འགྲེལ་གྱི་དབུ་འཆད།-གཟེར་མིག་འཕྲུལ་དེབ།

རྩོམ་པ་པོ། དམྱལ་སྟོན་བཙུན་པ་གཞོན་ནུ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2017-05-02

ངོ་སྤྲོད་མདོར་བསྡུས། ཟབ་ཅིང་རྒྱ་ཆེན་གཞིར་དག་གསང་མཆོག་སྐུ། །གཞན་དབང་རྟོགས་མཆོག་ལམ་དག་ཉི་མའི་བོན། །དོན་དམ་མྱོང་རྟོགས་དངོས་དག་བརྒྱུད་པར་ལྡན། །རྫོགས་པའི་སངས་རྒྱས་རྣམ་དག་འབྲས་བུར་གྲོལ། །བོན་གྱི་ཉིང་ཁུ་ལུང་ལྔའི་ཡང་བཅུད་དུ། །ཐེག་པ་མཆོག་ལྔའི་རྒྱལ་པོ་མཐར་ཐུག་ལ། །དཀའ་བརྒྱད་དཀོན་བདུན་གཅེས་ལྔ་དམར་གསུམ་དང་། །ལུང་བཞིན་ལྡན་པའི་རྒྱལ་གཤེན་བསམ་ལེགས་ཀྱིས། །སྤྲོས་དགའ་རྒྱ་ཆེ་ཉི་མའི་འོད་ཟེར་བཤད། །ཉམས་ལེན་དམར་ཁྲིད་ཉི་མའི་དཀྱིལ་འཁོར་དང་། །དོན་འགྲེལ་ས་གཅོད་ཉི་མའི་སྙིང་པོར་བསྡུས། །མ་རྒྱུད་ཐུགས་རྗེའི་ཉི་མའི་འོད་ཟེར་གྱིས། །སྐལ་ལྡན་བློ་ཡི་པད་མོ་སྨིན་གྱུར་ཅིག །གསང་བ་གསང་ཆེན་གསང་མཆོག་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ་ཞེས་བྱ་བ་འདི། བསྒོམ་ཞིང་རྟོགས་མྱོང་གྲོལ་བར་འདོད་པའི་གང་ཟག་སྣོད་དང་ལྡན་པ་རྣམས་ལ། སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ། འཆད་སྤྲོས་སྙན་ངག་སྡེབ་སྦྱོར་མེད་པར་བྱས་ནས། གྲུབ་ཐོབ་ཉམས་དང་རྟོགས་པའི་རྒྱུད་དང་བསྒྲིག་པའི་འགྲེལ་བ། གསང་སྔགས་ཨ་དཀར་ཐེག་པའི་ཡང་རྩེ། མཁའ་འགྲོ་རྒྱ་མཚོ་མཐའ་ཡས་སྲོག་སྙིང་། ཚེ་གཅིག་ལུས་གཅིག་སངས་རྒྱས་ལག་འཆང་། བདེ་གཤེགས་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ། བཀའ་ལུང་རྒྱུད་སྡེ་ཀུན་གྱི་ཡང་ཞུན། རིག་འཛིན་གྲུབ་ཆེན་རྣམས་ཀྱི་ཉམས་མྱོང་། གསང་སྔགས་མ་རྒྱུད་ཐམས་ཅད་ཀྱི་རྩ་བ། བོན་སྐུ་ཀུན་ཏུ་བཟང་པོའི་ཐུགས་དགོངས་ཡང་དག་པའི་རྒྱུད་སྡེ་རིན་པོ་ཆེ་གསང་བ་དགུ་འཕར་འདི་འཆད་པ་ལ་གསུམ་སྟེ། དབུ་འཆད་སྦྱོར་བ་བཞིའི་དོན་དང་། ལུས་འཆད་ཕུན་ཚོགས་བཅུའི་དོན་དང་། རྒྱུད་འཆད་རྩ་བ་གསུམ་གྱི་དོན་ནོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།