༢༠༢༠ལོ་དང་༢༠༢༡ལོའི་ལོ་དེབ་ཁྱུང་ཆེན་རིག་པའི་གཤོག་རླབས།

[ཟླ་ཚེས། 2021-04-27 10:13:10][རྩོམ་པ་པོ། ཁྱུང་གཤོག་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་ཀོ་རྒྱལ་དགོན་གྱིས་གཙོ་གཉེར་རིག་གཞུང་ལོ་དེབ་ཁྱུང་ཆེན་རིག་པའི་གཤོག་རླབས་༢༠༢༠ལོ་དང་༢༠༢༡ལོའི་དེབ། སྤྱི་ཡི་འདོན་ཐེངས་བཅུ་གཉིས་པ་དང་བཅུ་གསུམ་པ་གཉིས་འགྲེམ་སྤེལ་གནང་བ།

༢༠༢༠ལོའི་རིག་གཞུང་ལོ་དེབ་ཀྱི་མདུན་ཤོག་དང་དཀར་ཆག་སོགས།

༢༠༢༡ལོའི་རིག་གཞུང་ལོ་དེབ་ཀྱི་མདུན་ཤོག་དང་དཀར་ཆག་སོགས།

གནའ་ནས་གནའ་ད་ནས་ད་བར་མདོ་དབུས་མཐོ་སྒང་ནས་འཚར་ལོངས་བྱུང་བའི་འགྲོ་བ་མི་ཡི་རིགས་ཡོད་དོ་ཅོག་དང་ལྷག་པར་དུ་བསིལ་མོ་ལྗོངས་གཙོས་རྒྱལ་ཕྱི་ནང་བོད་གཞིས་བྱེས་སོགས་ཤེས་ལྡན་གྱི་ཀློག་པ་པོ་ཡོངས་ལ་ཞུ་དོན་ད་ལན་དཔལ་གཤེན་བསྟན་ཀོ་རྒྱལ་དགོན་ནས་ངེད་ཁྱུང་གཤོག་རྩོམ་སྒྲིག་པས་གཙོ་གཉེར་གནང་བའི་ ༢༠༢༠ ལོའི་ལོ་དེབ་དང་༢༠༢༡ ལོའི་ལོ་དེབ་གཉིས་ལེགས་གྲུབ་བྱུང་ནས་རང་དགོན་དུ་འབྱོར་ཡོད། ཕྱོགས་སོ་སོར་བཞུགས་པའི་དྲྭ་གྲོགས་རྣམ་པ་སུས་བླུ་དགོས་ན་དེ་ལུགས་སུ་འདིའི་འཕྲིན་སྟེགས་ནང་གཤེར་རིས་དང་ཡང་ན་ལོ་དེབ་མཇུག་གི་ཁ་པར་ཨང་ཀི་གང་རུང་བརྒྱུད་ནས་འབྲེལ་གཏུག་གནོངས་རོགས་གྱིས།
ཟུར་དུ་གསལ་བཤད་མི་ཞུ་ཐབས་མེད་ཅིག་ལ་ཞིང་ཕེབས་༼དགེ་བའི་བཤེས་གཉེན་ཆེན་མོ་བློ་གྲོས་རབ་གསལ་༽མཆོག་གི་རྣམ་ཐར་མདོར་བསྡུས་ངོ་སྤྲོད་ཕུལ་བའི་ནང་ཁོང་གིས་མཐོང་གྲོལ་རི་ཁྲོད་དུ་མཚན་ཉིད་དབུ་ཚུགས་པའི་དུས་༢༠༡༨བྲིས་པ་དེ་༢༠༠༨ལོ་ཡིན་འདུག་ཀྱང་སྒྲིག་སྦྱོར་སྐབས་མནན་ནོར་ཤོར་འདུག་པས་དགོངས་དག་ཞུ། ངེད་ཚོས་ཞུ་ལུགས་ནོར་ཡང་ཁྱེད་རྣམ་པས་གསན་ལུགས་མི་ནོར་རོགས་མཁྱེན།
ཁྱུང་གཤོག་རྩོམ་སྒྲིག་པས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།