ཁ་བྱང་།ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་སྐོར།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། ཕུར་ནག ip:113.62.56.*
སྤེལ་དུས། 2014-09-06 15:45:21
༄། ཞང་བོད་མཁས་པ་མི་བཞིའི་ནང་ཚན་སེ་བོན་ཤ་རི་དབུ་ཆེན་འཁྲུལ་ཡུལ་ངོས་བཟུང་འདི་ལྟར་བྱས་པ་སྟེ།  ཁྱུང་པོ་རྩེ་དྲུག་དགོན་པའི་ལོ་དེབ་ཞང་བོད་མེས་པོའི་འོད་ཟེར་འདོན་ཐེངས་དང་པོའི་ལྡེབ་མ་ངོས་ཉེར་དགུ་ལས་གསལ་བ་ལྟར་བཀོད་པ་ནི།  ལོ་པན་ཤ་རི་དབུ་ཆེན་ནི་རྒྱིག་སེ་རུས་ནང་ཟེར་དེར་སྐུ་འཁྲུངས་བར་བཤད།  ས་ཆ་དེ་ནི་ད་ལྟ་བོད་ལྗོངས་ཆབ་མདོ་རི་བོ་ཆེ་རྫོང་ལྕགས་ཟམ་ཤང་།   སེ་རུས་གྲོང་ཚོ་ཡིན།  དུད་ཚང་དེ་ལ་ད་ལྟ་བོན་དཀར་ཚང་ཟེར་གྱི་ཡོད།  སེ་ནི་ཁོང་གི་རུས་ཡིན།  དཔེ་ཆ་ནང་སེ་བོན་ཤ་རི་དབུ་ཆེན་ཞེས་གསུངས།  སེ་རུས་བོན་དཀར་ཟེར་བའི་
དུད་ཚང་དེ་ལ་ཐོག་མར་ཤ་རི་དབུ་ཆེན་འཁྲུངས་པ་ནས་བཟུང་ད་བར་བླ་མ་བར་མ་ཆད་པ་འཁྲུངས་ཀྱི་ཡོད་སྟབས། ཡུལ་དེར་བོན་དཀར་བླ་མའི་ཡབ་ཚང་
ཞེས་གྲགས་པ་མ་ཟད། བོན་དཀར་ཚང་ལ་བོན་པོའི་བླ་མ་རྩ་ཆེན་ཞིག་འཁྲུངས་ནས་བླ་མའི་རིགས་རྒྱུད་ཆགས་པ་ཡིན་ཞེས་བཤད།
དུས་རབས་བཅུ་བདུན་ཡན་མན་ཞིག་ནས་ཡུལ་དེར་བཀའ་རྒྱུད་དང་རྙིང་མས་དབང་སྒྲུར་བྱས་ཀྱང་བོན་དཀར་ཚང་ཡུན་རིང་བོན་པོ་བྱས་སྐད་འདུག   ཕྱིས་སུ་རྙིང་
མའི་མངའ་འབངས་སུ་གྱུར་ཏེ།  རི་བོ་ཆེ་རྫོང་ཁྲ་མོ་ཤང་། རྡོ་ཤུལ་འབྲོང་མོ་དགོན་པའི་དགོན་བདག་བོན་དཀར་བླ་བྲང་གིས་མཛད་ཀྱི་ཡོད།  འབྲོང་མོ་དགོན་དང་བོན་དཀར་ཡབ་ཚང་བར་སྤྱི་ལེ ༡༥ ཙམ་གྱི་བར་ཐག་ཡོད།  སེ་རུས་བོན་དཀར་ཡབ་ཚང་ནི་རི་བོ་ཆེ་རྫོང་གི་བྱང་ཤར་མཚོ་སྔོན་དང་སྡེ་འབྲེལ་ཡོད་ལ། རྡོ་ཤུལ་འབྲོང་མོ་དགོན་ནི་རི་བོ་ཆེའི་བྱང་ཕྱོགས་སྟེང་ཆེན་སྡེ་དང་འབྲེལ་ཡོད། ད་ལྟ་བོན་དཀར་བླ་མ་བསྟན་འཛིན་སྤྲུལ་སྐྲུལ་ནི་རྙིང་མའི་དགོན་པ་ཆེ་གྲས་རི་བོ་ཆེ་རྫོང་ཁོངས་ལྷ་ཁང་ཁྲ་འཇས་མའི་དགོན་བདག་བླ་མ་ཡིན། ད་ལྟ་ཡང་ཁོང་རྣམ་ཚང་བོན་པོའི་བླ་མའི་རྒྱུད་པ་འཛིན་ནས་བོན་པོ་ལ་དགའ་ཚོར་བྱེད་ཀྱི་ཡོད།  རྩེ་དྲུག་སློབ་དཔོན༧ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས་ཞིབ་འཇུག་པའི་དཔྱད་ཁག་ཅིག་བཀོད་པ་དགེ   །། ཅེས་བྲིས་འདུག་ལགས།  
 
སྤེལ་མཁན། ངག་གཞོན་ ip:42.104.35.*
སྤེལ་དུས། 2014-08-24 00:35:26
གཟི་གཡང་ལགས་ནས་དཔྱད་རྩོམ་སྤེལ་བར་ངོ་སོ་བསྟོད།    ཅེས་གདན་ས་སྨན་རིའི་སློབ་བུ་ཁྲི་ཀ་བ་ཞིག་གིས་་་་་

 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།