ཆུ་མདོ་པདྨ་བཀྲ་ཤིས་ཀྱིས་བརྩམས་པའི《སྲིད་པའི་ཁྱུང་ཆེན་གླེང་བའི་གཏམ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2026-08-30 12:46:38][རྩོམ་པ་པོ། ཆུ་མདོ་པདྨ་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཆུ་མདོ་པདྨ་བཀྲ་ཤིས་ལགས་ཀྱིས་བརྩམས་པའི《སྲིད་པའི་ཁྱུང་ཆེན་གླེང་བའི་གཏམ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  《སྲིད་པའི་ཁྱུང་ཆེན་གླེང་བའི་གཏམ》ཞེས་པའི་དེབ་འདི་ནི་རྩོམ་པ་པོས་ཁྱུང་དང་ཁྱུང་གི་ཤེས་རིག་ལས་འཕྲོས་པའི་རྒྱལ་རོང་ས་ཁུལ་གྱི་རིག་གནས་སྐོར་དང་། ས་གནས་དེ་གའི་གཡུང་དྲུང་བོན་དང་འབྲེལ་བའི་རིག་གནས་སྐོར་སོགས་དཔྱད་རྩོམ་བཅུ་གྲངས་ལྷག་དང་། དེ་མིན་ཟུང་ཆུ་ས་ཁུལ་གྱི་བོད་པའི་ཚོ་བ་དང་དེའི་ཕྱོགས་ཀྱི་དགོན་པ་ཁག་ལ་ཕྱིན་པའི་ཡུལ་སྐོར་རེག་ཟིག་ཁག་བཅས་ཀྱིས་གྲུབ་པར་བྱས་ཡོད།

འགོ་བརྗོད།

  དུས་རབས་གསར་པའི་ཇུས་བཟང་མཁའ་དབྱིངས་ན། །ཞེན་གོག་གཏོར་བའི་དབྱར་སྐྱེས་རྔ་གསང་ལྡིར་དང་ལྷན། །གཟུ་རུ་གནས་པའི་ལེགས་རྩོམ་སྦྲང་ཆར་སིལ་མ་ཡིས། །བདེན་པ་མྱུ་གུའི་ཚང་ཚིང་རྒྱས་པའི་སྐལ་བཟང་སྟེར། །

  རྡོག་གཅིག་སེ་འབྲུ་དམར་པོ་བཏུམ་པའི་སྙིང་། །ཉག་གཅིག་མི་རིགས་འདུས་གྲུབ་ལེགས་ལམ་དུ། །མཐའ་གཅིག་ཕྱི་ལ་གཏུག་པའི་ངན་སྲོལ་དེ། །དུས་གཅིག་ཡོ་བསྲང་བྱེད་པ་གནད་དུ་ཆེ། །

  དེ་ཕྱིར་བསིལ་ལྗོངས་རིག་པའི་དུས་རབས་དེ། །སྲིད་འདིའི་ཞིང་ཁམས་གཞན་དང་ཁྱད་མེད་པར། །མེས་པོ་རང་གི་བློ་མཚོ་ལས་བྱུང་ཞེས། །བདེན་ཚིག་སྨྲས་ལ་ནོངས་པ་ཇི་ཞིག་ཡོད། །

  སྲིད་པའི་ཁྱུང་ཆེན་གླེང་བའི་གཏམ་འདི་ཡང་། །གླེང་སྟེགས་སྣ་མང་རིག་པའི་དོ་ར་ན། །དཔྱད་གསུམ་དག་པའི་རྒྱན་གྱིས་སྤྲས་ཡོད་གཤིས། །བདེན་པའི་བུ་ལ་བག་མར་འོས་ཞེས་བསྔགས། །

  ཆུ༷་བཞིའི་མགོ་ཁུངས་ལས་འོངས་ཤེས་རིག་རྒྱུན། །མདོ༷་དོན་དཔག་མེད་བཅུད་ཀྱིས་ལེགས་དྲངས་ནས། །པདྨ༷་ལྟར་གནས་གངས་ཅན་དཔལ་ཡོན་གྱི། །བཀྲ༷་ཤིས༷་གྲགས་སྙན་སྲི་ཞུར་བསྒྲུབས་འདི་རྨད། །

  ཅེས་སྲིད་པའི་ཁྱུང་ཆེན་གླེང་བའི་གཏམ་གྱི་མགོ་བརྗོད་དུ་གུས་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༢༦ལོའི་ཟླ་༥ཚེས་༡༦ཉིན་ཕུལ་བ་དགེའོ། །



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།