གཉན་རོང་ཆབ་མདོ་དགོན་གྱི་ལོ་ཐོ།

[ཟླ་ཚེས། 2023-02-09 21:19:44][རྩོམ་པ་པོ། སྐར་རྩིས་འཛིན་གྲྭ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མ་དག་འཁོར་བའི་སྡུག་བསྔལ་རང་གསལ་ཞི།  །
མ་སྒྲིབ་མངོན་སུམ་གསལ་བ་ཉི་ཟླའི་ཞིང་།  །
མ་གྱུར་མཐའ་ཡས་སེམས་ཅན་མུན་སྒྲིབ་སངས།  །
མ་འགག་བདེ་ཆེན་ཞིང་དུ་གནས་གྱུར་ཅིག །
མཇུག་བྱང་། 
   སྤྱིར་བསྐལ་སྲིད་དུས་འཁོར་བའི་ལུགས་ལ་སྐར་རྩིས་རིག་གཞུང་སྣ་ཚོགས་མཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་སྣ་མང་སྤུངས་པའི་མེ་ཏོག་བཞིན་རྒྱས་འབྲིང་བསྡུས་གསུམ་སོགས་མ་ངེས་པ་མང་དག་ཞིག་ཡོད་པ་ལས།  འདིར་ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྡོ་རྗེའི་རྩིས་གཞུང་དཔྱད་གསུམ་དག་རྩིས་ལྟར་ཉི་ཟླ་གཟའ་སྐར་དང་འབྱུང་བཞིའི་འགྱུར་ལྡོག   གོ་ལའི་འཁོར་བགྲོད་སོགས་དེང་རབས་ཚན་རིག་དང་མཐུན་པ་ཆེ་བའི་ཡང་གསང་ལུགས་གཞིར་བྱས་ཏེ་༢༠༢༣བོད་ཆུ་ཡོས་ལོའི་ལོ་ཐོ་རྒྱས་པ་འདི་ཡང་། གཉན་རོང་ཨ་གྲགས་ཆབ་མདོ་དགོན་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་གི་སྐར་རྩིས་འཛིན་གྲྭས་སློབ་སྦྱོང་གི་བར་གསེང་དུས་ཚོད་བསྟུན་ནས་ས་བཅད་མ་སྟོང་པ་ཙམ་ཞིག །འབྱུང་ལྡན་ཟླ་ཐིག་རྩེ་མོ་ཆུ་ཡོས་ལོའི་ལོ་ཐོ་ “ཆུ་གཏེར་རྒྱ་མཚོ”ཞེས་པ་འདི་ཕབ་པ་ལགས།  སྤྱིར་ལོ་ཐོའི་སྒྲིགས་སྟངས་བསྟན་རྩིས་དང་ལྔ་བསྡུས། གཟའ་ལྔ་གླང་རྩིས་སོགས་དཔྱད་གསུམ་ཡང་གསང་གཞིར་བཞག་ཐོག་དུས་གཟེར་སྐོརཞང་ཞུང་རྒན་པོའི་ངག་རྩིས་གཙོས་ཞང་བོད་མཐོ་སྒང་གི་གནམ་གཤིས་ས་བབ་དང་ཆེས་མཐུན་པའི་དཔྱད་གསུམ་དུས་གཟེར་རྣམས་ཟུར་རྒྱན་བྱས་ཡོད། བཀའ་དྲིན་མཚུངས་ཟླ་མེད་པའི་རྩ་བའི་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་མཆོག་དང་། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།  རྒན་བསོད་ནམས་རྒྱ་མཚོ་གཙོས་པའི་དགེ་རྒན་རྣམ་པས་ཐུགས་ཁུར་དང་བཀའ་དྲིན་བསྩལ་བའི་འོག   སྐར་རྩིས་རིག་པ་ལ་དུང་བ་ཟབ་པའི་རྒྱ་ཆེའི་སྤྱན་ལྡན་རྣམས་ལ་འབུལ་རྒྱུའི་སྐལ་བཟང་ཤར་སོང་།   དེ་བཞིན་བར་བཅུག་རི་མོ་བ་སྒ་ཚེ་རིང་བཀྲ་ཤིས་དང་། དཔེ་སྐྲུན་དངོས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་སྤྱི་ནས་བསྩལ་གནང་བྱུང་བ་བཅས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་།  ངེད་རྩོམ་སྒྲིག་གི་དུས་ཡུན་ཐུང་བ། དམིགས་གསལ་གྱི་དུས་ཚོད་དབེན་ཞིང་ཞོར་སྐྱོན་དང་ནོར་འཁྲུལ་མང་པོ་ཡོད་སྲིད་པས།    གཙུག་ལག་རིག་པའི་གཞུང་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་རྣམ་པས་ནོར་སྐྱོན་ཅི་མཆིས་དགོངས་ཁྲེལ་མེད་པར་རྒྱབ་སྐྱོར་ཡོད་པར་མཁྱེན།
གས་བཙུན་གཡུང་དྲུང་བསྟན་འཛིན་གྱིས་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་དུ་བྲིས་པའོ།།
༢༠༢༣ཟླ་༡ཚེས་༡ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།