ཁ་བྱང་།ལུང་དཀར་དགོན་གྱི་གཤེན་གྱི་རྣལ་འབྱོར་པ་ཉེར་གསུམ་སྒྲུབ་ཐོན་པའི་མཛད་སྒོ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རྔུལ་རྫའི་སེང་ཕྲུག། ip:117.136.27.*
སྤེལ་དུས། 2014-03-09 18:25:58
སྐྱབས་བརྗེ་ཚུལ་ཁྲིམས་འབྱུང་གནས་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་པར་ཤོགས།
 
སྤེལ་མཁན། མིང་མེད། ip:117.136.27.*
སྤེལ་དུས། 2014-03-09 18:22:15
སྐྱབས་བརྗེ་ཚུལ་ཁྲིམ་འབྱུང་གནས་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་པར་ཤོགས།
 
སྤེལ་མཁན། ཚུལ་ཁྲིམས་རྡོ་རྗེ་ཡི ip:117.136.18.*
སྤེལ་དུས། 2014-01-20 15:20:03
ཆོས་ཀྱི་བསྟན་པ་ཡར་དར་ཡོང་བ་དངསྐྱེ་འགྲོ་ཀུན་བྱམས་སེམས་དང་ལྡན་པར་སྨོན།
 
སྤེལ་མཁན། ཁྲོམ་གནམ་ཐོག་གིས་ཕུལ ip:110.191.103.*
སྤེལ་དུས། 2013-10-23 21:32:00
ལུང་དཀར་དགོན་གྱི་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་མཛད་སྒོ་ཧ་ཅང་ཡག་པོ་སྤེལ་འདུག་ཐུགས་རྗེ་ཆེ། སྒྲུབ་ཐོན་པ་རྣམས་ཀྱི་མ་འོངས་བསྟན་པའི་མཛད་འཕྲིན་ཐམས་ཅད་ཡར་ངོའི་ཟླ་བཞིན་རྒྱས་པའི་སྨོན་འདུན་ལན་བརྒྱར་ཞུ་བ་ཡིན།།
 
སྤེལ་མཁན། དཔལ་གཤེན་བསྟན་རིན་ཆེ ip:109.252.26.*
སྤེལ་དུས། 2013-07-11 14:38:21
༧དཔལ་གཤེན་བསྟན་རིན་ཆེན་གླིང་གི་བླ་གྲྭ་ཡོངས་ལ་འཚམས་དྲི་དང་།   ༧གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་རྣམས་ཀྱི་སྒྲུ་གྲྭ་མཐར་ཕྱིན་པའི་དགྱེས་སྟོན་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།
 
སྤེལ་མཁན། མིང་མེད། ip:218.205.245.*
སྤེལ་དུས། 2013-06-12 23:54:37
࿑ལུང་དགོན་གྱི་བསྒྲུབས་གྲྭར་མཐར་སོང་གི་མཛད་སྒོ་དྲྭ་ལམ་དུ་སྤེལ་བར་དགའ་འོས་པའི་གནས་ཞིག་རེད་ཡིན་ན་ཡང་མང་ཚོགས་རྒྱུ་ནོར་མང་ཞིང་དག་པ་ཞིག་ཚིག་སྐམ་པོས་བརྟེན་བཞེངས་ཁྱད་དུ་བསྡུ་རུབ་གང་མང་མཛད་མཐར་གཉེན་ཉེ་བའི་དགོན་དཔོན་འགའ་རེས་ཐོག་བརྩིག་མཐོན་པོའི་མགྲོན་ཁང་རྒྱ་གྲོངས་དཀྱིལ་ཀྱི་མཛེས་མ་རང་དོན་བསྒྲུབ་པའི་མི་དཔོན་བདའ་རྒུ་ལྡན་པའི་ཞལ་ལག་མཆོད་པའི་ཁྱད་དུ་སོང་བར་གྲགས་པའི་གཏམ་ངན་སྣ་ཚོགས་ཀྱེ་མ་ཧུད།
 
སྤེལ་མཁན། ཁྱུངཿསྨོན་ལམ་པས་ཐག་ར ip:115.69.128.*
སྤེལ་དུས། 2013-06-08 09:52:49
ཤིན་ཏུ་ལེགས་སོ།། རབ་ཏུ་ལེགས་སོ།། སྐལ་པ་བཟང་། སྒྲུབ་ཐོན་པ་ཁྱེད་རྣམས་ཀྱིས་རྒྱལ་གཤེན་བསྟན་པའི་སྙིང་པོར་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་བཞེས་ཕྱིན་མཛད་པའི་རེ་སྨོན་ཞུ།
 
སྤེལ་མཁན། (སྦྲ)་ཤེས་མཐར་ནས། ip:221.176.65.*
སྤེལ་དུས། 2013-06-07 17:02:49
༈ ལུང་དཀར་དགོན་དུ་སྐྱབས་རྗེ་བླ་མ་རྣམ་གཉིས་དབུས་པའི་སེམས་དཔའ་འདུས་སྡེ་ཡོངས་ནས་ནུས་ཤུགས་གཅིག་སྒྲིལ་ཐོག་སྒྲུབ་གྲྭར་མཐར་ཕྱིན་སོང་བའི་སྐྱེས་མཆོག་དུ་མ་ཞིག་གསོ་སྐྱོང་གནང་བ་ཐུགས་རྗེ་ཆེ་ཞུ་བ་དང་མ་འོངས་པར་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རྒྱས་འཛུགས་གནང་རྒྱུའི་ལྟ་གོན་དྲ་ལམ་དུ་འབོད་སྐུལ་གནང་བ་ལ་དགའ་བའི་འཛུམ་གྱིས་བསུས་ནས་ཆབ་མདོ་རྒྱལ་སྤྱིའི་མགྲོན་ཁང་དུ་བྲིས།
 
སྤེལ་མཁན། ང་བདག་བཙན་པོ་ནས། ip:221.176.65.*
སྤེལ་དུས། 2013-06-07 16:40:26
࿑ལས་དབང་བཙན་པོ་དུས་ཀྱི་འཁོར་ཕྱོགས་ཞིག།    ཉིན་བྱེད་དབང་པོ་ནུབ་རིའི་འཕང་ནས་ཡིབ།    འཛིན་མའི་ཁྱོན་ན་མུན་པའི་སྣང་བས་ཁེངས།     མཐོན་པོའི་དཔོན་ལ་ལོག་པའི་བདུད་ཀྱིས་བསླུས།    འཐབ་འཁྲུག་རྩོད་པ་བགྲང་བྱ་མང་དུ་ཤོར།   བཤད་སྒྲུབ་བསྟན་པ་ཐིང་གཅིག་གཟིམ་དགོས་བྱུང་།   གྲུབ་རྩལ་ཐོག་མེད་དབུ་སྟོན་ཚུལ་འབྱུང་གིས།   གཤེན་བསྟན་ཉི་མ་མཁའ་དབྱིངས་དགུང་དུ་སྤར།   དགྱེས་ཞལ་འཛུམ་མདངས་སླར་ཡང་རྒྱས་མོད།   དགའ་སྤྲོའི་བསྟོད་ཚིག་སོ་དཀར་སྦུབ་ནས་ཐལ།
 
སྤེལ་མཁན། ཁྲ་སྐལ་བཟང་ནས།། ip:119.84.59.*
སྤེལ་དུས། 2013-06-05 14:34:10
ལུང་དཀར་དགོན་ནས་དེང་གི་སྐྱེས་ཆེན་དུ་མ་ཞིག་གསོ་སྐྱོང་བྱུང་ནས་ཕྱིན་ནང་སྟོད་སྨད་གང་སར་ཁྱབས་ཡོད་པ་ལ་ཡི་རང་ཞུ། རྯྗེས་སུ་མུ་མཐུད་གཡུང་དྲུང་བོནད་གྱི་བསྟན་དོན་གྱི་གསོས་སུ་སྨིན་པའི་རེ་བ་ཞུ།།
 
སྤེལ་མཁན། དགེ་མིང་པ་གཤེན་ཚེ་ཚང ip:80.134.104.*
སྤེལ་དུས། 2013-06-04 21:03:00
བསྟན་འཛིན་དཔོན་གསས་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། དད་ལྡན་མང་ཚོགས་རྣམས་ཀྱི་སྲིད་ཞུའི་མཐུས་རང་རེ་ཞྭ་དཀར་རིང་ལུགས་འཛིན་པའི་སྡེ་འདི་སྲིད་མཐའི་བར་དུ་བརྟན་རྒྱས་པའི་གསོལ་སྨོན་ཞུ། ཟུར་དུ་ཡུན་རིང་གི་བོན་གྲོགས་དགེ་བཤེས་སྦྱིན་པ་བསྟན་འཛིན་ལགས་སུ་བཀྲིས་བདེ་ལེགས་གྲངས་མེད་ཞུ།
 
སྤེལ་མཁན། དགེ་བཤེས་ཉི་མ་དོན་འག ip:117.96.163.*
སྤེལ་དུས། 2013-06-04 17:42:37
སེམས་པ་གཏིང་ནས་དགའ་ཞིང་སྤྲོ། ཁྱེད་ཅག་མཁན་སློབ་གཙོས་བླ་གྲྭ་རྣམས་སྐུ་ཚེ་ཞབས་པད་བརྟན། ཁྱེད་ཀྱི་མཆེད་གྲོགས་དགེ་བཤེས་ཉི་མིང་པས་འཕགས་ཡུལ་སྨན་གྱི་རི་བོ་ནས་སྤྲིང་།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།