སེར་བརྒྱའི་བོན་དགོན་གྱི་རྒྱུན་འདོན་བོན་སྤྱོད་ཕྱོགས་བསྒྲིགས།

རྩོམ་པ་པོ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2018-01-10

ངོ་སྤྲོད་མདོར་བསྡུས། དཔེ་སྐྲུན་གསལ་བཤད།
དེ་ཡང་ལྷ་དང་བཅས་པའི་བསོད་ནམས་ཀྱི་དཔལ་དུ་གྱུར་བ། ངེས་ལེགས་དགེ་བའི་དེད་དཔོན་ཆེན་མོ། རྣམ་འདྲེན་བརྒྱ་བའི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་གསུངས་པའི་བཀའ་ལ་རྣམ་པ་གསུམ་སྟེ། ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བ་དང་གསུམ་ལས་འཕྲོས་པའི་བཀའ་རྒྱ་ཆེ་བ། ལུང་གྲངས་མང་བ། མན་ངག་བསམ་མཐའ་ཡས་པ་ལ་སོགས་གང་གཱའི་ཀླུང་གི་རྡུལ་གྲངས་དང་མཉམ་པའི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་ལས། གངས་ལྗོངས་བོན་གྱི་ཞིང་ཁམས་འདིར་ཞང་བོད་གྲུབ་ཐོབ་རིག་འཛིན་རྣམས་ནས་དགོངས་བརྡ་སྙན་བརྒྱུད་ཀྱི་བོན་སྐོར་ཇི་སྙེད་ཅིག་མཆིས་པ་ལས། མན་ངག་བྱེ་བའི་ཉིང་བཅུད་དུ་གྱུར་བའི་བོན་སྤྱོད་ཕྱོགས་བསྒྲིགས་རིག་འཛིན་སེང་གེའི་འོ་མ་ཞེས་པ་འདི་ནི་མདོ་སྔགས་གཉིས་ཀྱི་བོན་སྒོ་མ་ལུས་འཐུས་ཚང་ཞིང་། ཁྱད་པར་དཔལ་གཤེན་བསྟན་སེ་བརྒྱ་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་གི་རྒྱུན་སྤྱོད་ཁོ་ན་རྨང་གཞིར་བཟུང་ནས་ཕྱོགས་བསྒྲིགས་བྱས་པ་ཡིན་ལ། རྗེ་འབྲུག་གི་ཞལ་ནས། བདེ་བར་གཤེགས་པའི་གསུང་རབ་ཀུན། །རང་རྒྱུད་འདུལ་བའི་དོན་དུ་གསུངས། །ཞེས་གསུངས་པ་ལྟར། རྣམ་དཀར་བོན་ལ་མོས་འདུན་དང་དད་གུས་ཆེ་བ་རྣམས་ཀྱིས་བཀླགས་ན་ཚེ་འདིར་བསམ་དོན་ཡིད་སྨོན་ལྟར་འགྲུབ་ཅིང་ཕྱི་མའི་དགེ་དོན་ལྷུན་གྲུབ་དུ་འབྱུང་བར་གདོན་མི་ཟའོ། །
ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ནས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།