སྐྱང་ཚང་དགོན་པའི་ལོ་དེབ༼གསས་མཁར༽འདོན་ཐེངས་གཉིས་པ།

[ཟླ་ཚེས། 2013-12-08 10:54:16][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་ལོ་དེབ་༼གསས་མཁར༽སྤྱིའི་འདོན་ཐེངས་གཉིས་པ།
01.jpg
མདུན་ངོས།
03.jpg
མདུན་རྒྱབ་གཉིས་ཀྱི་ནང་མ།
04.jpg
05.jpg
06.jpg
དཀར་ཆག

སྔོན་དུ་འགྲོ་བའི་གཏམ།

   དུས་རབས་ཉེར་གཅིག་པ་འདི་ལ་བཤད་ན། སའི་གོ་ལའི་ཁྱོན་གྱི་འགྲོ་བ་མི་ཡི་ཤེས་ཡོན་དང་རིག་གནས་དཔལ་འབྱོར་གང་གི་ཐད་ལ་བལྟས་ནས་བཤད་ན་ཡར་རྒྱས་དཔག་མེད་འགྲོ་བཞིན་པ་དང་། ལྷག་པར་དུ་ཕྱི་དངོས་ཀྱི་དཔལ་ཡོན་དང་ཚན་རིག་གི་ལྟ་བ་གྲུབ་མཐའ་སོགས་ཇེ་མང་ནས་ཇེ་ལེགས་སུ་འགྲོ་མུས་སུ་སྣང་། ཡིན་ནའང་འདི་ཕྱི་གཏན་གྱི་སེམས་ཅན་ལ་ཕན་བདེ་དགོས་འདོད་ཡིད་བཞིན་དུ་འབྱུང་བའི་གཏེར་ཆེན་པོའམ། ནང་སེམས་དུག་ལྔའི་གཉེན་པོ་༧ སངས་རྒྱས་གྱི་བསྟན་པ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པའི་རིག་གཞུང་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་སྒྲུབ་པ་ནི་ཆོས་ལུགས་གཞན་དང་བཤིབས་ན་ད་རུང་དེ་ཙམ་དུ་དར་ཁྱབ་མ་བྱུང་བས་ལུས་འདུག དེས་ན་ང་ཚོའི་གངས་ཅན་བོད་པའི་ཨ་མྱེས་ཡང་མྱེས་བསྐྲུན་པའི་བཅུ་ཕྲག་རིག་གནས་གསེར་འཕྲེང་འདི་རྣམས་མ་ཉམས་གོང་འཕེལ་དང་མ་འོངས་ཡུན་རིང་བདེ་བར་དགོད་པ་ནི། གངས་ཅན་པ་དང་གངས་ཅན་པའི་རིག་གནས་ལ་ཤ་ཞེན་ཡོད་མཁན་རྣམ་པའི་འཕྲག་ཏུ་བབས་པའི་འགན་འཁྲི་ཡིན་པ་ནི་ཞུ་མ་དགོས་པ་ལགས། ལྷག་པར་དུ་དགོན་སྡེ་ཞིག་གི་ངོས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་གྱི་ལམ་ཁ་ཞིག་དང་། མ་འོངས་པའི་ལོ་ཟླའི་ཁྲོད་ན་ཞོགས་པའི་ཉི་གཞོན་ལྟར་གྱི་གསར་སྐྱེས་རྩོམ་པ་པོ་གང་མང་གསོ་སྐྱོང་བྱ་རྒྱུའི་རྩ་དོན་དམིགས་སུ་བཟུང་ནས། ད་ལན་ང་ཚོས་འདི་ན་རྩོམ་གྱི་ལམ་ནས་མི་སྣ་གྲགས་ཅན་གྱི་རྣམ་ཐར་དང་། ལོ་རྒྱུས། དཔྱད་རྩོམ་དང་སྙན་རྩོམ། བསླབ་བྱ་སོགས་ཀྱི་རྩོམ་ཡིག་སྣ་ཚོགས་བསྡེབས་ནས་《གསས་མཁར་》ཞེས་པའི་དེབ་ཆུང་ཆུང་ཞིག་གཉེར་ནས་བསྐྲུན་པ་ཡིན་ལགས། འདིའང་གངས་ཅན་ལྗོངས་ན་བཞུགས་པའི་མཁས་དབང་ཚོ་དང་དོན་གཉེར་ཅན་གྱི་སྐྱེས་བུའི་སྤྱན་ལམ་དུ་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པའི་དཔེ་ལྟར་དམིགས་ནས་བསྟབས་པ་ཡིན་ཡང་། འདིའི་ནང་ངེད་གཉིས་རྩོམ་སྒྲིག་པ་ཐེངས་དང་པོ་བྱས་པ་ཡིན་པས་མཉམ་མྱོང་དང་ཆུ་ཚོད་སོགས་ཧ་ཅང་ཞན་པ་མ་ཟད། གློག་ཀླད་ནང་དུ་ཡིག་བསྟར་བའི་སྐབས་དང་ཞུ་དག་བྱེད་པའི་སྐབས་སུ་མིག་བར་ནས་ཤོར་བའི་ཡིག་འཆུགས་ཡོད་ངེས་པས་ཁྱེད་རྣམས་ལ་བཟོད་གསོལ་ཞུ། ལོ་རེ་བཞིན་དུ་དེབ་འདི་གཉེར་རྒྱུ་ཡིན་པས་ཁྱེད་རྣམས་པས་ཀྱང་ལྷག་བསམ་རྣམ་དག་དང་ཕུགས་འདུན་མཆིས་པའི་སྒོ་ནས་རྩོམ་ཡིག་བདུད་རྩིའི་ཆར་རྒྱུན་ལྟར་བསྐུར་ཡོང་བར་མཁྱེན་མཁྱེན་ཞུ།
ད་དུང་ཡང་ཞུ་དགོས་པ་ཞིག་ནི་རྩོམ་གྱི་མ་ཕྱི་བྲིས་བསུབས་སམ་ནག་ནོག་མེད་པར་སྤུས་གཙང་ཞིང་དབུ་ཅན་གྱི་ལམ་ནས་འབྲི་དགོས་པ་མ་ཟད། རྩོམ་དང་ལྷུན་དུ་རྩོམ་པ་པོའི་རང་ཉིད་ཀྱི་མཚན་དང་ད་ལྟའི་སྡོད་གནས། འབྲེལ་གཏུག་ཞལ་པར་ཨང་གྲངས་སོགས་གསལ་བོར་འབྲི་རྒྱུ་དང་། ཞུ་དག་ལེགས་པོའི་སྒོ་ནས་རྒྱ་ཟླ་དྲུག་པའི་ཚེས་ཉི་ཤུའི་ཚུན་ཆད་དུ་འབྱོར་ཐུབ་པ་བྱེད་རོགས་ཞུ།

རྩོམ་བསྐུར་ཡུལ་ཤར་སྐྱང་དགོན་བཤད་སྒྲུབ་སློབ་གླིང་།
四川松潘县川主寺镇山巴寺
འབྲེལ་ གཏུག་ སྐད་ འཕྲིན། ༧༨༧༨༩༡༨༥༣

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།