༢༠༡༨ལོའི་ཁྱུང་ཆེན་རིག་པའི་གཤོག་རླབས།

[ཟླ་ཚེས། 2018-01-30 23:46:59][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་གཙོ་གཉེར་རིག་གཞུང་ལོ་དེབ་༢༠༡༨ལོའི་༼ཁྱུང་ཆེན་རིག་པའི་གཤོག་རླབས་༽འགྲེམ་སྤེལ་གནང་བ།
སྤྱིའི་འདོན་ཐེངས་བཅུ་པ།
1517327308102398.jpg
1517327308118126.jpg
མདུན་ཤོག་ནང་མ།

སྔོན་འགྲོ།

   ཡུལ་གངས་ཅན་པའི་རིག་གཞུང་འཕེལ་རྒྱས་དང་། མི་རིགས་རང་གི་ཕ་སྐད་མ་ཡིག་འདི་ཉིད་རང་གི་ཤ་རུས་ཁྲག་རྒྱུད་ཇི་སྲིད་བར་གནས་དགོས་ན། ཐབས་ལམ་ཉག་ཅིག་ཡོད་པ་ནི་རང་གི་སྐད་ཡིག་ལ་གཅེས་སྐྱོང་དང་སྣང་ཆེན་དགའ་ཞེན་བཅས་བྱས་ཏེ། རང་གི་སྐད་ཡིག་བོར་ན་རང་ཉིད་འབོར་གྱི་ཡོད་པ་ཤེས་ཚོར་དང་། སྐད་ཡིག་ནི་རང་གི་སྲོག་རྩ་རུ་འཛིན་པའི་གདོང་དམར་བོད་པ་ཚང་གི་མི་བུ་དག་མ་རྣམས་ཀྱིས་མི་རིགས་རང་གི་ས་ཁུལ་དུ་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དགོས་ཞེས་པའི་རང་རྒྱལ་གྱི་སྲིད་བཟང་འོག ཕྱོགས་སོ་སོ་ནས་རང་གི་རིག་གཞུང་ཕུན་སུམ་ཚོགས་པ་འདི་ཉིད་འཆད་ཉན་དང་དར་སྤེལ་མཛད་བཞིན་ཡོད་ལ། ངེད་ཀོ་རྒྱལ་དགོན་རྩོམ་སྒྲིག་ཁང་ནས་ཀྱང་ཁྱུང་ཆེན་རིག་པའི་གཤོག་རླབས་འདོན་ཐེང་བཅུ་པ་འདི་ཉིད་རང་གི་སྐད་ཡིག་ལ་སྲི་ཞུ་རུ་དམིགས་ཏེ། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་བཀའ་དྲིན་ལས། ལོ་རྒྱུས་གཏེར་ཆུའི་བཞུར་རྒྱུན། དཔྱད་གཏམ་རིག་པའི་གསང་ཚིག བསླབ་བྱ་འཚོ་བའི་ལམ་སྒྲོན། འདི་ལོའི་དམིགས་བསལ་ལེ་ཚན་རྗེས་དྲན་དད་པའི་རང་སྒྲ། གནས་ཚུལ་སྤུ་ཐོག་མཚོ་རླབས་བཅས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད། འོན་ཀྱང་འདིར་འཁོད་རྩོམ་ཡིག་རྣམས་ཀྱི་བརྗོད་དོན་ངེད་དགོན་གྱི་ལྟ་ཚུལ་ཡིན་པའི་ངེས་པ་མེད་པའང་མཁྱེན་དགོས། ལོ་དེབ་འདི་སྒྲིག་སྦྱོར་དང་ཞུས་དག་གི་ཐད་ནས་བརྙན་ཆས་ཀྱི་རྐྱེན་ནམ་རྩོམ་སྒྲིག་པ་དང་སྒྲིག་སྦྱོར་བའི་ཡོན་ཚན་གྱི་རྐྱེན་པས་མཆན་བུ་དག་རྩོམ་ཡིག་གི་རང་གནས་སུ་འཇོག་ཐུབ་མེད་པས་རྩོམ་པ་པོ་རྣམས་ལ་དགོང་དག་ཞུ་བ་དང་། གཞན་རྩོམ་སྒྲིག་ཚོགས་པའི་མིག་བར་ནས་ཤོར་ལྷག་བོར་གསུམ་སོགས་སྐྱོན་གྱི་ཆ་མཆིས་སོ་ཅོག་ཀློག་པ་པོ་དག་གིས་སྐྱོན་བརྗོད་དང་དགོང་འཆར་ལྷུག་སྩོལ་གནང་བའི་རེ་བ་བཅས། 

 

རྩོམ་སྒྲིག་པས་སྤོས་ལྡན་གྲོང་དུ་བྲིས།

1517327308128708.jpg
1517327308462591.jpg
1517327308139431.jpg
1517327308542458.jpg
1517327309230478.jpg
1517327309304837.jpg
དཀར་ཆག
1517327476172858.jpg
རྒྱབ་ཤོག་ནང་མ།
1517327308826210.jpg
རྒྱབ་ཤོག




 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།