རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་གསུང་འབུམ་འགྲེམ་བརྡ།

[ཟླ་ཚེས། 2024-03-18 14:30:05][རྩོམ་པ་པོ། ཉག་ཉི་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

       འཚེ་མེད་ཞི་བའི་ལམ་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་སློབ་གཉེར་དང་རྒྱུས་ལོན་བྱས་དང་བྱེད་བཞིན་བྱ་བ་འདོད་པའི་གཟུར་གནས་ཤེས་ལྡན་ཡོངས་ཀྱི་སྙན་ལམ་དུ་དགའ་བའི་གཏམ་དགོས་པའི་དོན་གང་ཞུ་ན། དུས་རབས་ཤིག་གི་དཀྱོག་མཚམས་ནས་འབྲུག་ལྟར་གྲགས་ཤིང་ཉི་ལྟར་འཚེར་བའི་ངེས་པ་དོན་གྱི་མཁས་དབང་ཆེན་མོ། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ། རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་བཅུ་གཉིས་པ་མཚན་བརྗོད་པར་དཀའ་བ། ༧ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གི་ཆེས་མཐར་མཇུག་གི་གསུང་འབུམ་ཁ་ཡོངས་སུ་ཚང་བ། དེབ་བཅུ་ཡི་བདག་ཉིད་ཅན་དེ་རྒྱལ་སྤྱིའི་ཆོག་མཆན་ཐོབ་པའི་འོག་ནས་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་སྤྱན་གཟིགས་ཁྱབ་སྤེལ་གནང་རྒྱུ་ཡིན།
   དེ་ཡང་གསུང་འབུམ་འདི་ནི་གཡུང་དྲུང་བོན་གྱི་གཞུང་ཁྲིད་ཡིག་ཆ་ལ་ཁ་སྐོང་གི་འཐུས་སྒོ་ཚང་བའི་དཔེ་ཚོགས་ཤིག་སྟེ། དག་ཡིག་བྱིས་པ་འཇུག་བདེ། བརྡ་སྤྲོད་ཡང་གསལ་འཕྲུལ་སྒྲོན། སྲོལ་རྒྱུན་གྱི་སྙན་ངག་གཞུང་ཆེན་གསུམ་གྱི་འགྲེལ་པ་སྔ་ན་མེད་པའི་ཁ་གསལ་ལ་དཔེ་བརྗོད་རྒྱས་པ། འབྱུང་རྩིས་ཉུང་བསྡུས་བཅས་རྨང་གཞིའི་ཤེས་བྱ་དང་། བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་ཕྱོགས་གཉིས་སུ་མ་ལྷུང་བར་མཚན་མཚོན་གྱིས་གཏན་ལ་ཕབ་པས་རིགས་ལམ་པས་གཟིགས་ན་ཁྱབ་མཐའ་ཆོད་པ། དཔེ་མཚོན་གྱིས་རྒྱས་སྤྲོས་གནང་བས་ཉམས་ལེན་པས་མཇལ་ན་བློ་ཁ་དགེ་ལ་འཁུལ་ནུས་པའི་ཁྱད་བོན་ཅན། བསམ་གཟུགས་དང་དགེ་འདུན་སོགས་གཞུང་ཁྲིད་ཀྱི་ཆ་ལག་ཏུ་ཁྱེར་བདེ་བ། བསྡུས་གྲྭ། རྟགས་རིགས། ཚད་མ། གྲུབ་མཐའ། མཚོན་བྱེད་ཞེ་ལྔ། ས་ལམ། ཕར་ཕྱིན་སྤྱི་དོན་སོགས་ནི་རིག་པའི་བློ་སྒོ་འབྱེད་ནུས་ཀྱི་རྩོམ་གཤིས་མངའ་བ། རྒོལ་བ་ཚར་གཅོད་ཕྱིར་གཞན་ལུགས་དགག་པ། བློ་གསལ་འཇུག་པ་བདེ་ཕྱིར་རང་ལུགས་བཞག་པ། དེ་ལ་ཡང་མཁས་པ་སྔ་མའི་གསུང་སྒྲོས་བཀོད་པ་དང་། གོ་བདེ་ཕྱིར་རང་ལུགས་དངོས། རྨོངས་པ་ཚར་གཅོད་ཕྱིར་རྩོད་སྤངས་མཛད་ཡོད་པས་བརྡར་ཤ་ཆོད་པ་དང་དཔྱད་སྒོ་ཡངས་པར་བྱེད་པའི་ཁྱད་བོན་བླ་ན་མེད་པ་ཡོད་དོ།།
  ༧ དམིགས་བསལ་དུ་བསླུ་ཡོན་བཏང་ཚུལ་ནི་དཔལ་འབྱོར་གྱི་དཀའ་ཁག་ཡོད་པའི་སློབ་གཉེར་བ་མང་པོ་གྲྭ་གཅིག་ཏུ་མཉམ་བཞུགས་ཀྱི་གནས་བབས་ལ་དམིགས་ཏེ་གསུང་འབུམ་ཚར་བཅུ་ཡན་བསླུས་པ་རྣམས་ལ་གཏན་འབེབས་རིན་གོང་ལས་དམངས་སྒོར་ཉིས་བརྒྱ་བདུན་ཅུ་གཅོག་སྟེ་སྒོར༢༨༠ལ་ཕུལ་བ་དང་། གཞན་ནི་གཏན་འབེབས་ལྟར་གསུང་འབུམ་ཚར་གཅིག་ལ་སྒོར༥༥༠རེ་བྱེད་ནས་བསླུ་ཁ་གཏང་རྒྱུ་ཡིན་པས་སློབ་གཉེར་བ་དང་ཞིབ་འཇུག་པ་ཀུན་ཀྱིས་མཁྱེན་པ་ཞུ་ཞུ།
ཞེས་སྤྱི་ལོ ༢༠༢༤ ཟླ ༣ པའི་ཚེས ༡༧ ཉིན་མཁས་དབང་ཁོང་གི་སློབ་འབངས་སུ་གཏོགས་པ་ཉག་ཉི་གྲགས་ནས་གུས་པས་སྦྱར།

ས་ཕྱོགས་སོ་སོའི་འབྲེལ་བ་བྱ་ཡུལ།
ལྷ་ས། དགེ་བཤེས་སྐལ་བཟང་ཚུལ་ཁྲིམས། 15708000200
ཁྱུང་པོ། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། 15889054577
ཁམས་ཕྱོགས། ཉག་ཉི་གྲགས། 18728237727
མཚོ་སྔོན། རྒན་ས་ཁའི་བློ་ལྡན། 15109766257
ཨ་མདོ། བསོད་ནམས། 18783799678
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།