བརྟན་བཞུགས་བཀྲ་ཤིས་རྟགས་བརྒྱད་པར་དུ་བསྐྲུན་པ།

[ཟླ་ཚེས། 2016-06-30 18:45:32][རྩོམ་པ་པོ། དབྲ་དཀར་གཞན་ཕན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg
སྔོན་གླེང་།

   དེབ་ཅིག་གི་སྔོན་གླེང་ནི་དེབ་དེ་མ་ཀློག་པའི་སྔོན་དུ་ངེས་པར་དུ་ཀློག་དགོས་པ་ཡིན་ནའང་། འདི་སྤྱི་ཏང་གི་དེ་དང་མཚུངས་པའི་གོ་རིམ་ཅན་ཞིག་མིན་མོད་ལ། གསལ་བཤད་ཐུང་ངུ་ཞིག་སྔོན་གླེང་གི་འཐུས་སུ་འཇོག་པ་ཡིན་པས་དེ་ལུགས་ཀློག་པོ་དག་གིས་ཐུགས་གནད་འཛིན་དགོས། དེབ་འདི་ནི་ངེས་དོན་གྱི་སྐྱབས་རྗེ་མ་ཧཱ་པཎ་ཊི་ཏ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་ཉིད་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགྱེས་སྟོན་དུ་ཕུལ་བ་ཞིག་ཡིན་ལ། དེ་ལའང་རང་ཁར་ཧུར་གྱིས་གྲུབ་སོང་བ་ཞིག་མ་ཡིན་པ་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་གཟོད་གསོན་པོའི་རྣམ་ཤེས་ཅན་ཞིག་ཏུ་གྱུར་པ་ཡིན། གོང་ས་སྐྱབས་རྗེ༧དབྲ་སྤྲུལ་རིན་པོ་ཆེས་བཀའ་དགོངས་དང་ཐུགས་བཀོད་ཟབ་མོ་གནང་ཁར་རྫ་སྟེང་ཆེན་དགོན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གིས་བདག་རྐྱེན་ཚད་མེད་སྦྱར་ནས་སློབ་གཉེར་བའི་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཏེ་ལེགས་གྲུབ་བྱུང་སོང་། བླ་མའི་ཐུགས་བཟུང་བར་རབ་འབྲིང་ཐ་གསུམ་ལས་རབ་ཤེས་རབ་ཀྱི་ཐུགས་བཟུང་བའི་ཚུལ་བསྟུན་ནས་ཤེས་ལྡན་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རྩོམ་རིང་མ་ཐུང་གསུམ་དཔལ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བས་སྐྱབས་རྗེ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱ་འཚོ་ཞིང་ཞབས་ཟུང་གཡུང་དྲུང་གི་ཁྲིར་ཡུན་དུ་བཀོད་ཐུབ་པའི་རྒྱུར་སྨོན་པ་དང་བཅས་དབྲ་དཀར་ལྔ་རིག་དར་སྤེལ་གླིང་ནས།

 02.jpg03.jpg
04.jpg

   ད་ལོ་སྟེ་གཤེན་གྱི་འབྱུང་ལྡན ༣༠༡ མེ་ཕོ་སྤྲེལ་ལོ་སྤྱི་ལོ ༢༠༡༦ ལོར་བདག་ཅག་གི་འདྲེན་པ་ཆེན་པོ་གནས་ལྔ་རིག་པའི་པཎྜི་ཏ་ཚུལ་ཆེན་འཆི་མེད་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་ཉིད་དགུང་གྲངས་བརྒྱད་ཅུ་ལ་སླེབས་ཡོད་པས་བོན་འབངས་ཡོངས་ནས་དགའ་སྤྲོའི་འདུ་ཚོགས་ལིང་ལིང་བྱེད་བཞིན་པའི་སྐབས་སུ། ངེད་རྫ་སྟེང་ཆེན་དགོན་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་ངམ་མདོ་སྔགས་བསྟན་རྒྱས་གླིང་གི ༧ སྐྱབས་རྗེ་དབྲ་སྤྲུལ་རིན་པོ་ཆེའི་བཀའ་དགོངས་འོག་སྐུ་ཉིད་ཞབས་ཟུང་མི་འགྱུར་གཡུང་དྲུང་གི་ཁྲིར་བསྐལ་བརྒྱར་བཞུགས་པའི་ཆེད་དུ {བརྟན་བཞུགས་བཀྲ་ཤིས་རྟགས་བརྒྱད}ཅེས་པའི་ཤིས་ཚིག་དང་སྨོན་ཚིག་བཅས་ཕྱོགས་གཅིག་ཏུ་བསྡེབས་པའི་དེབ་ཤིག་ཤེས་ལྡན་ཚོས་རབ་ཤེས་རབ་ཀྱི་ཐུགས་བཟུང་ནས་དཔོན་གསས་བླ་མ་དགྱེས་པའི་མཆོད་སྤྲིན་དུ་བསྐྲུན་པ་ལེགས་གྲུབ་བྱུང་ཡོད་པས་མི་རིང་བར་ཕྱོགས་འདི་ལ་མོས་ལྡན་ཚོའི་ཕྱག་ཏུ་འབུལ་གྲབ་ཡོད་པ་བཅས་གནས་ཚུལ་བསྡུས་སོ།།

དབྲ་དཀར་ལྔ་རིག་དར་སྤེལ་གླིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།