ཁ་བྱང་།སྣང་ཞིག་སྐྱབས་མགོན་མཆོག་ཁམས་ཕྱོགས་བོན་དགོན་མང་པོར་རྒྱུས་ལོན་ཆེད་ཕེབས་གནས་བསྡུས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། གཡུང་བསྟན་ནས ip:125.69.70.*
སྤེལ་དུས། 2014-09-10 23:06:07
སྣང་ཞིག་སྐྱབས་མགོན་ཚང་ལ་བཀའ་དྲིན་ཆེ་ཞུ།  
 
སྤེལ་མཁན། ཧྲེ་ཤེར་ནས ip:125.69.70.*
སྤེལ་དུས། 2014-09-09 22:14:02
སྐྱབས་རྗེ་སྨྲ་བའི་སེང་གེ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་མཛད་འཕྲིན་ལ་སྒོ་གསུམ་གུས་པའི་སྐྱབས་སུ་མཆིའོ།
 
སྤེལ་མཁན། བསྟན་འཛིན་ནོར་མིང་བས ip:116.255.247.*
སྤེལ་དུས། 2014-09-09 14:50:51
ཐེངས་འདིར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཁམས་ཕྱོགས་ཀྱི་བོན་དགོན་རྣམས་དང་། དད་ལྡན་མང་ཚོགས་ཁྲིད་དུ་དངོས་སུ་ཞུགས་ཏེ། བོན་གྱི་ལྟ་གྲུབ་དང་། རྒྱུ་འབྲས་སྤང་བླང་གི་རྣམ་བཞག་སོགས་བོན་གྱི་བསྟན་པའི་ངོ་བོ་ཡང་དག་པའི་སྒོ་ནས་སློབ་སྟོན་གནང་ཞིང་། ལྷག་ཏུ་དུས་ཐུང་ངུའི་རིང་དུ་བོན་གྱི་ཕྱོགས་ལ་རླབས་ཆེ་བྱ་བཞག་མངོན་དུ་བཏོད་པར་བཀའ་དྲིན་ཡང་ནས་ཡང་དུ་ཞུའོ།།
 
སྤེལ་མཁན། མིང་མེད། ip:202.166.205.*
སྤེལ་དུས། 2014-09-07 13:46:43
སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་ཁམས་ཕྱོགས་སུ་དངོས་སུ་ཕེབས་ཏེ། སྔོན་མེད་བོན་གྱི་ལོ་རྒྱུས་ཀྱི་རྡོར་རིང་ཞིག་གསར་དུ་བསྐྲུན་པར་སྙིང་དགའ་བསུ་ཞུ་བ་དང་། དམ་པ་ཁོང་གི་མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ་ཞུ། གུས་རྒྱང་མཐོང་ནས།
 
སྤེལ་མཁན། མིང་མེད། ip:202.79.34.*
སྤེལ་དུས། 2014-09-07 12:36:18
མཛད་འཕྲིན་རྒྱས་པར་སྨོན་
 
སྤེལ་མཁན། ཧོར་སྦྲ་ཆེན་བུ་ཆུང་ན ip:183.60.98.*
སྤེལ་དུས། 2014-09-07 10:25:20
ཨ་བོན་གྲོགས་ཚོ་ཅི་རེད་ཅི་རེད་འཇམ་ཅག་གེ་འདུག་ནོ་ཅི་རེད།  འདི་འདྲས་གཏམ་བཟང་ཞིག་ཡོད་ནོ་ང་ཚོའི་དོན་མི་ནམ།
 
སྤེལ་མཁན། ཅོག་གྲྭ་ཤེར་བཟོད ip:183.60.98.*
སྤེལ་དུས། 2014-09-07 10:22:21
གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་རབ་ཏུ་དཀར་བའི་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག   ལྷོ་བོད་ཆེན་པོ་ཁམས་ཕྱོགས་བོན་གཞིས་དགོན་ཡོངས་ལ་ལྟ་སྐོར་དང་གཟིགས་རྟོག་ལ་ཕེབས་བཀའ་དྲིན་ལན་བརྒྱ་ཞུ།   དུས་ཐོག་གཅིག་ལ་བསྟན་པའི་ས་བོན་གྲྭ་བཙུན་སུམ་བརྒྱ་ལྷག་བྱུང་བ་ནི་ཆེས་ངོ་མཚར་ཆེ་བའི་མཛད་པ་ཞིག་མིན་ནམ།  ཨེ་མ་ཧོ་ངོ་མཚར་ཆེ།     
 
སྤེལ་མཁན། སྟོང་བདུད་དམར་ནག་པས ip:50.138.177.*
སྤེལ་དུས། 2014-09-07 06:16:01
དགོན་སྡེ་ཡར་རྒྱས་གཏོང་བ་ལྷན་དུ་ཡུལ་སྡེའི་བདེ་སྐྱིད་ལ་ཐུགས་འཁུར་ཆེ་བཞེས་གནང་དགོས་པ་ནི་ཤིན་ཏུ་གལ་ཆེ་དུ་མཐོང་། ད་ལན་འདིར་ཞོར་འཕྲོས་ཀྱི་ཚུལ་དུ་ཞུ་དགོས་པ་ཞིག་ནི། སྣུམ་འཁོར་རྫིག་པོ་དེ་འདྲའི་ནང་དུ་བཞུགས་ནས་མི་དམངས་ལ་ཕྱག་དབང་གནང་བའི་ལམ་ལུགས་དེ་ཚོ་ཕྱི་ལོགས་ནས་བལྟས་ན་མཛེས་པོ་ཞིག་རྩ་བ་ནས་མི་འདུག བླ་མ་སྐུ་བགྲེས་པོ་ཡིན་ན་ནི་ཐུགས་ཁག་མེད། གཞན་བླ་སྤྲུལ་ཚོས་ཕྱི་ཚུལ་ལ་དགོངས་པ་གཟབ་བཞེས་གནང་དགོས་པ་འདུག བན་དེའི་བླ་སྤུལ་ཚོས་རྫིག་ཉམས་སྟོན་སྟངས་དེ་ཚོ་ང་ཚོས་སྟོན་དགོས་པ་ཅང་ཨ་ཡོད་ན། མི་དམངས་གི་མདུན་དུ་ཉམས་ཆུང་གི་ཆ་ལུགས་སུ་བཞུགས་ནས་ཕེབས་གནང་ན་རང་གཞན་ཀུན་གྱི་མིག་ལམ་དུ་འགྲོ་བར་སེམས་སོ། སྐད་ཆ་འདི་དམིགས་ཀྱིས་བཀར་ནས་སུ་ལའང་ཞུས་མེད། སྤྱི་འགྲོའི་ཚུལ་དུ་ཞུས་པ་ཡིན་ནོ། །
 
སྤེལ་མཁན། དྲུང་མུ་ཧ་ར་ནས ip:113.107.222.*
སྤེལ་དུས། 2014-09-06 20:59:55
ངོ་མཚར་ཆེ་བའི་མཛད་པ་ལ་བཀའ་དྲིན་ཆེ་ཞུ།
 
སྤེལ་མཁན། འགོ་བ་དགེ་བཤེས་བསྟན་ ip:117.136.158.*
སྤེལ་དུས། 2014-09-04 12:29:52
རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རིན་པོ་ཆེ་མཆོག་དང་དྲུང་ཆེ་རྣམ་གཉིས་སྔར་ལོའི་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར་ད་ལན་ཁམས་ཁུལ་རི་དགོན་སོ་གསུམ་ལྷག་ཙམ་ལ་གལ་ཆེའི་གནད་དམིགས་ལ་གཟིགས་ཏེ་ཚོགས་པའི་ངོས་ནས་གཅིག་ནི་ས་གནས་སོ་སོའིི་བོན་གྱི་རི་དགོན་སྡེ་གསུམ་ལ་འཚམས་འདྲི་དང། བལྟ་བསྐོར་རྒྱུས་ལོན་དང་། གཉིས་ནི་བོན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལེགས་སྤེལ་ཉེས་འགོག་གི་དགེ་སྡིག་སྤང་བླང་གི་སློབ་གསོ། གསུམ་ནི་དུས་ཡུན་ཐུང་ངུའི་ནང་གཤེན་གྱི་བསྟན་པའི་ལྗོན་རྩ་གྲྭ་བཙུན་སུམ་བརྒྱ་ཉེར་བཞི་ཙམ་གསར་དུ་བསྐྲུན་པའི་རླབས་ཆེན་གྱི་བྱ་བ་སོགས་དཀའ་ཁྲི་ཁྱད་བསད་ཀྱི་སྒོ་ནས་ཚོགས་གཙོ་དང་དྲུང་ཆེ་སྐུ་དངོས་སུ་ཕེབས་ནས་གསང་གསུམ་གྱི་མཛད་འཕྲིན་སྐྱོང་བ་དེ་ཕྱིན་པའི་ཞབས་རྗེས་དང་། བྲིས་པའི་ཕྱག་རྗེས། བཞག་པའི་བྱས་རྗེས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་པར་བསྔགས་འོས་ཀྱི་དཔལ་དུ་གྱུར།
 
སྤེལ་མཁན། སོག་སྡེ་པ་སངས་ནས། ip:123.71.198.*
སྤེལ་དུས། 2014-09-02 14:37:14
འདི་ལྟར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་བསྟན་འགྲོར་སྨན་པའི་ལས་དོན་གྱི་ཕྱོགས་ལ་མཛད་འཕྲིན་བསྐྱངས་བར་སྙིང་ནས་བཀའ་དྲིན་ཞུ།
 
སྤེལ་མཁན། བློ་གྲོས་གཙུག་འོད། ip:118.114.248.*
སྤེལ་དུས། 2014-09-01 23:54:30
དངོས་གནས་བརྗོད་རུང་བའི་བོན་གྱི་ལོ་རྒྱུས་ཐོག་ཏུ་ལོ་རྒྱུས་གསར་སྐྲུན་གནང་བར་སྙིང་ནས་བཀའ་དྲིན་ཆེ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།