2021ལོའི«འཕན་ཆུ་སྔོན་མོའི་རང་སྒྲ»ཞེས་པའི་ལོ་དེབ་པར་དུ་བསྐྲུན་པ།

[ཟླ་ཚེས། 2021-01-17 20:38:19][རྩོམ་པ་པོ། ཀ་འོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


2021ལོའི«འཕན་ཆུ་སྔོན་མོའི་རང་སྒྲ»ཞེས་པའི་ལོ་དེབ་པར་དུ་བསྐྲུན་པ།

  «འཕན་ཆུ་སྔོན་མོའི་རང་སྒྲ»ཞེས་པའི་དུས་དེབ་འདི་ཉིད་ད་ལན་ཆེད་དུ་མདོ་སྨད་སྐྱང་འཕགས་ཆེན་པོའི་ཡང་སྤྲུལ་དུ་བྱོན་པ་རྣལ་འབྱོར་བ་སྐྱང་སྤྲུལ་མུ་ལ་ཝེར་ཞིའམ་ནམ་མཁའ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པའི་སྐྱེས་མཆོག་དེ་ཉིད་སྐུ་འཁྲུངས་ནས་མི་ལོ་ཉིས་བརྒྱ་ལྔ་བཅུ་འཁོར་བའི་དུས་ཚིགས་ཁྱད་པར་བ་འདི་དང་འབྲེལ། དམ་པ་གང་ཉིད་ཀྱི་གསུང་རྩོམ་དང་ཐུན་མིན་གྱི་རིག་པའི་གཞུང་ལུགས་ཀུན་ལ་ཞིབ་མོར་དཔྱོད་པའི་ཤེས་ལྡན་པ་རེ་འགས་གནང་བའི་རྩོམ་ཡིག་དང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འབད་བཞིན་པའི་ཐོས་བསམ་པ་རེ་འགའི་རྗེས་དྲན་རྩོམ་ཡིག་འགའ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྨང་གཞིའི་ཐོག དཔྱོད་ལྡན་ཞིབ་འཇུག་པ་དག་གིས་གནང་བའི་རིན་བྲལ་གྱི་དཔྱད་རྩོམ་གསར་པ་གསར་རྐྱང་རེ་འགའ་ཕྱོགས་གཅིག་ཏུ་བསྡུས་ཡོད་པས། དེ་ལྟར་དཔྱོད་ལྡན་ཀློག་པ་པོ་དག་གི་འདྲེན་བྱེད་ཀྱི་དགའ་སྟོན་དུ་འབུལ་ཡོད་ཙང་། ཁྱེད་ཀློག་པ་པོ་རྣམ་པས་ཀྱང་སྐྱེས་ཆེན་ཞིག་གི་སྐུ་ཡོན་དང་རྣམ་པར་ཐར་པའི་མཛད་འཕྲིན་རྣམས་ལོངས་སུ་སྤྱད་དེ་རྗེས་དྲན་ཐེངས་གཅིག་བྱེད་ཐུབ་པར་སྨོན།




 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།