ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བསྟན་འཛིན་གཡུང་དྲུང་།] [ཟླ་ཚེས། 11-01-18] [ཀློག་གྲངས། ]

༡༩༧༠ལོར་ཀན་སུའུ་བསང་ཆུ་རྫོང་རྒན་གྱ་ཤང་རྩེ་དབུས་ཞེས་པར། རྩེ་ཞིག་སྟོང་ཉིད་བྱ་འཕུར་བ་ཆེན་པོའི་ཁྱིམ་གཞིས་རྩེ་ཞིག་ཁྲི་བའི་བླ་བྲང་དུ་ལྟེ་ཁྲག་འཕོས།
༡༩༨༡ལོར་རྩེ་དབུས་སྡེ་དམངས་སློབ་ཆུང་ནས་མཐར་ཕྱིན།
༡༩༨༢ལོར་ཨ་ལགས་བསྟན་འཛིན་རིན་པོ་ཆེའི་བཀའ་ནན་ལྟར་རྩེ་ཞིག་དགོན་པར་སྒྲིག་ཞུགས་མཛད།
༡༩༨༧ལོར་རྩེ་ཞིག་ཆོས་རྗེ་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ཁྲི་སྟོན་མཛད་སྒོ་སྤེལ།
༡༩༩༣ལོར་སྣང་ཞིག་རྒྱ་འོབས་རིན་པོ་ཆེའི་མདུན་ནས་ལོ་གསུམ་སྒྲུབ་གྲྭ་མཐར་ཕྱིན།
༡༩༩༧ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ནས་རྩེ་ཞིག་ཚང་སྐུ་ཕྲེང་བཞི་བར་ཆོག་མཆན་བཀོད།
༡༩༩༩ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དུ་འདེམས་ཐོན་བྱུང་།
༢༠༠༡ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་བ་དང་པེ་ཅིན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་ལ་ཐོག་མར་དཔྱད་པ་ཅེས་པའི་རྩོམ་ཡིག་སྤེལ།
༢༠༠༤ལོར་ཞྰ་མན་མིན་ནན་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་བ་དང་ལྷ་སར་འཚོགས་པའི་བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཚོགས་ཆེན་སྟེང་བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ལས་འཛིན་གྱི་མཚན་ཐོབ་ཐོབ།
༢༠༠༥ལོར་པེ་ཅིན་དུ་ཐེངས་དང་པོའི་མཐོ་རིམ་དགེ་བཤེས་དམ་བཅའི་ཡོན་གནས་ཞུ་མཁན་རྣམས་ལ་དེ་འབྲེལ་གྱི་མཐོ་རམས་པའི་ཡོན་གནས་ཐོབ་ཐང་སྤྲོད་ཐབས་དཔྱད་ཞིབ་བཞུགས་མོལ་བགྲོ་གླེང་ཚོགས་འདུར་ཞུགས།
༢༠༠༦ལོར་པེ་ཅིན་སློབ་ཆེན་ཆོས་ལུགས་ཚན་ཁག་གི་ནང་བསྟན་ཟབ་སྦྱོང་འཛིན་གྲྭ་ནས་སློབ་ཐོན་བྱུང་རྗེས་འཇར་མན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་རྩེ་ཞིག་དགོན་པ་དང་མདོ་སྨད་བྱང་ཤར་བོན་དགོན་ཁག་གི་འབྲེལ་བ་ཅེས་པའི་དཔྱད་རྩོམ་སྒྲོག་སྦྱོང་ཞུས།
༢༠༠༧ལོར་གངས་རིན་པོ་ཆེ་དང་ཐེ་གོའི་རྒྱལ་ས་མན་ཀོའི།ཞང་ཀང་བཅས་སུ་བོན་དང་འབྲེལ་བའི་མཛད་སྒོ་ཅི་རིགས་སྤེལ།
༢༠༠༨ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བཀའ་མངགས་ལྟར་སི་ཁྲོན་སྣང་ཞིག་དགོན་པ་དང་རྟོགས་ལྡན་དགོན་པ། ཉག་རོང་ཡེ་ཤེས་དགོན་པ་སོགས་ལ་སོང་ནས་གཡུང་དྲུང་བོན་གྱི་མདོ་ཕྱོགས་གཞུང་ཁྲིད་བཀའ་པོད་རྣམ་དྲུག་གི་ཡིག་ཆ་གཙོ་གྲས་ཁག་དང་། དགེ་བཤེས་གཏོང་ལུགས་བཅས་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་ཆོད་སྡོམ་དུ། གཡུང་དྲུང་བོན་ལ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་དག་ལྟར་ཆོས་ལུགས་སྲིད་ཇུས་ཀྱི་ཁེ་དབང་ཐོབ་སྟངས་འདྲ་མཉམ་ཡོང་རྒྱུའི་སྐོར་གྱི་སྙན་ཞུ་ཞེས་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཡི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཐད་ཀར་ཞུ་འབུལ་བྱས།
༢༠༠༩ལོར་རྩེ་ཞིག་དགོན་དུ་གཡུང་དྲུང་བོན་༧གཡས་རུའི་བཤད་སྒྲུབ་སློབ་གླིང་ཅེས་པའི་འཆར་ཅན་ཟབ་སྦྱོང་འཆད་ཉན་གྱི་ཁོར་ཡུག་སྔར་ལས་ལེགས་པར་བསྐྲུན།
༢༠༡༠ལོར་བོད་ལྗོངས་ནང་བསྟན་མཐུན་ཚོགས་ལྟེ་གནས་དང་སི་ཁྲོན་དགའ་མལ་དགོན་ཆེན་དུ་བསྡུས་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བོན་གྱི་རབ་འབྱམས་སློབ་མའི་རྒྱུགས་ལེན་དཔྱད་ཞིབ་ལྟ་སྐུལ་འགན་འཛིན་ཁུར་དུ་བླངས་པ་དང་། ལོ་སྨད་ལ་ཏ་ཟིག་རྒྱལ་ཁབ་ཏེ་དབྱི་ལང་གི་ཤེས་རིག་ལོ་རྒྱུས་ལྡན་པའི་གནའ་ཤུལ་གྲགས་ཅན་པོ་ལིས་ཟི་(利斯遗迹)གཙོས་ཨ་རབ་ལུང་བ་འགའ་ལ་སོང་ནས་གནའ་བོའི་ཞང་ཞུང་ཕུགས་པའི་ས་སྐོར་ལ་རྒྱང་བལྟ་བྱས།
ད་ལྟ་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་སྒྲིག་གི་བྱ་བ་གཉེར་བཞིན་པའི་སྒང་ངོ་། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག