རྗེས་དྲན་དཀོན་བཞི་མཆོད་བསྟོད་པར་དུ་བསྐྲུན་པ།

[ཟླ་ཚེས། 2016-09-28 08:55:41][རྩོམ་པ་པོ། ཆུ་མཆིག་ཚེ་དབང་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 རྣམ་འདྲེན་དཔོན་གསས་བླ་མ་༧མཁའ་ཡགས་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེ་སྐུ་འཁྲུངས་ནས་བགྲང་བྱ་༼༡༦༥༽འཁོར་བའི་རྗེས་དྲན་མཛད་སྒོ་ལ་བཏེགས་པའི་ཤིས་ཚིག་ཕྱོགས་བསྒྲིགས་༼རྗེས་དྲན་དཀོན་བཞི་མཆོད་བསྟོད༽པར་བསྐྲུན་ལེགས་འགྲུབ་བྱུང་བ།
7DAD42F3A046CF8C9B356F651336EC13.jpg
147893E7FF078981B34235E2D6A1A57A.jpg
A8B0D9D1892803B47468FB59B5787EF5.jpg
1.jpg
2.jpg

   ཚེ་རབས་སྔ་ཕྱི་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་བཀའ་དྲིན་བླ་ལྷག་ཏུ་མ་མཆིས་པ་མེ་ཏོག་གང་ལ་བབ་པའི་ལྷ་སྐལ་འཛམ་གླིང་བོན་གྱི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་སྐྱེ་གོང་མ་༧མདོ་སྨད་ཀྱི་རྣམ་འདྲེན་ཆེན་མོ་མཁའ་ཡགས་མཁས་གྲུབ་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༼༡༨༥༡༽བོད་རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ལོར་གངས་ཅན་ཁ་བ་རི་བའི་མཛེས་ལྗོངས་ཆོལ་ཁ་གསུམ་གྱི་ནང་ཚན་མདོ་སྨད་རྟའི་ཆོལ་ཁར་གཏོགས་པ་ཤར་གྱི་དུང་རི་དཀར་པོའི་ཉེ་འགྲམ་བྱང་གི་ཕྱུག་མོ་གནས་ཆེན་མཁའ་འགྲོ་འུག་གདོང་མདུན་ཞོལ་དུ་རིགས་རུས་ཕུན་ཚོགས་ཧ་འཕེན་མཁའ་ཡགས་ཚང་གི་ཁྱིམ་གཞིས་སུ་མཛེས་སྐུ་མངོན་པར་བལྟམས་ནས་སྤྱི་ལོ་༼༢༠༡༦༽ལོའི་བར་བགྲང་བྱ་༼༡༦༥༽འཁོར་བ་རེད། དེ་ལྟར་དཔོན་གསས་བླ་མ་ཁོང་གིས་ཀྱང་སྐུ་ན་ཕྲ་བའི་དུས་ནས་སྲིད་པ་འཁོར་བའི་ལས་ལ་ངེས་འབྱུང་གཤའ་མ་བསྐྱེད་དེ་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་སྤྱོད་ནས་བཟུང་། བླ་མ་སྐྱེས་ཆེན་དམ་པ་མང་པོའི་ཞལ་སྔར་འགྲིམས་ནས་བོན་ཕྱི་ནང་གསང་གསུམ་ལ་གསན་གསོན་ཚུལ་བཞིན་དུ་གནང་སྟེ་རང་དོན་དུ་འཆད་རྩོད་རྩོམ་གསུམ་དང་། གཞན་དོན་དུ་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ ལེན་བསྐྱངས་ནས་སྐུ་ཚེ་ཧྲིལ་པོར་རླབས་ཆེན་གྱི་བསྟན་འགྲོ་ཁོ་ནར་མཛད་ཚུལ་སོགས་རྣམ་ཐར་ལས་གསལ། མདོ་ན་བླ་མ་འདི་བ་ཚང་གི་འགྲོ་དོན་གྱི་མཛད་པ་དེ་སྟོད་སྨད་བར་གསུམ་གང་ལ་ཤིན་ཏུ་རྒྱས་མཛད་ཀྱི་རྣམ་པར་དེ་སྣང་གསལ་ཉི་མའི་དཀྱིལ་འཁོར་དེས་ཀྱང་འགྲན་ཟླ་མ་འཆིས་པ་ལྟར་བུ་ནི་ཀུན་གྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་རེད། དེ་ནས་གདུལ་བྱ་རྣམས་ནས་རྟག་འཛིན་སེམས་དབྱུང་ཕྱིར་སྤྱི་ལོ་༼༡༩༢༨༽ལོར་སྐུ་ཡི་བཀོད་པ་རེ་ཞིག་དབྱིངས་སུ་བསྡུས་ཀྱང་། སླར་༼༡༩༢༩༽ལོར་སྐུ་སྐྱེ་ཕྱི་མའི་སྤྲུལ་བ་ཨ་མདོ་ལྗོངས་ལྡོང་གཡང་ཚང་གི་ཁྱིམ་རྒྱུད་ཕུན་ཚོགས་དེར་སྐུ་འཁྲུངས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དབུ་འཕང་དགུང་དུ་འདེགས་ཚུལ་སོགས་ཚང་མའི་མཁྱེན་གསལ་ལྟར།

3.jpg
4.jpg
5.jpg
6.jpg
7.jpg
8.jpg
96F787C787DB1D95DC3266C815387344.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།