རྒྱལ་བ་གཡུང་དྲུང་བསྟན་འཛིན་གྱི་འཁྲུལ་རྣམ་འགྲེམ་སྤེལ། 

[ཟླ་ཚེས། 2021-03-06 21:55:52][རྩོམ་པ་པོ། ཁྲི་སྤྲུལ་དགེ་བཤེས་སྐལ་བཟང་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ང་རང་ཚོས་དཔེ་དེབ་ཅིག་ངེས་པར་དུ་བཀླགས་འོས་པ་ཡིན། དཔེ་དེབ་གང་ཞིག་བཀླགས་འོས་པ་ཡིན་ཟེར་ན། 《དབྲ་སྤྲང་ལྷོ་གླིང་སྨར་ཁམས་གླིང་གི་བླ་མཆོད་ཁྲི་ཆེན་༧རྒྱལ་བ་གཡུང་དྲུང་བསྟན་འཛིན་གྱི་འཁྲུལ་སྣང་བར་དོའི་རྣམ་ཐར་》ཞེས་པ་འདི་ག་རེད། དེ་ནི་བོན་གྱི་བླ་ཆེན་ཞིག་རང་གི་“མ་ཡུམ་ཚེ་ཡི་འཕེན་པ་རྫོགས་ནས་བྱ་བ་ཐབས་བྲལ་ཚེ། བར་དོ་དང་པོ་ལ་རིག་འཛིན་གྱི་སྤྲུལ་པ་བླ་མ་བློ་གྲོས་བསྟན་པའི་ཡང་སྲིད་ངེས་པར་རང་སེམས་དག་པའི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་བཞུགས་པ་དང་། དབང་ལྡན་ཞུ་ཡི་གདུང་རྒྱུད་འཁྲུལ་མེད། བླ་མ་འགྲོ་འདུལ་གཙོས་རྟོགས་ལྡན་ཡོངས་གྲགས་རྣམས་ཀྱིས་ཞེ་དགུ་བཅུ་བཟུང་ཞིང་། རྟ་དྲེའུ་དགུ་ཡི་འགོ་བྱས་ཟང་ཟིང་འབྱོར་བ་ཡོད་དོ་ཅོག་ཕངས་སེམས་མེད་པར། བླ་མ་བཞི་བཅུ་ཙམ་ལ་རབ་ཞི་ཁྲོ། འབྲིང་བྱང་བུ། ཐ་ནའང་བསྔོ་སྨོན་རྟེན་རང་སེམས་རྫོགས་པར་གྲུབ་ཀྱང་། མ་དེའི་བརྩེ་སེམས་ཆེ་དོན་སྡུག་བསྔལ་བརྗོད་མེད་ཉིན་མཚན་འཁོར་ཡུག་ཏུ་གནས་ཚེ། རིགས་དྲུག་རང་སྦྱོང་ཞེ་དགུར་བསྡད་པའི་”པའི་དམྱལ་ཁམས་སོགས་འགྲོ་དྲུག་སྣང་ཡུལ་དུ། སྐུ་ཡི་རྣམ་ཤེས་ནི་རླུང་ལྟར་དངོས་ཕེབས་མཛད་དེ། མ་ཡི་རྣམ་ཤེས་འཚོལ་བའི་ཞར་ནས། ལས་སྐལ་ལྡན་པའི་སེམས་ཅན་གྲངས་མེད་ཐར་པར་དྲངས་ཚུལ་གྱི་འཁྲུལ་ཞིག་ཁྱད་མཚར་བ་ཞིག་ཡིན།
   འུ་ཅག་བོད་མི་ས་ཡ་མང་པོར་མཚོན་ན། ཡ་ཆུང་ན་སེམས་དང་། སེམས་ན་དད་པ་ཡོད་མཁན་ཞིག་ཡིན་པ་བཤད་པའི་ཡུལ་ལས་འདས་ཙ། འདི་གའི་འཁྲུལ་སྣང་བར་དོའི་སྐོར་གྱི་རྣམ་ཐར་འདི་ཉིད་དད་པས་མཇལ་ཚེ། དེ་ནི་རྒྱལ་གཡུང་གང་གི་མ་བཅོས་སེམས་ཀྱི་ཞིང་ས་གཤིན་པོ་ལས་བྱུང་བ་ཡིན་པས། འུ་ཅག་འབངས་མི་བསོད་ནམས་ཅན་གྱིས་བཀླག་བྱའི་དཔེ་དེབ་ཁྱད་དུ་འཕགས་པ་ཞིག་ཡིན་འདུག་སྙམ། བཀླག་བྱའི་དཔེ་དེབ་འདི་ལ་བན་བོན་གྱི་ཕྱོགས་ལྷུང་བྲལ་ཞིང་། བླ་མ་དང་ཆོས་པ་ཞིག་གི་ཆེ་བ་ཤིན་ཏུ་མངའ་བའི་ངོ་མཚར་གྱི་ཡུལ་དུ་གྱུར་ཡོད་ཙ། གལ་ཏེ་དོན་དངོས་སུ་དཔེ་དེབ་འདི་བཀླགས་ན། བསམ་གཞིག་དང་དོགས་སློང་དཔྱད་རྩོམ་ནི་མཐའ་ཡས་པ་ཞིག་ཡོང་ཆོག་པའི་ཁྱད་འཕགས་ཀྱི་དགེ་དཔེ་ཞིག་རེད་དོ་ཞེས་བརྗོད་ཆོག་འདོད། 
   དེ་བས་ཁོང་གི་གསུང་རྣམ་ལས་ད་རེས་༼འཁྲུལ་རྣམ་༽འདི་ཁྱད་དུ་དེབ་གཟུགས་སུ་ཐོག་མར་དཔར་ཡོད་པ་ཡིན་ཙ། ཤེས་ལྡན་འབངས་མི་ཀུན་གྱི་སྤྱན་ལམ་དུ་ནོར་བུ་ཆེན་པོ་ཞིག་ཐག་ཉེར་གཏད་པ་བཞིན་དུ་གྱུར་ཡོད་པས། དེ་ལས་“ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་ཁུར་”ཏེ། ཆེས་བྲིན་ཞིང་ཀློག་ན་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བའི་རིགས་འདི་༼དཔེ་དེབ་འགྲེམ་སྤེལ་གྱི་སྐལ་བཟང་ཐོབ་པས་༽མངགས་བླུ་སོགས་དགོས་ཚེ་གཤམ་དུ་འབྲེལ་གཏུག་བྱས་ཆོག ། གཞན་ཡང་རང་གིས་འདིར་སྦྱར་ལས་སྦྱར་གྱི་སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ་རྣམས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་། དེ་དག་ཀྱང་སྐུ་གསུམ་སངས་རྒྱས་ཀྱི་ས་ལ་འཁོད་པའི་རྒྱུ་རུ་འགྲོ་བའི་སྨོན་ལམ་འདེབས་སོ།།
ཞེས་གཙོ་སྒྲིག་མཁན་ཁྲི་སྤྲུལ་དགེ་བཤེས་སྐལ་བཟང་སྨོན་ལམ་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།