«ཤར་རྫའི་རང་རྣམ»པར་ཐེངས་གཉིས་པ་བོན་སྦྱིན་དུ་སྤེལ་བ།

[ཟླ་ཚེས། 2018-11-24 14:17:31][རྩོམ་པ་པོ། དབྲ་དཀར་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1111.jpg

སྔོན་གླེང་།

ཐམས་ཅད་མཁྱེན་པའི་བཀའ་མདོ་འདུས་པ་རིན་པོ་ཆེ་ལས། སྙིགས་མ་ལྔའི་སེམས་ཅན་གདུལ་དཀའ་ལོག་པ་མང་།  །བདུད་དང་བདུད་ལ་ཕྱོགས་ཤིང་ལམ་ལ་གོལ་བ་མང་།  །མཐའི་མུ་གེས་རྟག་ཆད་ཕྱལ་བ་གོལ།  །ནང་པ་སངས་རྒྱས་ལམ་ལ་གོལ་པ་མེད།  །ཅེས་གསུངས་པ་བཞིན་ནང་པ་གཤེན་རབ་པའམ་ནང་པ་སངས་རྒྱས་པའི་གཞུང་ལམ་ཡངས་མོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྲོལ་ཕྱེས་པའི་མདོ་ཕྱོགས་མཚན་ཉིད་སྡེ་ལྔ་དང་།  སྔགས་ཕྱོགས་གསང་ཆེན་རྒྱུད་སྡེ་བཞི།  རྫོགས་ཆེན་ལ་སྡེ་གསུམ་དང་གཞུང་ཆེན་བཞི་སོགས་བཞུགས་པ་དག   དང་ཐོག་བྱུང་བའི་འགོ་ཁུངས་གཙང་ཞིང་བར་དུ་བརྒྱུད་པའི་བྱིན་རླབས་བཟང་ལ།  ཐ་མ་སྤེལ་བའི་གདམས་དོན་ཐུབ་པའི་དམ་པ་དུ་མ་བྱོན་ཡོད་པ་ལས་སྙིགས་མའི་དུས་འདིར་དགོངས་རྟོགས་ཐམས་ཅད་ཀློང་དུ་བརྡོལ་ནས་རྒྱལ་བསྟན་རིན་པོ་ཆེའི་ཉིང་བཅུད་གསང་སེམས་བསྟན་པའི་གསལ་བྱེད་ཆེན་པོ་ཕྱི་ལྟར་དྲི་མེད་སྙིང་པོ།  ནང་ལྟར་འཇིགས་མེད་དབང་པོ།  གསང་བ་ལྟར་ན་རིག་པ་རང་ཤར།  མཚན་ཡོངས་སུ་གྲགས་པ་བཀྲ་ཤིས་རྒྱལ་མཚན་ཞེས་མཚན་སྙན་བརྟན་གཡོ་ཀུན་ཀྱི་ཕར་མཐར་བརྒལ་བའི་གསང་གསུམ་གྱི་རྣམ་ཐར་བརྗོད་ཀྱིས་མི་ལང་བ་ཞིག་བཞུགས་པ་ལས་དབྲ་སྟོན་པཎྚི་ཏས་བརྩམས་གནང་མཛད་པའི་རྣམ་ཐར་རྒྱས་བསྡུས་གཙོས་སྔ་ཕྱི་དུ་ཤོག་ལྷེ་གཅིག་གཉིས་ཡན་ཆད་མང་དུ་མཆིས་པ་ལས་ཁོང་གི་གསང་གསུམ་གྱི་མཛད་བཟང་མང་དག་མཇལ་ཐུབ་ནའང་ད་ལན་རྗེ་ཉིད་ཀྱིས་གསུང་པའི་རང་རྣམ་པུ་སྟི་ཞིག་བཞུགས་པ་དཔེ་དཀོན་དུ་སོང་བར་ཞིབ་འཇུག་པ་དང་།  དད་འདུན་པ།  ཉམ་ཚོད་ཅན་སོགས་གང་ལ་གང་དགོས་སུ་དམིགས་ཏེ་དབྲ་སྟོན་ཉེར་གཉིས་པའི་དབུ་ཁྲིད་འོག་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་སྔར་གྲུབ་མཐའི་ཕྱོགས་ཞེན་ཁྲོད་དུ་འཇིག་སོང་བའི་དགོན་གནས་གོང་མར་རྟེན་བརྟེན་བཅས་བཞེངས་བསྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་མཛད་སྒོའི་སྐྱེས་སུ་པར་དུ་བསྐྲུན་པ་ལགས་ན། 

 2222.jpg

སྤྱིར་དེང་སང་དེབ་གཟུགས་སུ་བསྐྲུན་པ་ལ་དཔེ་གཟིགས་བདེ་བ་སོགས་དགེ་མཚན་མང་དུ་མཆིས་ནའང་།  ཕྱོགས་གཞན་ཞིག་ནས་དཔེ་བཤུས་སྐབས་སུ་ཚིག་སྐྱོན་ལ་འབྲི་ནོར་དང་།  དོན་སྐྱོན་ལ་གོ་འཛོལ་སོགས་བསྟན་པ་ལ་ཞབས་འདེགས་ལས་ཞབས་འདྲེན་འགྲོ་བའང་མེད་ག་ལ་སྲིད།  དེས་ན་འདི་ནས་དེ་ལ་དོགས་ཏེ་མང་ཕྱོགས་མ་ཡིག་རང་སོར་བཞག་ཡོད་དཔེར་ན་དེང་སང་ཡེ་ཤེས་དགོན་ལ་(ཡང་ཕྱིན་དགོན)དང་(ཡོངས་ཕྱིན་དགོན)ཞེས་འབྲི་ཚུལ་གཉིས་བྱུང་བ་དང་།  དེ་བཞིན་དེང་སང་བཞག་གསལ་ལ(གཞབ་གསལ)དང་དབལ་ཁྱུང་ལ་(ཝ་ཆུ)་སོགས་རང་སོར་འཇོག་པ་ལས་བཟོ་བཅོས་གང་ཡང་བྱས་མེད།   ཡང་གཅིག་ཏུ་ནི་ངད་ཅག་ལ{ངེད་ཅག}ཅེས་འགྲེང་བུ་འདོགས་པ་བཅས་འགའ་རེ་བཅོས་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་དེ་ལུགས་དགོངས་འཇགས་ཡོད་པ་འཚལ་ཞེས་དབྲ་དཀར་ལྔ་རིག་དར་སྤེལ་གླིང་ནས།

 333.jpg

ད་ལན་དགོས་པ་ཆེར་གཟིགས་ཀྱིས་པར་ཐེངས་གཉིས་པར་བསྟན་འགྲོ་ལ་ཐུགས་ནན་ཚ་བའི་བླ་མ་གཡུང་དྲུང་ཡེ་ཤེས་མཆོག་ནས་དེབ་སྟོང་ཕྲག་གཅིག་གི་འགྲོ་གྲོན་ཡོངས་རྫོགས་གཏོང་སྟེ་བོན་སྦྱིན་དུ་སྤེལ།    དེ་བཞིན་ས་ཕྱོགས་གང་བཞུགས་ཀྱི་བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་།   ཉམ་ཐག་འགྲོ་བ་ཐམས་ཅད་དུཿཁའི་གནས་ངན་ལས་ཐར་ཏེ་ཐར་པ་དང་བདེ་བའི་སྐམ་སར་ཕྱིན་པའི་སྨོན་པ་དང་།   བླ་མ་ཁོང་གི་ཐུགས་བཞེད་མཐའ་དག་གེགས་མེད་ཡིད་བཞིན་ཏུ་འགྲུབ་པའི་སྨོན་འདུན་བཅས་གུས་པ་བདེ་ཆེན་སངས་རྒྱས་རྩལ་ལམ་དབྲ་དཀར་གཞན་ཕན་ཤེས་རབ་ཀྱིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།