ཤིས་བརྗོད་གཡུང་དྲུང་རྟག་བརྟན་པར་དུ་བསྐྲུན་པ།

[ཟླ་ཚེས། 2016-09-12 22:56:50][རྩོམ་པ་པོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་བཏེགས་པའི་ཆེད་དེབ་༼   ཤིས་བརྗོད་གཡུང་དྲུང་རྟག་བརྟན་ ༽ པར་དུ་བསྐྲུན་པ།
01.jpg
 བསྒྲིགས་རྗེས་ཀྱི་གཏམ།

   གངས་དཀར་ལྷུན་པོའི་མུ་འཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཁ་བ་གངས་རིའི་ལྗོངས་སུ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྣུམ་ཟད་ཀྱི་སྒྲོན་མེ་ལ་མར་བྲན་པ་ལྟར་སྲོག་ལའང་མ་འཛེམས་པར་བསྟན་པ་རིན་པོ་ཆེ་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་བཀའ་དྲིན་ཅན། རང་ཅག་རྣམས་ལ་བོན་གྱི་བགོ་སྐལ་ཕངས་མེད་དུ་སྩོལ་བའི་མགོན་མཆོག་གཅིག་པུ། སྐྱབས་རྗེ༧ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་སེམས་ཅན་གྱི་དོན་མཛད་ཕྱིར་མི་ཡུལ་དུ་ཕེབས་ཏེ་བགྲང་བྱ་བརྒྱད་ཅུ་ལོན་པའི་དགུང་སྟོན་རྟེན་འབྲེལ་གྱི་དུས་བཟང་ལ་༼ ཤིས་བརྗོད་གཡུང་དྲུང་རྟག་བརྟན། ༽ཞེས་པའི་ཆེད་དེབ།

02.jpg
03.jpg
04.jpg
རིན་པོ་ཆེའི་སྐུ་ཚེ་དང་འབྲེལ་བའི་སྐུ་པར་གལ་ཆེན་ཁག་གཅིག

བསྟན་དང་འགྲོ་ལ་བརྩེ་བ་ཟབ་པའི་བླ་སྤྲུལ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད་དང། གདམས་ངག་བདུད་རྩིས་ཐུགས་རྒྱུད་གཏམ་པའི་མཁན་སློབ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། གཞུང་ལུགས་རབ་འབྱམས་གཏེར་གྱི་མཛོད་འཛིན་དགེ་བཤེས་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། བརྩེ་བའི་ཐུགས་ཀྱིས་རྨོངས་བློ་སེལ་བའི་དགེ་རྒན་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། བསླབ་གསུམ་ནོར་བུའི་དོ་ཤལ་མཛེས་པའི་སྒྲུབ་ཐོན་པ་དང་མཐར་ཕྱིན་སློབ་མ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། ཐོས་བརྩོན་གཤོག་པ་མཁའ་རུ་སྐྱོང་བའི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། གསང་གསུམ་མཛོད་འཛིན་རིག་འཛིན་ལྕང་ལོ་ཅན་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད། མི་ཚེའི་མདུན་ལམ་དགེ་ལ་གཞོལ་བའི་བཙུན་མ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚོན་པའི་ལེ་ཚན་སྨོན་ཚིག་གང་མང་ཞིག་ཀློག་པ་རྣམས་ཀྱི་མཐོང་ལམ་དུ་བསྟར་བ་ལགས་ལ།

1.jpg
2.jpg
3.jpg
4.jpg
5.jpg
6.jpg
7.jpg
8.jpg
9.jpg
10.jpg
11.jpg
12.jpg
13.jpg
14.jpg
15.jpg
16.jpg
དཀར་ཆག

   དེ་ལ་འདིར་གསུང་རྩོམ་དག་དྲ་ཐོག་དང་ཡིག་ཟམ། སྐད་འཕྲིན། འཕྲིན་ཐུང་། གླེང་མོལ། ཡིག་ཐོག ཐད་ཀར་ངེད་རྩོམ་སྒྲིག་པ་དག་ལ་སྤྲད་པ་སོགས་ཐབས་ཤེས་ཅི་རིགས་ཀྱི་འབྱོར་ཟིན་པའི་ཤིས་བརྗོད་གྲངས་འབོར་མང་པོ་ཞིག་རྩོམ་ཡིག་སྤོས་ཀ་བཟང་མིན་ལ་མ་ལྟོས་པར་རང་སར་བཞག་ཡོད་ལ། དེ་མིན་འདི་ནས་དགོངས་དག་ཞུ་དགོས་པ་ཞིག་ལ་ངེད་རྩོམ་སྒྲིག་ཚན་ཆུང་ལ་ཉམས་མྱོང་ཞན་པ། དུས་ཚོད་ཀྱི་ཁོམ་ལོང་སོགས་ཀྱི་དབང་གིས་རྩོམ་གྱི་གོ་རིམ་སྒྲིག་སྟངས་ནོར་བ། བསྐུར་ཟིན་པའི་རྩོམ་ཡིག་ཁ་ཤས་(དཔེར་ན་བཞག་པ་རིན་པོ་ཆེའི་ཤིས་ཚིག་དང་སྤྲུལ་མངྒ་ལ་སོགས་)རྩོམ་སྒྲིག་པའི་ལག་ཏུ་འབྱོར་ནའང་ཁ་པར་དང་ཡིག་ཚགས་སོགས་ལས་བོར་སོང་བས་འགོད་མ་ཐུབས་པ་གང་མང་ཞིག་མཆིས་སྲིད་པས་རྩོམ་སྒྲིག་པ་རྣམས་ལ་ནོར་འཁྲུལ་དང་མ་འདང་སའི་ཆ་ཤིན་ཏུ་མང་བས་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པར་སྙིང་ཁུང་རུས་པའི་གཏིང་ནས་དགོངས་འགལ་མེད་པར་ཞུ་ཞེས་སོར་བཅུའི་ཐར་མོ་སྙིང་ཁར་སྦྱར་ཏེ་ཞུས་པ་ལགས། དེ་མིན་དེབ་འདིར་རྩོམ་ཡིག་ལྷག་སོང་བ་རྣམས་ངེད་རྩོམ་སྒྲིག་པ་ལ་ཐད་ཀར་ནས་དགོངས་ཁྲོལ་གནོངས་དང་མུ་མཐུད་དུ་གངས་རིའི་འོད་ཟེར་ལོ་དེབ་ཐོག་ཏུ་དམིགས་བསལ་གྱིས་འགོད་ངེས་ཡིན།

ཞེས་རིན་པོ་ཆེའི་སྐུའི་གྱ་སྟོན་སྐོར་གྱི་བྱ་བའི་བྲེལ་འཚུབ་ཀྱི་སྐབས་སུ་གང་གི་སྐྱབས་འོག་ནས་ནར་སོན་པའི་ཉག་སྤྲུལ་བསོད་ནམས་རྒྱ་མཚོའམ་རུས་མིང་ལ་འཇུ་ནམ་མཁའི་ནོར་བུས་ཟླ༩ཚེས༡ཉིན་གྱི་མཚན་མོར་བྲིས་པས་སྐྱབས་རྗེ་མཆོག་གི་སྐུ་ཚེ་རྟག་བརྟན་ཤོག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།