༢༠༡༦ལོའི་དེབ་《གངས་ཏི་སེ་》གསར་དུ་ཐོན་པ།
[ཟླ་ཚེས། 2016-10-28 09:53:06][རྩོམ་པ་པོ། མགོན་སྨྱོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ལོ་རྒྱུས་དང་རྩོམ་རིག་ལ་མོས་པའི་ང་ཚོ་མདུན་ཕྱོགས་སུ་ཆས་ཤིང་རྒྱབ་ཕྱོགས་ནས་འཚོ། བདེན་མཐའ་ནས་སད་ཅིང་རྟོག་རྫུན་ལས་གྲོལ། དེ་བཞིན་མུན་པའི་སྟུག་དབྱིབས་དག་དཔྱད་པས་གཏོར་ཞིང་དཔྱད་པའི་རྣམ་དཔྱོད་དག་གནའ་རབས་ལས་སྒྲུག་ཞོར། གནའ་རབས་ནས་ད་བར་ཤེས་རིག་གི་འཇིག་རྟེན་ཞིག་ལ་རེ་སྙེད་བཅའ་བཞིན་ཡོང་བ་དང་ད་ལྟ་ཡང་རེ་སྙེད་ཀྱི་ངང་ནས་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོ་མ་འོངས་ཀྱང་ཤེས་རིག་དང་རྣམ་རིག་གི་ལམ་ནས་མྱི་བུ་ཚད་ལྡན་ཞིག་འགྱུར་བའི་འདུ་ཤེས་ཞིག་དམ་པོར་འཇུས་ཏེ་འོད་ཀྱི་ལམ་ཕྲན་ཞིག་ལག་པས་བསྙོར་ཕྱིར། ལོ་གཅིག་གཉིས་ཀྱི་ཡར་སྔོན་ནས《གངས་ཏི་སེའི་རིག་གནས་རྒྱུད་འཛིན་ཚོགས་པ་》ཟེར་བའི་ཚོགས་ཕྲན་ཞིག་ངང་གིས་གྲུབ་ནས་བཟུང་ད་རག་བར་དུ་ཚོགས་མི་ང་ཚོས་སློབ་གསེང་དང་ལས་གསེང་གི་དུས་ཚོད་ཅུང་ཙམ་ཁོམ་ལོང་ཡོད་པ་དག་བེད་སྤྱད་ནས་ལོ་རྒྱུས་དང་དཔྱད་རྩོམ་གླེང་བརྗོད་དང་སྙན་ངག་སོགས་ཀྱིས་གཙོ་བོ་གྲུབ་པའི་ལོ་དེབ་《གངས་ཏི་སེ་》ཞེས་པ་འདི་སྩོལ་སྒྲུབ་བྱས་པ་ཡིན། དེ་ནས་རིམ་བཞིན་དེ་སྔོན་འདོན་ཐེངས་གཉིས་གྲུབ་འབྲས་གང་མཚམས་རེ་དང་ལྷན་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཟིན་པ་དང་ད་ལོ་སྟེ་2016ལོ་ལ་ཡང་དེབ་གསར་《གངས་ཏི་སེ་》འདོན་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ་ལ་སྤྱན་ལྡན་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ཐུགས་རྗེ་མ་ཆུང་ཞུ་བ་དང་འཇུག་མཐར་བཀྲ་ཤིས་ཁ་དགེ་ཡང་ཡང་གྱེར་རོ།།
དཀར་ཆག
ཏི་སེའི་ཕ།
ཏུན་ཧོང་ཡིག་རྙིང་ནང་གི་སྟོན་པ་གཤེན་རབ་མྱི་བོའི་སྐོར་གྱི་ཉམས་ཞིབ།
ཀ་ཤུལ་བསོད་རིན།
འབྱུང་ལྔའི་ལས་དང་རྣམ་འགྱུར་མཚན་གྲངས་སོགས་ཀྱི་འཆད་ཚུལ།
རྒྱ་ཤོད• གཡུང་དྲུང་བཀྲ་ཤིས།
ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ།
ཁྲི• མཆོད་ཀོང་།
སྟོན་པ་གཤེན་མི་བོ་ཆེ་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་བའི་མི་སྣ་ཞིག་ཡིན་མིན་སྐོར་གྱི་བསྐྱར་ཞིབ།
ཤེས་རབ་གོ་ཆ།
ཏི་སེའི་མ།
གཡུ་ཐོག་རྙིང་མའི་སྐོར་གྱི་དྲིས་ལན་འཁྲུལ་འཇོམས་དགུ་སྦྱོར།
ཐུབ་བསྟན་ཕུན་ཚོགས།
མཚོ་སྔོན་པོའི་ཁོར་ཡུག་གི་ཟིན་བྲིས།
ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།
མདོ་གཟེར་མིག་ནི་འགྲོ་མགོན་བློ་གྲོས་ཀྱིས་ཁ་སྣོན་བྱས་ཡོད་མེད་སྐོར་གླེང་བ།
ཁྱུང་ཁྲི་ལྡེ།
སྐུ་ཚེ་ཡི་རང་ཚང་དང་སྡེ་དགེའི་ཆོས་རྒྱལ་བར་གྱི་ཆེས་ཐོག་མའི་བྱུང་བ་འགའ་ཞིག་བརྗོད་པ་གུར་གུམ་ཆུན་པོ་བྱ་བ་བཞུགས།
རབ་བརྟན་དགེ་ལེགས་ཕུན་ཚོགས།
ཏི་སེའི་བུ།
ང་། ཁ་རོག་གེརའཆི་མི་ཉན།
སྙུག་ཁྲག་འཇིབ།
དྲྭ་ལམ་དཔྱད་བརྗོད།
སེར་ཤུལ་རིན་དོན་འགྲུབ།
རྣམ་དཔྱོད་ཀྱི་ཕ་ལམ། ཁྱེད་ཀྱི་མཚན་བརྗོད་པ།
ཅི་ཡང་མེད།
གད་སྐྱའི་དྲན་པ།
ཟླ་བསོད་བློ།
འཁོར་ཡུག་དང་འབྲེལ་བའི་དུངས་ཞེན།
ཟླ་མེ་ལྕེ།