《མཆོད་རྫས་ངོས་འཛིན་ལག་དེབ་པར་རིས་གསལ་བའི་མིག་རྒྱན》ཞེས་པའི་འགྲེམ་སྤེལ་གྱི་གསལ་བརྡ།
[ཟླ་ཚེས། 2023-02-16 09:46:57][རྩོམ་པ་པོ། འགན་འཛིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《ཞྭ་དཀར་གཡུང་དྲུང་བོན་གྱི་མཆོད་རྫས་ངོས་འཛིན་ལག་དེབ་པར་རིས་གསལ་བའི་མིག་རྒྱན》ཞེས་པའི་འགྲེམ་སྤེལ་གྱི་གསལ་བརྡ།
༧ཞྭ་དཀར་གཡུང་དྲུང་བོན་གྱི་འདུ་ཚོགས་དགོན་སྡེ་ཁག་གཙོས་ལྷ་སྡེ་དད་འབངས་ཡོངས་ལ་སྙན་ཞུ། ཉེ་བའི་ལོ་འགའི་སྔོན་དུ་ཁྱུང་པོ་སྟེང་ཆེན་ཁུལ་འདིར་༼མཆོད་རྫས་གླེང་ར་༽ཞེས་པའི་ཚོགས་པ་གཅིག་བཙུགས་ནས་གཡུང་དྲུང་བོན་གྱི་མཆོད་རྫས་སྣ་མང་ཞིག་ལོ་ཤས་ནང་བསྡུས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ལ། ད་ལན་མཆོད་རྫས་བསྡུ་ཐབས་ཀྱི་ཚོན་ལྡན་དཔེ་དེབ། 《ཞྭ་དཀར་གཡུང་དྲུང་བོན་གྱི་མཆོད་རྫས་ངོས་འཛིན་ལག་དེབ་པར་རིས་གསལ་བའི་མིག་རྒྱན》ཞེས་པ་ཞིག་༧སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་རྩོམ་སྒྲིག་པ་རྣམ་པས་ཤེས་ཚོད་དང་བསྟུན་ཏེ་ཡུན་རིང་འབད་བརྩོན་ཞུས་པའི་དེབ་ཆུང་འདི་ཉིད་དཔར་དུ་བསྐྲུན་ནས་ཐོན་ལ་ཉེ་ཡོད་ཕྱིར། འདི་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ། སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ཐེངས་དང་པོའི་མཆོད་སྨན་ཕུལ་སའི་དགོན་སྡེ་ཁག་ལ་ལག་དེབ་རེ་དང་། དཔལ་འབྱོར་འགྲོ་གྲོན་གྱི་སྦྱིན་བདག་གཙོ་བོར་གྱུར་པ་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོ་དང་ཉེར་གཅིག་ལོ་གཉིས་ཀྱི་མཆོད་རྫས་གླེང་རའི་འཚོགས་མི་ཁོང་རྣམ་པར་དེབ་རེ་འབུལ་འཆར་བཅས་བྱས་ཡོད། དེའང་དགོན་པ་རེ་རེ་བཞིན་འདི་ནས་སྐུར་དགོས་ན་འབྲེལ་གནས་སོགས་རྙོག་འཛིང་ཆེ་བས། རྫོང་ཁག་གམ་ས་ཁུལ་རེའི་དམིགས་བསལ་མི་སྣ་འགའ་ལ་འབྲེལ་ཏེ་འཕྲོད་ཐབས་ཀྱི་འཆར་གཞི་བྱ་བཞིན་ཡོད། དགོན་པ་ནི་༢༠༡༩ལོར་མཆོད་སྨན་ཕུལ་སའི་དགོན་པ་རི་ཁྲོད་ཞང་བོད་གདན་རབས་ནང་གསལ་བ་དེ་ལ་གཞི་བཅོལ་རྒྱུ་ཡིན་པས་གཤམ་ལ་དགོན་མིང་སོགས་བཀོད་ཡོད། གོང་གསལ་ལོ་ངོ་གཉིས་ཆར་ཞུགས་ཡོད་པའི་འཚོགས་མི་ཞིག་ཡིན་ཀྱང་དཔེ་དེབ་གཅིག་ཕུལ་ན་ཆོག་རྒྱུ་བྱས་ཡོད། ད་ནི་དཔེ་དེབ་འདི་ཉིད་སྒོ་འབྱེད་འགྲེམས་སྤེལ་དང་མཆོད་སྨན་ལྷག་འཕྲོ་གཙང་མར་བགོས་ཟིན་ན་མཆོད་རྫས་གླེང་ར་འདི་ཉིད་རེ་ཞིག་མཚམས་འཇོག་བྱ་སར་ཐུག་ཡོད་ཕྱིར། དེབ་ཀྱི་ཁེ་སྤོགས་སོགས་ལ་རེ་ནས་དཔལ་འབྱོར་བསྡུ་བསག་བྱ་བའི་དགོས་པ་དང་དམིགས་ཡུལ་གང་ཡང་མེད་ཀྱང་། འདི་ནས་དཔེ་དེབ་འདིའི་རིན་ཐང་ལ་མ་ལྟོས་པར་ཟུར་ནས་དགོས་ཟེར་མཁན་མང་བས་ཚང་མ་ལ་འབུལ་དགོས་ན་འདང་བའི་ཚོད་གཅིག་མེད་ཕྱིར། བླུ་ཉོ་དགོས་མཁན་དག་ལ་ཆེད་དུ་བསམ་ནས་ཕྲན་ཙམ་ལྷན་དུ་པར་ཡོད་ལ། རིན་གོང་ཡང་པར་གླ་དང་འགྲོ་སོང་ཕྲན་ཙམ་བརྩིས་ནས་དེབ་རེར་སྒོར་མོ་(25)རེ་བྱེད་དེ་བོན་གྱི་ལྷ་སྡེ་གང་སར་སྟབས་བདེའི་འགྲེམས་སྤེལ་བྱ་འཆར་ཡོད་པས་ཚང་མས་དེ་ལུགས་ཐུགས་ལ་བཏགས་པར་འཚལ། དེའང་ང་ཚོས་དུས་ཚོད་མི་རིང་བར་མཇུག་བསྡོམ་དགོས་པས་དེབ་འབུལ་ཡུལ་གྱི་དགོན་སྡེ་རི་ཁྲོད་ཁག་དང་གཟིགས་དགོས་མཁན་དག་གིས་ས་གནས་སོ་སོའི་གཤམ་གྱི་མི་སྣ་དག་ལ་འབྲེལ་བ་གནང་རོགས། དམིགས་བསལ་གཤམ་གྱི་འབྲེལ་ཡུལ་རྣམ་པར་འབྲེལ་མ་ཐུབ་པ་དང་གསལ་བཤད་དགོས་རིགས་འགན་འཛིན་འདི་དག་ལ་ཐད་ཀར་འབྲེལ་བ་གནང་རོགས།
ཁྲི་གཙུག་རྒྱལ་པོ། 13518959077
ནམ་མཁའ་གཙུག་ཕུད། 17789059113
གངས་རིའི་དར་ཕྲུག 18076951033
བཀྲ་ཤིས་འབྲུག་གྲགས། 15208053338
ས་གནས་སོ་སོའི་འབྲེལ་གནས་དང་དགོན་རི་ཁྲོད།
བོད་ལྗོངས། ༡ མངའ་རིས་ས་ཁུལ་དུ་དགོན་རི་ཁྲོད་ལྔ། འབྲེལ་ཡུལ། དྲུང་མུ་ཡེ་སངས་ཚུལ་ཁྲིམས་བསྟན་པ། 181089738888
༢ གཞིས་རྩེ་ས་ཁུལ་དུ་དགོན་རི་ཁྲོད་དགུ། ལྷ་ས་སྟོད་ལུང་དུ་དགོན་རི་ཁྲོད་གསུམ། ནག་ཆུ་ས་ཁུལ་དུ་དགོན་རི་ཁྲོད་ཞེ་བརྒྱད། འབྲེལ་ཡུལ། གཡུང་དྲུང་གླིང་གི་མཁན་ཆེན། 18289006866 13549042333
༣ འཇོ་མདའ་རྫོང་ལ་དགོན་རི་ཁྲོད་བརྒྱད། མཁར་རོ་ཆུས་ལ་དགོན་གསུམ། འབྲེལ་ཡུལ། ལྷ་གདོང་བློ་གྲོས་ཚེ་འཕེལ། 13889054789
༤ མཛོ་སྒང་རྫོང་དགོན་རི་ཁྲོད་བཅུ་གསུམ་ལ། ཤུག་རྫོང་དགོན་པའི་བླ་མ་ཤེས་རབ་ཚུལ་ཁྲིམས། 13549059938
༥ སྟེང་ཆེན་རྫོང་དགོན་རི་ཁྲོད་དྲུག་ཅུ་རེ་གསུམ། ལྷོ་རོང་རྫོང་དགོན་རི་ཁྲོད་བཞི། དཔའ་ཤོད་རྫོང་དགོན་རི་ཁྲོད་དྲུག དཔལ་འབར་རྫོང་དགོན་པ་གཅིག རྫ་ཡུལ་རྫོང་དགོན་པ་གཉིས། འབྲེལ་ཡུལ། གངས་རིའི་དར་་ཕྲུག 18076951033 འགར་རུ་ཚུལ་ཁྲིམས་འགྱུར་མེད། 18798956558 ཇ་མ་སྨན་པ་གཡུང་དྲུང་ཚེ་དབང་། 18189095888 ཀོ་ལོ་སྨན་པ་མཆོག་གྲགས། 13638956722 དཔའ་ཟླ་ཨོ་རྒྱན་ཚེ་རྒྱལ། 13648956784
༦ ཉི་ཁྲི་ས་ཁུལ། དགོན་རི་ཁྲོད་བཅུ་དྲུག འབྲེལ་ཡུལ། བླ་མ་ཡེ་ཤེས་ཐབས་མཁས། 19908948337
མཚོ་སྔོན་ཞིང་ཆེན། ༧ རྨ་ལྷོ་ས་ཁུལ་སོགས་ལ་དགོན་རི་ཁྲོད་སོ་བཞི། འབྲེལ་ཡུལ། བོན་བརྒྱ་བསྟན་པའི་ཉི་མ། 13209735005
༨ མཚོ་སྔོན་ཆབ་ཆ་ས་ཁུལ་སོགས་ལ་དགོན་རི་ཁྲོད་བཅུ་གཅིགའབྲེལ་ཡུལ། མཁར་ནག་སྐལ་བཟང་རྒྱ་མཚོ། 13997442239
ཀན་སུའུ་ཞིང་ཆེན། ༩ བསང་ཆུ་རྫོང་ལ་དགོན་པ་གཅིག ཐེ་བོ་རྫོང་ལ་དགོན་པ་དྲུག ཅོ་ནེ་རྫོང་ལ་དགོན་པ་གཅིག འབྲེལ་ཡུལ། ཤེས་རབ་འོད་ཟེར། 13893996603
སི་ཁྲོན་ཞིང་ཆེན། ༡༠ རྔ་བ་རྫོང་ལ་དགོན་པ་དྲུག འབའ་ཁམས་རྫོང་ལ་བཅུ་གཅིག ཆུ་ཆེན་རྫོང་ལ་དགོན་རི་ཁྲོད་བཅུ་དྲུག ཤང་ཀང་ལ་དགོན་པ་གཅིགའབྲེལ་ཡུལ། དགེ་བཤེས་ཤེས་རབ་གྲགས་པ། 13909041222
༡༡ ཁྲོ་ཆུ་རྫོང་དགོན་པ་ལྔ། དམར་ཟང་རྫོང་དགོན་པ་གཉིས། འབྲེལ་ཡུལ། ཁྲོ་སྤྲུལ་འཕྲིན་ལས་འགྲོ་མགོན། 13551776554
༡༢ མཉམ་འབྲེལ་ལྷན་ཚོགས་གཅིག ཟིང་ཆུ་རྫོང་ལ་དགོན་བཅུ་དྲུག གཟི་ཚ་རྫོང་ལ་ལྔ། འབྲུག་ཆུ་རྫོང་ལ་གཅིག འབྲེལ་ཡུལ། རིན་སྤུངས་ཚུལ་བསྟན། 13990418773
༡༣ མཛོད་དགེ་རྫོང་ལ་དགོན་རི་ཁྲོད་བརྒྱད། འབྲེལ་ཡུལ། སྐྱང་སྲས་གཡུང་དྲུང་སྐལ་བཟང་། 13882492637
༡༤ དཀར་མཛེས་རྫོང་། སྡེ་དགེ་རྫོང་། བྲག་མགོ་རྫོང་སོགས་ལ་དགོན་རི་ཁྲོད་བཅུ་བཞི། འབྲེལ་ཡུལ། དགེ་བཤེས་ཤེས་རབ་སྦྱིན་པ། 18382167888
༡༥ ཉག་རོང་རྫོང་། ཉག་ཆུ་རྫོང་། ལི་ཐང་རྫོང་། རྟའུ་རྫོང་སོགས་ལ་དགོན་རི་ཁྲོད་བཅུ་བདུན། འབྲེལ་ཡུལ། སྒོ་པ་རྣམ་སྲས་དབང་འདུས། 18328413388
༡༦ བརྒྱད་ཟིལ་རྫོང་དགོན་པ་བཞི། འབྲེལ་ཡུལ། ཚེ་རིང་ཕུན་ཚོགས། 15884061494
༡༧ མེན་ནི་རྫོང་ལ་དགོན་པ་གཅིག ཡན་ཡོན་རྫོང་ལ་དགོན་པ་དྲུག འབྲེལ་ཡུལ། སྐལ་བཟང་ཚེ་རིང་། 13734999707
༡༨ རོང་བྲག་རྫོང་ལ་དགོན་པ་བཅུ་དགུ། འབྲེལ་ཡུལ། རོང་བྲག་འགྱུར་མེད་རྡོ་རྗེ། 13678366807
༡༩ དཔལ་ཡུལ་རྫོང་ལ་དགོན་རི་ཁྲོད་ལྔ། འབྲེལ་ཡུལ། སྤུལ་སྐུ་རིག་དགའ། 139905459188
༢༠ བཙན་ལྷ་རྫོང་ལ་དགོན་པ་གཉིས། ཝུན་ཁྲོན་རྫོང་ལ་དགོན་པ་བཞི། འབྲེལ་ཡུལ། ཝུན་ཁྲོན་བླ་མ་རྒྱ་ཀར། 15983705682
༢༡ དར་མདོ་རྫོང་ལ་དགོན་པ་བཞི། འབྲེལ་ཡུལ། ཚུལ་ཁྲིམས་རྣམ་དག 18064991700
༢༢ ཕྱི་ཕྱོགས་ལ་དགོན་རི་ཁྲོད་ང་བཞི་བཅས་འདུག
སྤྱི་ལོ་2019ལོར་མཆོད་རྫས་ཕུལ་སའི་དགོན་རི་ཁྲོད་ཞང་བོད་གདན་རབས་ནང་གསལ་བ་ལྟར་ཧི་བོན་དྲྭ་ཚིགས་ལས་དྲངས་པའི་དགོན་མིང་དང་གྲངས་ཀ་འདི་དག་ཡིན་པས་དེ་ལ་གཞི་བཟུང་ཡོད།
སྟོད་མངའ་རིས་ས་ཁུལ། གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག གུར་གྱམ་དགོན། ནོར་བུ་མཐོང་གྲོལ་གླིང་། ༼རྩ་མདའ་རྫོང་།༽ མངའ་རིས་སྨན་རྩིས་ཁང་། གངས་རིའི་དར་ཆེན་སྨན་རྩིས་ཁང་།
གཞིས་ཀ་རྩེ་ས་ཁུལ། ༼རྣམ་གླིང་རྫོང་།༽ བཀྲ་ཤིས་སྨན་རི་དགོན་། མཁར་སྣ་དགོན། རབ་ལེགས་གཡུང་དྲུང་གླིང་། ༼བཞད་མཐོང་སྨོན་རྫོང་།༽ གཤེན་ཚང་གསེར་སྒོ་ཁྲ་མོ། རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ། ༼རྒྱལ་རྩེ་རྫོང་།༽ ཞུ་རི་ཞིང་དགོན། ༼གྲོ་མོ་རྫོང་།༽ པད་མ་སྒང་གཡུང་དྲུང་ཐེག་ཆེན་གླིང་། ༼གཉའ་ནང་རྫོང༽ སྤ་ལ་ཕུག་བདེ་ཆེན་དགོན། ༼སྙེ་མོ་རྫོང་།༽ གདན་ས་ཆེན་མོ་དཔལ་ལྡན་ཟང་རི། ༼ལྷ་ས་སྟོད་ལུང་རྫོང་།༽ ཏིས་རེས་བོན་དགོན། བྲག་དཀར་རྩེ་རྫོང་ལྷ་ཁང་། སྟོད་ལུང་འབྲི་ལུང་དགོན།
ནག་ཆུ་ས་ཁུལ། ༼ནག་ཆུ་རྫོང་།༽ གྱེར་བསྟན་གླིང་། གཡུང་དྲུང་རྟག་བརྟན་གླིང་། ༼འབྲི་རུ་རྫོང་།༽ ཀླུ་མཁར་དགོན་། དངུལ་ཁོ་དགོན། གྱང་ར་གཡུང་དྲུང་བཀྲིས་རི་ཁྲོད། རྡོ་རྟིང་དགོན། སེན་ཚ་དགོན། སེན་ཚ་དགའ་རི་དགོན། གསས་མདའ་བོན་དགོན། གསས་མདའ་རི་ཁྲོད་། ༼གཉནརོང་རྫོང་།༽ ཆབ་མདོ་དགོན། ཨ་གྲགས་སྣང་གསལ་དགོན། གསང་མཆོག་བདེ་ཆེན་གླིང་། ཁྲོ་བོ་བྲག་དཀར་ལྷ་ལུང་རི་ཁྲོད། རྫ་དམར་ཤ་རི་དགོན། སོག་སྡེ་རྟིང་ངུ་བོན་དགོན། སྨན་རག་གཡུ་མཚོ་། ཤེལ་བྲག་དར་རྒྱས་གླིང་། ༼དཔལ་མགོན་རྫོང་།༽ ཕུག་པ་དགོན། ཤེལ་གྱི་བྲག་དཀར་རྩེ་རྫོང་། ༼སྦྲ་ཆེན་རྫོང་།༽ རྒོད་ལུང་རི་ཁྲོད་། དཔལ་ཁྲོམ་ཚང་དགོན། རྨ་རོང་གཡུང་དྲུང་ལྷ་བྲག་དགོན་། སྒང་རི་སྒྲ་རྒྱལ་དགོན་། ཕུར་ནག་དགོན། གནས་མཆོག་བྲག་དཀར་ལྷ་ལུང་། ཀླུ་ཕུག་དགོན། འབྲོང་ངུར་རི་ཁྲོད་། སྤ་ཚང་དགོན། ཨ་ཀྲོང་རི་ཁྲོད། མདའ་རྒྱང་རྩེ་རྫོང་རི་ཁྲོད། སྤུ་ལ་ཁྱུང་ནག་དགོན་། མེ་མོ་རི་ཁྲོད། རྫོང་དཀར་རི་ཁྲོད། བྲག་ལུང་རི་ཁྲོད། ཡེ་ཐ་ལུང་དཀར་དགོན། དགེ་ཆེན་རི་ཁྲོད། མཐོང་གྲོལ་རི་ཁྲོད་། ༼ལྷ་རི་རྫོང་།༽ བོན་ཉིད་འོད་གསལ་རི་ཁྲོད། ༼ཉི་མ་རྫོང་།༽ འོམ་བུ་དགོན་། ཕྱུག་སྟོད་བཀྲ་ཤིས་སྨན་རྒྱལ་གླིང་། ཕྱུག་དགོན་མཐའ་བརྟན་སྨིན་གྲོལ་གླིང་། དྭང་ར་གཡུ་བུན་དགོན། དྭང་ར་སེ་ཞིག་དགོན། སྐྱིད་གསུམ་བླ་བྲང་། དྭང་ར་གཡུང་དྲུང་ལྷ་རྩེ། དྭང་ར་ཁྱུང་རྫོང་། ༼ངམ་རིང་རྫོང་།༽ སྨིན་གྲོལ་དར་རྒྱས་གླིང་།
ཆབ་མདོ་གྲོང་ཁྱེར། ༼སྟེང་ཆེན་རྫོང་།༽ འབོ་ཐ་དར་སྡེབ་དགོན། རི་དམར་སྐལ་བཟང་གླིང་། རི་སྔོན་གཡུང་དྲུང་གླིང་། ཀ་ལེགས་གཡུང་དྲུང་གླིང་། བེ་སྒོ་དགོན། རང་ཁྱིམ་ཕུག་མོ་ཆེ། ཤ་འདྲ་རི་ཁྲོད། རྒྱ་སྒོ་དགོན། འབྲི་གནམ་སྟེང་དགོན། ཝ་དགེ་དགོན། བདལ་གཤིས་བོན་དགོན། སྦ་ཧོ་དགོན། གཡུ་ཁྲ་ལྷ་སྟེང་དགོན། གསེར་མདོའི་སྔོ་ཕུག་རི་ཁྲོད། གཡུང་དྲུང་ཀུན་འདུས་གླིང་། ཁྲི་རྡོ་གསེར་གཡུ་ཕུག་དམར་དགོན། གཡམ་བྱ་ཆེན་དགོན། མར་གདན་རི་ཁྲོད། བྷོ་ཇོ་བདེ་ཆེན་དབེན་ཁྲོད། ཞུ་ཚང་དགོན་སྨིན་གྲོལ་གླིང་། མར་རྫོང་དགོན། ཚ་ནེ་རི་ཁྲོད། གངས་རྒྱལ་རྟ་མགྲིན་བྲག་རྩ། གཡུང་དྲུང་དཔལ་རི་དགོན། སྒང་རི་དར་རྒྱས་དགོན། སྒར་ཁང་དགོན། ཕུག་ལེབ་རི་ཁྲོད། ཀུན་གྲགས་མཐོང་གྲོལ་རི་ཁྲོད། ལྡོང་རྫོང་རི་ཁྲོད། ངས་པ་མར་ཁུ་དགོན། མཁར་སྤུངས་དགོན། ཅོང་རི་དགོན། ཁྱུང་པོ་རི་བོ་རྩེ་དྲུག རི་ཐ་ངང་རྫོང་དགོན། སྟེང་ཆེན་དགོན། ལྗང་ཤོད་བོན་དགོན། ཀོ་རྒྱལ་དགོན། སྨོན་རྒྱལ་བླ་བྲང་། ལྷོ་དམུ་ཡད་དགོན། ནག་རུ་ཚེ་བུམ་རི་ཁྲོད། ནག་རུ་མཎྡལ་རི་ཁྲོད། ཟམ་ཞིག་རེ་ནེ་དགོན། གཡུ་ཕུག་རི་ཁྲོད། ཁྱུང་སེར་གདན་ས་བྱ་ཟེ་ཡང་རྫོང་དགོན། སྒ་རི་རི་ཁྲོད། རི་སྔོན་རི་ཁྲོད། བརྡ་ཕུའི་རི་ཁྲོད་འོག་མ། ཕུན་ཚོགས་དར་རྒྱས། དམུ་ལྷ་ལུང་དགོན། དཔལ་ལྡན་ག་ཤེལ་ཤ་འདྲ་དགོན། ཁྱུང་ནག་བསམ་གཏན་གླིང་། བདེ་ལྡན་སྒྱེའུ་ལུང་རི་ཁྲོད། སྤུ་ཡི་ཆུ་མགོ་ཁྲ་མོ་རི་ཁྲོད། སྔོ་ཡུ་རི་ཁྲོད། ལྷ་སྐུ་འགྲིག་རི་ཁྲོད། གཡུ་ལུང་མཐོང་གྲོལ་བདེ་ཆེན་རི་ཁྲོད། དཀྱིལ་དཀྲུང་རི་ཁྲོད། བྲག་རྩ་རི་ཁྲོད། བྲག་དཀར་རི་ཁྲོད། གསའ་ཡི་བྲག་ར་རི་ཁྲོད། གཟི་ཀིས་རི་ཁྲོད། སྐུ་འབུམ་ཉི་ཤར་དགོན་། གཡུ་མཚོ་དགོན་གཤེན་བསྟན་མཐའ་རྒྱས་གླིང་། ༼ལྷོ་རོང་རྫོང་།༽ ནར་དགོན། ཁྲ་དགོན་ཀུན་གྲགས་གླིང་། ཤོག་ལྔ་ལམ་ལྷ་དགོན། ཤིང་རོང་སྦས་ཐོ་དགོན། ༼དཔའ་ཤོད་རྫོང་།༽ བཀྲཤིས་སྟག་རྫོང་རི་ཁྲོད། ཝ་སྟོད་སེང་གེ་གཡུ་རྫོང་། དབེན་རྩེ་དགོན། ཝ་དག་བཀྲིས་རྩེ་དགོན། འབུམ་ལུང་དགོན། གཤེན་བསྟན་མི་འགྱུར་གླིང་ཅན། ༼མཛོ་སྒང་རྫོང་།༽ མདངས་ཆར་དགོན། གདུགས་དཀར་དགོན། དབྱིབས་པ་དགོན། ས་བླ་དགོན། གཤེན་ལྷ་དགོན། རབ་པ་བསམ་འགྲུབ། ཤུག་རྫོངདགོན། རྟ་འཚེར་དགོན། མ་ཐུམ་དགོན་། མདངས་དར་ཉི་གླིང་དགོན། ཚ་རོང་བདེ་ལྡན་བསམ་གཏན་གླིང་གུར་མདུན་དགོན། དཔལ་གཤེན་བསྟན་རི་སྣ་གཡུང་དྲུང་གླིང་། དཔལ་ལྡན་ལ་དངུལ་དགོན། ༼ཆབ་མདོ་རྫོང་།༽ མང་རི་དགོན། མང་རི་བཀྲ་ཤིས་མཐོང་གྲོལ་རི་ཁྲོད། སྐྱེ་རྒུའི་བོན་ཚོགས། ༼འཇོ་མདའ་རྫོང་།༽ དབྲ་དཀར་དཔོན་རྒན་དགོན། ཡེ་འདའི་སྟག་མོ་དགོན། གཡུ་རི་གཡུང་དྲུང་བོན་དགོན། སྐམ་ཞིག་དགོན། བླ་ཁྲི་དགོན། སེ་ཞིག་དགོན། ཞལ་བཞེས་དགོན། སྟག་ཞིག་དགོན། ༼དཔལ་འབར་རྫོང་།༽ བསྟན་རྒྱས་ལྷ་འགུལ་རི་ཁྲོད། ༼རྫ་ཡུལ་རྫོང་།༽ སྟག་ལྷ་དགོན། བཀྲ་ཡུལ་དགོན།
བརྒྱད་གཅིག་གྲོང་ཁྱེར། ༼ཉི་ཁྲི་རྫོང་།༽ སྟག་རྩེ་དགོན། བྱ་ཁྱུང་གདོང་རི་ཁྲོད། སྲིན་མོ་མཐའ་རྩའི་དགོན། ཀོང་ཡུལ་ཀླུ་ནང་། ལྷ་རི་གྱང་ཐོ་དགོན། སྟག་བྲོ་ས། རྫོང་ཁྱུང་སྟེང་དགོན། རྒྱལ་རི་དགོན། བོན་རི་སྐུ་ཤུག་དགོན། སྤུངས་རི་དགོན། བོན་རི་སྲིད་རྒྱལ་དགོན། བོན་རི་ཡོངས་དགོན་སྨིན་གྲོལ་གླིང་། དབུས་ཕུག་གསང་བ་ཡང་རྫོང་། གཏེར་ལུང་རི་ཁྲོད། བྱ་ཏི་སྒྲུབ་ཕུག ཉི་མ་སྒྲུབ་ཕུག
མཚོ་སྔོན་ཞིང་ཆེན། ༼རྩེ་ཁོག་རྫོང་།༽ སོ་ནག་དགོན། བོན་རྒྱ་ཆོས་ལུང་དགོན། ༼རེབ་གོང་ཐུན་རིན་རྫོང་།༽ བོན་རྒྱ་དགོན། རེབ་གོང་བོན་དགོན། ཨ་རྒ་རྟིང་ཐེག་ཆེན་བོན་དགོན། རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་། གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་། ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་། རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་། ཐེག་ཆེན་སྨིན་གྲོལ་གླིང་། གསང་སྔགས་རིག་འཛིན་དར་རྒྱས་གླིང་། རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་། གཡུང་དྲུང་དར་རྒྱས་གླིང་། བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་། མཁར་གོང་རབ་བསྟན་གླིང་། ནེའུ་རོང་གཡུང་དྲུང་གསང་སྔགས་གླིང་། ཚོར་འདུ་དཔག་བསམ་བཀྲ་ཤིས་གླིང་། དར་དྲུང་རྒྱལ་མཚན་མི་འགྱུར་གླིང་། གླིང་རྒྱ་མདོ་སྔགས་གླིང་། ཞོ་འོང་ཉིན་ཐ་ཀུན་འདུས་གླིང་། སྡོང་སྐམ་གསང་སྔགས་བདུད་འདུལ་གླིང་། ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་། བྱང་གི་གོང་མོ་གུར་ཁང་། གསང་སྔགས་རིག་འཛིན་དར་རྒྱས་གླིང་། ༼གཅན་ཚ་རྫོང་།༽ མི་འགྱུར་དབལ་མོ་གསང་ཆེན་གླིང་། ༼འབའ་རྫོང༽ མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་གླིང་། ༼ཁྲི་ལྷོ་རྫོང་།༽ བོན་རྒྱ་ཁྱུང་སྨན་དགོན། བོན་རྒྱའི་བོན་པོ་སྤྱི་བ། ༼བ་ཡན་རྫོང་།༽ ཨ་དཀར་མཚམས་ཁང་། སྟོང་ཁྱུང་དགོན། དོ་ཤར་ཤར་སྟེང་གི་སྔགས་དགོན། སྟོང་ཁྱུང་གསང་སྔགས་བདུད་འདུལ་གླིང་། གཟུངས་སྤྱོད་རྒྱན་སྔགས་པ། ༼ཡ་རྫི་རྫོང་།༽ མར་ནང་དབལ་ལུང་གསས་ཁང་། ༼ཆབ་ཆ་རྫོང་།༽ དུང་དཀར་གཤེན་བསྟན་གླིང་། རྐ་གསར་གསང་སྔགས་ཨ་དཀར་གླིང་། གསང་སྔགས་གཡུང་དྲུང་དར་རྒྱས་གླིང་། ༼ཁྲི་ཀ་རྫོང་།༽ ཁྱུང་མོ་དགོན། སྟོང་ཆེ་གཡུང་དྲུང་གསང་སྔགས་དར་རྒྱས་གླིང་། སེར་བརྒྱའི་བོན་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་། རྨེའུ་ཚང་གོང་མ་རིག་འཛིན་འགྲོ་འདུལ་གླིང་། རྨ་རི་དེའུ་གསུམ། བོན་པོ་གདོང་། ༼ཁྲི་ལྷོ་རྫོང༽ སྟོང་སྐོར་བདེ་བའི་གཡུང་དྲུང་གླིང་། བོན་སྐོར་མི་འགྱུར་གསེར་འོད་གླིང་། ༼ཐེ་བོ་རྫོང་།༽ རྩ་རིང་དགོན་གཡུང་དྲུང་དར་རྒྱས་གླིང་། བསམ་འགྲུབ་མི་འགྱུར་དགེ་ཕན་གླིང་། གཙོ་ཚང་གསང་སྔགས་སྨིན་གྲོལདར་རྒྱས་གླིང་། སྒམ་པོ་དགོན། ན་ཀོའི་གཡུང་དྲུང་བསམ་འགྲུབ་དགོན། ཆགས་རི་དགོན་དཔལ་ལྡན་གཡུང་དྲུང་གླིང་། ༼བསང་ཆུ་རྫོང་།༽ རྩེ་ཞིག་དགོན། ༼ཅོ་ནེ་རྫོང་།༽ རྟོགས་ལྡན་གཡུང་དྲུང་དར་རྒྱས་གླིང་། ༼འབྲུག་ཆུ་རྫོང་།༽ སྐྱང་འཕགས་ལྷ་ཁང་།
ཟི་ཁྲོན་ཞིང་ཆེན། ༼རྔ་བ་རྫོང་།༽ ཅོག་ལོ་རྣམ་རྒྱལ་བསམ་གཏན་གླིང་། ནེའུ་ཆུང་བསམ་ཏན་གླིང་། སྣང་ཞིག་དགོན་ཆེན། གདོང་ལི་དགོན། རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་ཁྱིལ་གླིང་། ཞང་ཞུང་རྫོགས་ཆེན་སློབ་གླིང་། ༼འབར་ཁམས་རྫོང་།༽ རྒྱལ་རོང་གཤེན་བསྟན་ངོ་མཚར་གླིང་། གདོང་བརྒྱད་ཚ་པ་དགོན། གདོང་བརྒྱད་དར་བབ་དགོན། གདོང་བརྒྱད་མིང་ངེས་དགོན། གདོང་བརྒྱད་རྒྱུང་དགོན། ཀུབ་རོ་གཡུང་དྲུང་དགོན། གདོང་རྒྱད་བཀའ་ཁྱབ་དགོན། མིར་ཞ་གཡུང་དྲུང་བསམ་གཏན་དགོན། ཚེ་དཔལ་དྲེའུ་དམར་དགོན། གདོང་བརྒྱད་འཇབ་དགོན་ཤུལ། འབོ་ལ་སྟོབས་ལྡན་གླང་ཆེན་དགོན། ཁྲིན་འདུ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས། ༼ཆུ་ཆེན་རྫོང་།༽ ལི་ཤུ་དུང་ཤུབ་རི་ཁྲོད། འབྲུག་བཀྲིས་ཁྱུང་དགོན། ནོར་བུ་ཁྱུང་རྩེ་དགོན། བླ་མེད་ཡིད་བཞིན་ནོར་བུ་གླིང་། པ་ལེ་བྲག་དབེན་རི་ཁྲོད། དགྲ་བླ་ཁྱུང་དགོན། མཚོ་སྟེང་ངོ་མཚར་ནོར་བུའི་གླིང་། གཡུང་དྲུང་ལྷ་སྟེང་དགོན། འཁྲུངས་གཞིས་གཡུང་དྲུང་ལྷ་རྩེ། བྲག་དབེན་སེང་གེ་རྫོང་དགོན། དྲུང་མུ་ཧ་རའི་སྒྲུབ་ཕུག དམུ་ཁྲི་བདེ་གསལ་རི་ཁྲོད། གཟིགས་གཡུང་དྲུང་དགོན། བཟོད་སྒོམ་བཀྲིས་རྣམ་རྒྱལ་གླིང་། རྒྱལ་རོང་བཤད་སྒྲུབ་སློབ་གླིང་། ཤེལ་དཀར་དར་ཀོ་གླིང་། ༼བཙན་ལྷ་རྫོང་།༽ ཚེ་ལུང་གཡུང་དྲུང་དགོན། བཙན་ལྷ་མེ་ཏོའུ་དགོན། ༼ཁྲོ་ཆུ་རྫོང་།༽ ཚེ་དགེ་སྟག་མགོ་དགོན། གཉན་གཙོ་དགོན། དབེན་རི་སྲིད་རྒྱལ་དགོན། བོན་སྟོན་དགོན། བོན་ཀ་དགོན། ༼ཟིང་ཆུ་རྫོང་།༽ ཤར་དུང་རི་མཁའ་སྐྱོང་དགོན། སྣང་ཞིག་ལྕགས་མདུད་བཀྲ་ཤིས་གཡུང་དྲུང་གླིང་། རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་། སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་། སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་། དམུ་དགེ་བླ་རི་གཡུང་དྲུང་གླིང་། སྐྱིད་འཛོམས་གཡུང་དྲུང་གླིང་། གཙོ་ཚང་དགོན་སྨིན་གྲོལ་བསྟན་རྒྱས་གླིང་། དགའ་མལ་གཡུང་དྲུང་དར་རྒྱས་གླིང་། བྱང་བྱ་དུར་དགའ་མལ་དགོན་ཆེན། མཚར་དགུ་དགོན་གཡུང་དྲུང་དར་རྒྱས་གླིང་། གཉན་ཡུལ་གཤེན་བསྟན་དར་རྒྱས་གླིང་། ས་འབྲུག་དགོན། ཞང་ངུ་གསས་གླིང་དགོན། བྲག་གཡུང་དྲུང་གསང་ཆེན་སྨིན་གྲོལ་གླིང་། མཁའ་འགྲོ་འུག་གདོང་། ༼གཟི་རྩ་སྡེ་དགུ་རྫོང་།༽ ས་ཡུལ་གསས་ཁང་དགོན། ལྡོང་སྤེལ་ཐང་ནག་དགོན། ཁོད་པོ་དར་རྒྱས་གླིང་། རྩུབ་མའི་སྟག་མཆོང་དགོན། རབ་དབེན་དགོན། ༼དམར་ཐང་རྫོང་།༽ མག་སར་ཁྱུང་པོ་གཡུང་དྲུང་གླིང་། སྟག་ལུང་རྣམ་རྒྱལ་གླིང་། ༼མཛོད་དགེ་རྫོང་།༽ སྒུར་བའི་སྐྱང་ཚང་དགོན། ཨ་སྐྱིད་སྐྱང་ཚང་དགོན། གཡུང་དྲུང་བསམ་འགྲུབ་གླིང་། སྤྲེ་ཚང་དགོན། བྲག་བྱ་རྒོད་དགོན། བབ་བཟོ་མདའ་ཆེན་དགོན། འདོད་དགུ་གཡུང་དྲུང་ཇོ་མོ་དགོན། སྤྱང་འཕགས་ཤེལ་ཕུག་བླ་བྲང་། དཔའ་ཡུལ་རྫོང་། ལྕང་ལུང་དགོན། གཙུག་འོད་དགོན། འཛིང་ཁ་རག་གསང་ཕུག་ལྷ་རྒྱལ། དཔལ་གཤེན་བསྟན་ཁ་རག་གླིང་། ཁམ་ཟླ་ཆུང་དགོན། ༼བྲག་མགོ་རྫོང་།༽ རྦ་མདའ་དགོན། ཧོར་ཡུལ་སྙི་ལུང་རིན་ཆེན་འབར་བའི་གནས། གཏོ་དགོན་གཡུང་དྲུང་གླིང་། གཡུ་དགོན་གཤེན་བསྟན་གླིང་། མཁའ་སྤྱོད་བདེ་ཆེན་གླིང་། རྒྱལ་རོང་ཆེས་མཐོའི་ལྔ་རིག་སློབ་གླིང་། ༼སྡེ་དགེ་རྫོང་།༽ བུ་འབོར་རི་ཁྲོད། ཁམས་རིན་སྤུངས་སྨིན་གྲོལ་གླིང་། ཟེར་འཕྲོ་དགོན། རྫ་ཁྲོམ་ཚང་དགོན་པ། ཕན་ཞོལ་བོན་གླིང་གཡུང་དྲུང་དགོན། ཤར་རྫའི་རི་ཁྲོད། རྫ་སྟེང་ཆེན་དགོན། རྫ་སྨོན་རྒྱལ་དགོན། འབུམ་སྨན་དགོན། ཐར་བདེ་མི་གཡོ་བསམ་གཏན་གླིང་། རབ་རྒྱལ་གླིང་། ༼དཀར་མཛེས་རྫོང་།༽ གོ་ལམ་གཡུང་དྲུང་དར་རྒྱས་དགོན། ཡོང་བཅུད་རི་ཁྲོད། ༼ཉག་རོང་རྫོང་།༽ བཤད་སྒྲུབ་མི་ནུབ་དར་རྒྱས་གླིང་། ཉག་རོང་ཡེ་ཤེས་དགོན། དབལ་ཁྱུང་མཐོང་སྨོན་གླིང་། བྲག་དབེན་དགོན། སུ་ལ་རི་ཁྲོད། ཀླུ་འབུམ་གཡུང་དྲུང་གླིང་། དཔལ་ལྡན་གོང་རྒྱལ་དགོན། བྱ་ཏང་རི་ཁྲོད། རྒྱ་ཞིག་འབྲུག་གྲགགས་དགོན། ༼ལི་ཐང་རྫོང་།༽ འགྲོ་མགོན་དགོན། ༼ཉག་ཆུ་རྫོང་།༽ དངུལ་རྫ་དགོན་གླིང་། དཔལ་ལྡན་འདུ་ར་དགོན། ནགས་ཚལ་གཡུང་དྲུང་གླིང་། ༼རྟའུ་རྫོང་།༽ གཡུང་དྲུང་བསམ་འགྲུབ་དགོན། འདྲ་ཆུ་མིག་དགོན། དགུ་རྫ་དགོན། སྟོན་པ་རང་འགྲུབ་དགོན། ༼བརྒྱད་ཟིལ་རྫོང་།༽ འབྲི་ལུང་དགོན། ཕྱིང་བ་སྟག་རྩེ་རི་ཁྲོད། གནས་ཆེན་རི་བོ་བྲག་དཀར་རི་ཁྲོད། གཡུང་དྲུང་བསྟན་རྒྱས་གླིང་། ༼མེན་ནི་རྫོང༽ གཡུང་དྲུང་བོན་བསྟན་གླིང་། ༼རོང་བྲག་རྫོང་།༽ བྲག་དཀར་གཡུང་དྲུང་རི་མོ། བྲག་སྟེང་དར་རྒྱས་གླིང་། རྫུ་རྫུ་གཡུང་དྲུང་གླིང་། ཁྱུང་ལུང་རྣམ་རྒྱལ་གླིང་། སོག་པོ་ཕྱེ་འབུར་ནོར་བུ་གླིང་། རྫུ་ཡུལ་ཆུ་འཁོར་གླིང་། སྟག་བཙན་བདེ་ལྡན་གླིང་། སྦལ་ལུང་བཤད་སྒྲུབ་གླིང་། སྒོ་གདོང་དགོན། མཁར་ལྕགས་དབལ་བོན་སྟག་ལྷ་དགོན། རྒྱལ་དྲང་རྣམ་རྒྱལ་བོན་དགོན། བོན་རྫུ་གཡུང་དྲུང་གླིང་། ཁྲོམ་ར་དགོན། སྦལ་ལུང་སེང་ཆེན་རི་ཁྲོད། དཔྱལ་ཡུལ་འདོད་དགུ་གླིང་། ཤེལ་ཁང་བཀྲ་ཤིས་གླིང་། གནས་མགོ་རྫོགས་ཆེན་གླིང་། ལྔ་སྟག་བདེ་ཆེན་གླིང་། ར་རྫི་མི་འགྱུར་གླིང་། ༼ཝུན་ཁྲོན་རྫོང་།༽ བླ་མ་དགོན། སྤོ་ཡན་དགོན། མཆོག་གསུམ་ལྷ་ཁང་དགོན། ཨ་ནེ་དགོན། ༼ཡན་ཡོན་རྫོང་།༽ བོན་འཛིན་གཡུང་དྲུང་དར་རྒྱས་གླིང་དགོན། ༼ཆེ་བ།༽ གཡུང་དྲུང་ཕུན་ཚོགས་གླིང་། གཡུང་དྲུང་བདེ་ཆེན་གླིང་དགོན། གཡུང་དྲུང་དར་རྒྱས་གླིང་། ཕུན་ཚོགས་བསྟན་རྒྱས་གླིང་། འཆི་མེད་དར་རྒྱས་གླིང་། ༼དར་མདོ་རྫོང་།༽ རྒྱང་མདའ་དགོན། འཕང་མདའ་བསམ་གཏན་གླིང་། ཁྲི་སྲོང་བསམ་གཏན་གླིང་། ཁང་ཡུལ་མཆོད་རྟེན་དགོན། ༼ཤང་གང་ཞིང་ཆེན།༽ རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་། ཕྱི་ཕྱོགས་རྒྱལ་ཁབ་ཀྱི་བོན་སྡེ། རྒྱ་གར་བལ་ཡུལ་སོགས་ཀྱི་བོན་དགོན། ༼ཡོ་རུབ་རྒྱལ་ཁབ་ལ།༽ ཧྥ་རན་སི། གཤེན་བསྟན་དར་རྒྱས་གླིང་། ཧྥ་རན་སི། རྟག་གཟིགས་བསམ་གཏན་གླིང་། ཧྥ་རན་སི། བོད་ཀྱི་ཤེས་རབ། ཨེ་སི་ཊྲོ་ལིས་ཡ། ཡེ་ཤེས་གསལ་གླིང་། འཇར་མི་ནའི། ཡེ་ཤེས་རབ་འཕེལ་རི་ཁྲོད། འཇར་མི་ནའི། ཀྱེ་མ་འོད་མཚོ་གླིང་། འཇར་མི་ནའི། གཡུང་དྲུང་བོན་ཚོགས། ཧེ་གྷ་རའི། གཡུང་དྲུང་བསྟན་རྒྱས་འདུས་སྡེ། ཧེ་ལེན་སྒྲི། བདེ་ཆེན་རི་ཁྲོད། ཕན་བདེ་འཕེལ་རྒྱས་འདུས་སྡེ། ཡོས་ཀེ སྐུ་གསུམ་ལྷུན་གྲུབ་གླིང་། པོ་ལན་ཏྲི། བྱམས་མ་་གླིང་། པོ་ལན་ཏྲི། ཤར་རྫ་གླིང་། ནེ་དྷར་ལན་ཏྲི། ཏ་པི་ཧྲི་ཙེའི་སྒོམ་སྡེ། ཨ་རིའི་རྒྱབ་ཁབ་ལ། ལིག་མིན་སྐྱ་རྒྱལ་སྤྱིའི་སློབ་གཉེར་ཁང་། འོལ་མོ་གླིང་། བོན་གཤེན་གླིང་། ལིག་མིན་རྐྱ་ཀྲེག་སེ་སི། བྱམས་མ་གླིང་གི་རི་སི་ཀྲོན། གཡས་རུ་བོན་གྱི་སྒྲུབ་སྡེ། ཧི་མ་ལ་ཡའི་བོན་ཚོགས། ཀུན་བཟང་སྒར། མིག་སི་ཀོ་རྒྱལ་ཁབ། ལིག་མིན་རྐྱ། མིག་སི་ཀོ་བྱམས་མ་གླིང་། ཨེ་ལྗའི་ཏྲི་ན། གཡུང་དྲུང་བོན་སློབ་གཉེར་ཁང་། ཁེ་ཎ་ཏྲ། ཤེས་རབ་བྱམས་མ་གླིང་། ༼ཨུ་རུ་སུའི་རྒྱལ་ཁབ།༽ རྫོགས་ཆེན་ཡང་རྩེ་གླིང་། གསང་སྔགས་བདུད་འདུལ་གླིང་། སོག་པོ་བོན་དགོན། ༼བལ་ཡུལ་རྒྱལ་ཁབ་ལ།༽ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ། ཚ་དགའ་ཡོང་དགོན། བསམ་གླིང་དགོན། སྲིབ་ཕྱོགས་དགོན། མཐའ་སྲུང་མཚོ་གླིང་དགོན། སྤུངས་མོ་དགོན། ཚེ་ལུང་སྲིད་རྒྱལ་དགོན། གཡུང་དྲུང་འགྲོ་འདུལ་གླིང་། ཁ་ལེགས་བོན་དགོན། བར་སླེ་དགོན། ཀླུ་བྲག་དགོན། རྫོང་སམ་གཡུང་དྲུང་དགོན། ཀླུ་བྲག་དགོན་ཕུག རྣར་རུ་རྫོང་དགོན་པ། ཏ་པི་ཧྲི་ཙའི་སློབ་གྲྭ། བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་། གསོ་རིག་འབུམ་བཞིའི་སློབ་གྲྭ། ༼རྒྱ་གར་རྒྱལ་ཁབ་ལ།༽ སྨན་རི་དགོན། བོན་གཞིས་བཙུན་དགོན། བོན་གཞིས་སྔགས་པ་དགོན་པ། རྫ་སྨོན་རྒྱལ་དགོན། འབྲས་ལྗོངས་གཡུང་དྲུང་ཀུན་གྲགས་གླིང་། སོག་གཡུང་དྲུང་གླིང་། ལ་དྭགས་བོན་དགོན། ཤེས་རིག་ཕུན་ཚོགས་གླིང་། བཅས་དགོན་རི་ཁྲོད ༼༤༤༥༽ ཡོད།
གཡུང་དྲུང་བོན་ཐོག་མའི་མཆོད་རྫས་གླེང་ར་ནས། སྤྱི་ལོ་2023ལོའི་ཟླ་བ་2པའི་ཚེས་14ཉིན་སྤེལ།