བོན་འབྲེལ་རྒྱ་ཡིག་ལོ་དེབ་༼ བོན་གྱི་འབྱུང་ཁུངས་ ༽ཞེས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2015-05-05 20:20:56][རྩོམ་པ་པོ། རིན་སྤུངས་པས་བཏུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་དང་འབྲེལ་བའི་རྒྱ་ཡིག་གི་ལོ་དེབ་༼ བོན་གྱི་འབྱུང་ཁུངས་ ༽འགྲེམ་སྤེལ་གནང་འདུག

12w.jpg

   བྱུང་བ་ལོ་རྒྱུས་ཀྱི་ཕུགས་རིང་ཞིང་བརྗོད་བྱེད་རིག་གནས་ཀྱི་གཏིང་ཟབ་པའི་བོན་གྱི་རིག་གནས་ནི། འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་རུ་ངོམས་པའི་གངས་ཏེ་སེའི་འདབ་རོལ་དུ། སྲིད་པའི་མི་བོ་རྣམ་དཔྱོད་ཅན་དག་གིས་དཔྱད་རྟོག་གི་འོ་མ་དཀྲོགས་པས་ཡང་བཅུད་བརྡོལ་བའི་མར་ལོ་ཞིག་ཡིན་པས། བོད་ཁམས་སུ་བོན་གྱི་སྲིད་འབྱོར་རིག་གསུམ་ལ་ཞིབ་འཇུག་བྱེད་པའི་མཁས་དབང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་དེ་དང་བསྟུན་ནས་ཞིབ་འཇུག་གི་ལོ་དེབ་དང་ངོ་སྤྲོད་ཀྱི་བརྩམས་གཞུང་ཡང་གང་མང་འདུག. ཡིན་ནའང་། བོན་གྱི་རིག་གནས་འདི་རི་བོ་ཧི་མ་ལ་ཡའི་རིག་གནས་ཙམ་མིན་པར། འཛམ་གླིང་ཤར་ནུབ་ཡོངས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་གྲུབ་ཆའི་མ་ལག་ལྟ་བུ་ཞིག་ཆགས་ཡོད་པརེད། དེ་བས་ལོ་དེབ་འདིའི་བརྗོད་བྱ་བོན་ཞེས་པའི་འཇུག་ཡུལ་ཅུང་ཟད་སྤྲོས་པ་ལ། སྤྱིར་ཐ་སྙད་འདི་བསམ་བློས་ཤེས་རྒྱུ་ཡོད་པའི་ཤེས་བྱ་དང་གནད་དོན་གང་ཞིག་བསྟན་པའི་དོན་དང་གནས་ལུགས་བོན་ཉིད་ཀྱི་དོན་དང་སེམས་ཅན་སྡུག་བསྔལ་ལས་སྐྱོབས་པའི་དོན་དང་ངག་གི་གྱེར་དབྱངས་དང་འདོན་པ་དང་འབོད་པ་སོགས་ལ་འཇུག་ལ། ཞིབ་ཏུ་སྡེ་ཚན་ཆེན་པོ་བརྒྱད་ལ་འཇུག་སྟེ། ཤེས་བྱ་དང་ལམ་དང་འཁོར་བ་དང་མྱང་འདས་དང་ཡིད་ཡུལ་དང་དོན་དང་གནས་ལུགས་ཀྱི་དོན་དང་བརྗོད་བྱེད་བཅས་ཡིན་ དེ་ཡང་བསྡུས་ན་བོན་དང་གཡུང་དྲུང་གི་བོན་ལ་མ་འདུས་བ་མེད་པ་ཞིག་རེད། དེ་བས་ངེད་རྩོམ་སྒྲིག་པས་སྔར་མེད་གསར་བྱུང་གི་ངོ་སྤྲོད་ལོ་དེབ། འཁྲུལ་བ་ཀུན་འཇོམས་ཀྱི་དོགས་སེལ་སྒྲོན་མེ་ཡི་ར་བ་ཞིག་ལ་དམིགས་ནས་རྒྱ་ཡིག་གི་སྟེང་དུ་བོན་གྱི་འབྱུང་ཁུངས་ཞེས་པའི་ལོ་དེབ་འདི་ཐོག་མར་ཕུལ་བ་ཡིན་པས། ཉམས་མྱོང་མེད་པ་སོགས་ཀྱིས་ནོར་འཁྲུལ་གང་མང་འབྱུང་སྲིད་པས་འདི་ལ་ཞིབ་འཇུག་གི་འབྲས་བུ་རྒྱས་པའི་མཁས་དབང་དང་རྒྱ་ཆེ་གཟིགས་མོ་བ་རྣམ་པའི་སྤྱན་ལམ་ལ་མཐོལ་བཤགས་འབུལ་བ་དང་མཉམ་དུ་བོན་གྱི་འབྱུང་ཁུངས་ཞེས་པའི་རྩོམ་རིགས་ཀྱི་སྟེགས་བུ་འདི་གཟེངས་སུ་བཏེགས་ནས་ལོ་རེར་ལོ་དེབ་རེ་ཕུལ་རྒྱུ་ཡིན་པས་རྩོམ་གྱི་རྒྱབ་སྐྱོར་དང་རོགས་རམ་ཡོད་པར་མཁྱེན་མཁྱེན་ཞུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།