གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས།

རྩོམ་པ་པོ། རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2017-12-07

ངོ་སྤྲོད་མདོར་བསྡུས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི༢༠༠༩ལོའི་སྤྱི་ཟླ༡༢པར་དངོས་སུ་བཙུགས་པ་དང་། དེ་ནི་སྤྱི་ལོ༢༠༠༠ཐམ་པའི་ལོ་ནས་བཟུང་སྟེ་བོད་གནའ་བོའི་རིག་གཞུང་ཉམས་ཞིབ་གནང་མཁན་གྱི་ཚོགས་པ་འདི་འདྲ་ཞིག་འཛུགས་རྒྱུར་ས་ཕྱོགས་གང་ས་ནས་ནུས་པ་འདོན་མཁན་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་སོང་བར་བརྟེན། དངོས་ཀྱི་གནས་ཚུལ་དེ་ལ་ཞབས་འདེགས་སུ་དགོངས་ནས་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ལྗོངས་དང་ཞིང་ཆེན་ལྔའི་ས་ཁུལ་ན་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སུམ་བརྒྱ་ལྷག་གིས་མཐུན་ལམ་མཛའ་བརྩེ་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་བཙུགས་པའི་བོན་པོ་སྤྱིའི་ཚོགས་པ་དེ་ཡིན།
དེ་འདྲའི་ཚོགས་པ་འདིའི་དམིགས་ཡུལ་ལམ་རྩ་དོན་ནི་ཞང་བོད་ཤེས་རིག་གི་བསམ་བློའི་དཔལ་ཡོན་རྒྱུན་འཛིན་དར་སྤེལ་བྱེད་པའི་བྱ་བཞག་དེ་ཉིད་གཙིགས་སུ་འཛིན་ཁར། རིས་སུ་མ་ཆད་པའི་ཆོས་ལུགས་སྤྱི་དང་ཡང་ཆེད་ནང་པའི་གྲུབ་མཐའ་ཕན་ཚུན་དབར་གྱི་མཛའ་བརྩེ་མཐུན་ལམ་གོང་དུ་སྤེལ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བྱེད་ཅིང་། དགོན་སྡེ་དང་དགོན་སྡེ་བར་གྱི་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་དགོན་སྡེ་སོ་སོའི་འདྲ་མཉམ་ཐོབ་ཐང་གི་ཁེ་དབང་ལ་བརྩི་འཇོག་བྱེད་པར་ཤུགས་སྣོན་པ་དང་། ལྷག་དོན་མི་རིགས་སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་དར་ཞིང་རྒྱས་པར་རོགས་འདེགས་མཐུན་འགྱུར་གང་ནུས་བྱེད་རྒྱུ་སོགས་ཡིན།
བྱ་བའི་ལག་ལེན་གྱི་ཆ་ནས་ལོ་ངོ་གསུམ་རེའི་ནང་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་རེ་དང་ལོ་རེ་བཞིན་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་རེ་བསྡུས་ཏེ་མ་འོངས་པའི་ལས་རིགས་ཁག་ལ་འཆར་གཞི་བཟོ་ཞིང་གྲོས་ཆོད་བྱེད་པར་མ་ཟད། བོན་བསྟན་སྤྱིའི་བྱ་བཞག་གི་གནས་བབ་ལ་གཟིགས་རྟོག་དང་ལོ་སྔ་མའི་ལས་འགན་གང་རིགས་དོན་འཁྱོལ་ལེགས་འགྲུབ་བྱུང་ཡོད་མེད་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུ་བཅས་དང་། དེ་ལ་དེང་དུས་ཀྱི་མང་གཙོའི་འགྲོ་ལུགས་ལྟར་དམུ་རིགས་གཤེན་གྱི་ཕོ་བྲང་གི་བདག་ཉིད་ཆེན་པོ༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཚན་འཛིན་ཚོགས་གཙོ་ཡིན་པའི་མདོ་དབུས་ཁམས་གསུམ་ནས་གནད་ཡོད་མི་སྣ་བརྒྱ་ལྷག་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དུ་བདམས་ཐོན་བྱུང་སྟེ་བསྐོ་བཞག་བྱས་ཡོད་ཅིང་། སྤྱིའི་ཆ་ནས་ཚོགས་མི་རྣམས་ཀྱི་འགན་ཡུན་ནི་ལོ་ངོ་དྲུག་གི་རིང་དུ་འཁུར་དགོས་པ་བཅས་ཡིན།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མངའ་ཁོངས་སུ་དེ་སྔོན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཁམས་ཡན་ལག་ཚོགས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོའི་འགན་འཛིན་ཚན་ཆུང་། གཡུང་དྲུང་བོན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཆུང་། བོན་གྱི་ཐ་སྙད་རྒྱ་ཡིག་ཕབ་བསྒྱུར་གཏན་འབེབས་ཚན་ཆུང་། གངས་ལྗོངས་བོན་དྲ་བ་གཙོ་སྒྲུབ་ཚན་ཆུང་། གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཆུང་སོགས་ཡོད་ཅིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་གཞུང་སྒྲུབ་ཁང་ནི་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་བ་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙུགས་ཡོད།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།