང་བས་ཡོངས་སུ་བསྐོར་ཞིང་འཛམ་གླིང་གི་གོ་ལ་ཁྱོན་ཆེན་པོའི་སྤྱི་གཙུག་ཏུ་ཆགས་པའི་མཐོ་སྒང་བོད་ཅེས་གྲགས་པའི་ས་ཡི་ཐིག་ལེར། རིགས་རྒྱུད་བཟང་བ་འོད་གསལ་ལྷ་ལས་ཆད་པའི་བོད་མིའི་ཐོག་མ་བྱུང་བ་ནས་བཟུང་། སྐྱེ་བོ་རྣམས་ཀྱིས་རང་རང་གི་རྣམ་དཔྱོད་འདྲ་མིན་གྱི་རྩལ་ལ་བརྟེན་ནས་རིག་པའི་གནས་ཅི་རིག་གསར་གཏོད་དང་། འཕེལ་རྒྱས་གཏོང་མུས་སུ། ལྷག་པར་དུ་རྣམ་འདྲེན་བརྒྱད་པ་བོད་ཡུལ་དུ་ཞབས་བཅག་ཏེ་བདུད་བཏུལ་བསྟན་པ་རྒྱས་བཞག་མཛད་དེ། འཇུག་རྟེན་དང་འཇིག་རྟེན་ལས་འདས་པའི་བོན་གྱི་གནས་ལུགས་མཐའ་དག་ཇི་བཞིན་དུ་སྟོན་པར་ནུས་པ། སྐྱེ་རྒུའི་ཕན་བདེའི་གཞི་རྩ། གཡུང་དྲུང་གི་བོན་རིན་པོ་ཆེ་རྒྱ་ཆེར་སྤེལ་བ་དང་། ཆེས་ངོ་མཚར་བའི་འཕྲུལ་ཡིག་བཞི་བཅུ་འདི་ལྟ་བུ་གཏན་ལ་ཕབ་སྟེ་གང་ཟག་རང་རང་གི་བློ་སྟོབས་དང་བསྟུན་པའི་ཐེག་པ་རིམ་དགུ་སོགས་རྒྱལ་བའི་བཀའ་རིན་པོ་ཆེ་དང་དེའི་རྗེས་འཇུག་གྲུབ་ཆེན་དག་གིས་མཛད་པའི་བཀའ་བརྟེན་སོགས་འུ་ཅག་ལྟ་བུས་ཚེ་གང་ངལ་བ་བརྟེན་ནས་བགྲངས་ཀྱང་བགྲང་བར་བཀའ་བས། ད་ཡོད་ཀྱི་གསུང་རབ་གླེགས་བམ་ཐམས་ཅད་གཞི་གཅིག་ཏུ་བརྩིགས་ན་རི་རྒྱལ་ལྷུན་པོའི་དཔངས་ལའང་སྐྱེངས་པར་ནུས་སོ་ཞེས་སྨྲས་ཀྱང་འུད་དུ་མི་ཆེ།
སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་དག་ཕུང་པོ་ལྷག་མེད་འཇའ་ལུས་སུ་བཤེགས་པ་དེ་དག་ཀྱངརྒྱལ་བའི་བཀའ་དང་བཀའ་རྟེན་དེ་དག་ལ་བརྟེན་ཏེ་མངོན་སངས་རྒྱས་པ་ཡིན་མོད། འོན་ཀྱང་དེ་ནས་རིམ་བཞིན་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཉམས་དམས་སུ་སོང་བའི་ཉེར་ལེན་ལས། དེ་ལྟ་བུའི་ཉམས་ལེན་དང་བརྩོན་འགྲུས་བསྐྱེད་མཁན་ནི་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བས་དེང་སྐབས་དེ་ལྟ་བུའི་སྒྲུབ་པ་ཉམས་ལེན་བྱེད་མཁན་ནི་ཉིན་སྐར་ལྟར་དུ་སྣང་ལ། དེ་ལས་ལྡོག་ཏེ་རྒྱུན་དུ་ཁ་འདོན་དགེ་སྦྱོར་དང་ཉ་ཚེས་དག་ཏུ་ཕྱག་བསྐོར་བྱེད་མཁན་ཡང་རྒན་ཁོག་ཙམ་མ་གཏོགས་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེར་བརྟེན་རང་གྲོང་ཚོའི་ཡུལ་མི་རྒན་གྲས་དག་གི་སངས་རྒྱས་བསྟན་པ་སྤྱི་དང་ལྷག་པར་དུ་རང་གྲོང་ཚོའི་སྔར་སྲོལ་གྱི་ཁན་འདོན་དགེ་སྦྱོར་སོགས་ཉམས་གུད་དུ་འགྲོ་བ་ལ་མ་བཟོད་པར་མ་ཉམས་གོང་འཕེལ་འགྲོ་བའི་རྐྱེན་དུ་དམིགས་ཏེ་ཞལ་འདོན་གཅེས་བཏུས་ཤིག་སྒྲིག་དགོས་པའི་འདུན་པ་ལོ་མང་བཅང་རུང་དངོས་ཐོག་ཏུ་མ་སྨིན་པར་ལོ་ཤས་སུ་ལུས་པས།
ད་རེས་འཚམས་རྒན་རིན་ཆེན་བློ་གྲོས་རིན་པོ་ཆེ་མཆོག་དང་དགེ་བཤེས་བསོད་ནམས་གཡུང་དྲུང་རྣམ་གཉིས་ཀྱི་གཙོས་བོན་གཤེན་ཁ་ཤས་ཀྱི་ངལ་བ་ལ་མ་འཛེམ་པར་ལྷག་བསམ་རྣམ་པར་དག་པའི་ཀུན་སློང་ལས་༼བོན་འབངས་དཀར་ཤོད་བའི་དད་རྟེན་ཞལ་འདོན་གཅེས་བཏུས༽ཞེས་པའི་དེབ་ཆུང་འདི་ཉིད་པར་དུ་བསྐྲུན་པའི་དགེ་བས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་རབ་ཏུ་ཞི་སྟེ་སྐྱེ་འགྲོ་མཐའ་དག་དགེ་ལ་མོས་ཤིང་༧ཞྭ་དཀར་བསྟན་པའི་རིང་ལུགས་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག ཉེས་འགལ་ཅི་མཆིས་མཉམ་མེད་ལྷ་ལ་མཐོལ་ལོ་བཤགས།
སྒྲིག་པ་པོ་རག་བཙུན་ལུང་རྒྱམ་མམ་རིག་སད་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བྲིས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།