ཕྱི་ནང་གསང་གསུམ་གྱི་མངོན་རྟོགས་གཅེས་བཏུས་འགྲེམ་སྤེལ་གསལ་བརྡ།

[ཟླ་ཚེས། 2025-05-07 14:57:47][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤྱིར་བོན་གྱི་རིག་གནས་དང་སྒོས་སུ་གསང་བ་སྔགས་ཀྱི་སྐོར་ལ་ཐོས་བསམ་བྱས་དང་བྱེད་བཞིན་པའི་ཀློག་པ་པོ་ཡོངས་ལ་ཞུ་རྒྱུ།
ད་ཐེངས་འདིར་བོན་གྱི་ཐུན་མོང་མ་ཡིན་པའི་གསང་བ་སྔགས་ཀྱི་བོན་སྐོར་ལས་མངོན་རྟོགས་རྒྱས་བསྡུས་སྣ་ཚོགས་ཤིག་སྟབས་ཅིག་ཏུ་ཕྱོགས་བསྒྲིགས་བྱས་ཤིང་།  ལྷག་པར་ཁ་འཐོར་སྣ་རིང་ཅན་ལས་དེབ་གཟུགས་སུ་ད་སྔ་གཞུང་སྒེར་གཉིས་ཆ་ནས་པར་སྐྲུན་མེད་པ་སྐོར་ཞིག་འཐོར་བ་ལས་ལྷན་ཅིག་ཏུ་བསྡེབས་ནས།    འདིར《ཕྱི་ནང་གསང་གསུམ་གྱི་མངོན་རྟོགས་གཅེས་བཏུས》ཞེས་པའི་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་ཞིག་པར་གིན་ཡོད་པར་མ་ཟད།  འདིར་ཞུ་དག་གི་ཆ་ནས་ཞུ་ཆེན་ནས་བསྐྱར་ཞུས་བྱས་ཏེ་ཅི་འཇོན་གང་འཇོན་གྱིས་རྩོམ་སྒྲིག་བྱས་ཡོད།  གསལ་བཤད་ཅིག་ལ་འགྲེམས་སྤེལ་མ་བྱས་སྔོན་དུ་མཚན་ཐོ་བཀོད་ན། སྡེབ་ཚོང་རིན་གོང་བྱས་ཏེ་ཚར་རེར་བླུ་ཡོན་སྒོར༤༠དང་། ས་གནས་སོ་སོར་རིན་མེད་དུ་བསྐུར་ཆོག  ཚར་གྲངས་ལྔ་བཅུ་ཡན་ཉོས་ན། དེ་བཞིན་རིན་གོང་ཕབ་གཅོག་ཡོད།  འགྲེམས་སྤེལ་བྱས་རྗེས་རིན་གོང་ཚར་རེར་བླུ་ཡོན་སྒོར༥༠དང་བསྐུར་གླ་རང་གིས་འགེན་ལེན་དགོས།   
མཚན་ཐོ་འགོད་པའི་དུས་ཡུན། ༢༠༢༥ ལོའི་སྤྱི་ཟླ ༥ ཚེས ༨ ནས ༢༢ བར་ཡིན། 
སྤྱི་ཟླ་དྲུག་པའི་ནང་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན། ཁ་པར་འབྲེལ་གནས། ༡༨༢༨༣༧༤༤༤༥༦
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།