《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གསུམ་པ་འགྲེམ་སྤེལ་བྱས་པ།
[ཟླ་ཚེས། 2022-11-22 21:55:04][རྩོམ་པ་པོ། གཙོ་སྒྲིག་པ་བློ་གསལ།][རྩོམ་ཁུངས། ཀན་ལྷོའི་གསར་འགྱུར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས།][ཀློག་གྲངས། ]
མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་དཔལ་གྱི་གསང་བ་བསྐྱར་དུ་མངོན་པ།
-------《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གསུམ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་ལི་ཅིན་ཡོན་གྱིས་དཔེ་རྙིང་བསྡུ་ཉར་བྱས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
ཉེ་ཆར། རྒྱལ་ཁབ་མི་རིགས་སྐད་ཡིག་དཔེ་སྐྲུན་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་དང་མི་རིགས་ཡི་གེའི་དཔེ་སྐྲུན་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་ཏེ《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གསུམ་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། རྣམ་གྲངས་དེ་ནི་འབྲུག་ཆུ་རྫོང་དང་ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་གིས་སྒྲིག་འཛུགས་བྱས་པའི་ཚོགས་པས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་དང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་ཇུས་འགོད་དང་དཔེ་སྐྲུན་བྱས་པའི་བོད་ཡིག་དཔེ་རྙིང་གསུང་རབ་དཔེ་སྐྲུན་འདུ་འགོད་ཅིག་རེད། དེབ་ཕྲེང་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་ཁྱོན་བསྡོམས་པོད་བདུན་ཅུ་དོན་ལྔ་པར་དུ་བསྐྲུན་ཡོད་ཅིང་། དཔེ་རྙིང་འདིའི་དཔེ་སྐྲུན་བྱེད་པའི་ཁྱབ་ཁོངས་ནི་རྒྱལ་ནང་དུ་དཔེ་སྐྲུན་བྱས་པའི་དེབ་གྲངས་མང་ཤོས་ཀྱི་དཔེ་ཚོགས་རེད།
《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གསུམ་པ།
《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ ཕྲེང་གཉིས་པ།
ཀྲུང་ཧྭ་མི་རིགས་ཁག་གིས་ལོ་ངོ་སྟོང་ཕྲག་དུ་མའི་ཁྲོད་དུ་ཡིད་དབང་འཕྲོག་པ་དང་གསོན་ཉམས་ལྡན་པའི་ཕུལ་བྱུང་རིག་གནས་གསར་སྐྲུན་དང་གསོག་འཇོག་བྱས་ཏེ། འོད་སྟོང་འཕྲོ་བའི་རིག་གནས་དང་སྒྱུ་རྩལ་གྱི་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་ཤེས་རིག་དཔལ་ཡོན་ཐད་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད། དེའི་ནང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ནི་ཀྲུང་ཧྭ་མི་རིགས་ཀྱི་རྨད་དུ་བྱུང་བའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་རིང་གི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་རྒྱུ་ནོར་དང་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ཏེ། བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་གྱི་རིག་གནས་ནི་དེའི་གྲས་སུ་ཚུད་ཡོད།
འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་།
བོན་གྱི་རིག་གནས་ནི་བོད་ཀྱི་ཤེས་རིག་གི་འབྱུང་རྩ་ཡིན་ཞིང་། དེར་གནའ་བོའི་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། རིག་གནས། སྤྱི་ཚོགས། དམངས་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཅིའི་ཐད་ནས་གཅིག་ཏུ་འདུས། བོད་བཙན་པོའི་རྒྱལ་རབས་སྔོན་གྱི་བོད་ཀྱི་སྤྱི་ཚོགས་དང་། ཞང་ཞུང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་དགོས་ན། གནའ་བོའི་ཞང་ཞུང་གི་ཤེས་རིག་ལས་བྱུང་བའི་བོན་གྱི་དཔེ་རྙིང་ལ་མྱུར་སྐྱོབ་དང་དག་སྒྲིག་བྱ་དགོས། འདི་དག་ལས་གདོད་མའི་དུས་ཀྱི་མཚོ་བོད་མཐོ་སྒང་གི་ལོ་རྒྱུས་དང་ཤེས་རིག ཆོས་ལུགས། མཚན་ཉིད་རིག་པ། འཚོ་བའི་རིགས་ལམ། ཡང་ན་བོན་པོའི་རིག་གནས་ཀྱི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་བཅས་ཤེས་རྟོགས་བྱེད་ཐུབ།
《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གསུམ་པར་ཁྱོན་དཔེ་རྙིང་པོད286བསྡུས་ཡོད་པ་དེ་དག་གཙོ་བོ་སྲིད་པ་བོན་གྱི་དཔེ་རྙིང་ཡིན་ལ། དེའི་ནང་དོན་ལས་མཚོ་བོད་ས་མཐོའི་སྔ་དུས་ཀྱི་བོད་ཀྱི་ལོ་རྒྱུས་ཤེས་དཔལ་དང་། སྤྱི་ཚོགས་འཚོ་བ། གནམ་དཔྱད་ས་ཁམས། ཚན་རྩལ། གསོ་རིག་བཅས་མཚོན་པ་དང་བོད་རིགས་ཀྱི་སྔོན་བྱོན་མེས་པོ་དག་གི་གནའ་བོའི་རྣམ་དཔྱོད་ཀྱི་དྲན་འཆར་མང་པོ་ཉར་ཚགས་བྱས་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ཡོད། དཔེ་དེབ་ཡོངས་ཚོན་ལྡན་པར་རིས་ཀྱི་རྣམ་པའི་ཐོག་ནས་འབྲུག་ཆུའི་བོན་ཆོས་ཀྱི་ཡུན་རིང་ལོ་རྒྱུས་དང་གནའ་བོའི་བབ་ཆགས་སྤུས་ལེགས་ཀྱི་རྣམ་པ་ཇི་མ་ཇི་བཞིན་མངོན་ཡོད། བོན་གྱི་དཔེ་རྙིང་དེ་དག་ཚང་མ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཉར་ཚགས་བྱས་པ་རྐྱང་རྐྱང་ཡིན་པས་ཁྱིམ་རྒྱུད་རྒྱུན་འཛིན་གྱི་ཁྱད་ཆོས་ལྡན་ཡོད། དེར་བརྟེན་ཉར་ཚགས་བྱེད་མཁན་གྱི་ཁྱིམ་ཚང་ཚན་པ་བྱས་ཏེ་ལེགས་སྒྲིག་དང་ཕྱོགས་སྒྲིག་བྱས་ནས་དེབ་ཏུ་བཟོས་ཡོད། དཔེ་རྙིང་དེ་དག་གི་ནང་གནའ་བོའི་བོད་ཡིག་གི་སྐུང་ཡིག(བསྡུས་འབྲི)དང་བོད་ཡིག་གི་ཐ་སྙད་བཀས་བཅད་མ་བྱས་གོང་གི་ཐ་སྙད་མང་པོ་ཡོད་ཅིང་། དཀར་ཆག་བཟོ་སྐབས་ཇི་མ་ཇི་བཞིན་ཉར་ཚགས་བྱས་ཡོད་པ་དང་ཚད་གཞི་མཐོ་བོའི་སྒོ་ནས་དཔེ་རྙིང་འདིའི་རྣམ་པ་སླར་གསོ་བྱས་ཏེ།ཚད་ལྡན་ཡིག་ཆ་ཆ་ཚང་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་འགན་ལེན་བྱས་ཡོད།
2018ལོ་དང2020ལོར་སོ་སོར《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ ཕྲེང་དང་པོ་དང་གཉིས་པ(པོད50ཡོད་པ)དཔེ་སྐྲུན་འགྲེམས་སྤེལ་བྱས་རྗེས་བོད་ཀྱི་རིག་གཞུང་ལས་རིགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། དཔེ་དེབ་དེ་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་ཆེན་དང་དཔེ་མཛོད་ཁང་དང་དེ་བཞིན་བོད་རིག་པའི་ཞིབ་འཇུག་སྒྲིག་གཞིས་གཅིག་རྗེས་གཉིས་མཐུད་ངང་མངགས་ཉོ་བྱས་ནས།ཉར་ཚགས་བྱས་པ་དང་འབྲེལ་ཞིབ་འཇུག་ཀྱང་བྱེད་འགོ་བརྩམས་ཡོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཚེ་རིང་ཐར་གྱིས་འབྲུག་ཆུ་ནས་གསར་རྙེད་ལག་སོན་བྱུང་བའི་བོན་ཆོས་ཀྱི་དཔེ་རྙིང་འདི་དག་ལ་ནང་བསྟན་གྱི་ཤུགས་རྐྱེན་ཕོག་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ནང་བསྟན་མ་དར་གོང་གི་བོད་རང་སའི་ཚད་ལྡན་ཡིག་ཆ་ནས་འདྲ་བཤུས་བྱས་ཏེ་ཉར་ཚགས་བྱས་པ་ཞིག་ཡིན་སྲིད། དེའི་ནང་དོན་དང་སྐད་བརྡའི་མ་ལག་ནང་སྔར་བཞིན་དེ་སྔའི་ཉམས་འགྱུར་ལྡན་པ་དང་མཚོ་བོད་ས་མཐོའི་གནའ་བོའི་ཤེས་དཔལ་གྱི་གྲུབ་འབྲས་རྒྱུན་འཛིན་བྱས་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དེ་སྔའི་འགོ་འཛིན་དང་བོད་རིག་པ་མཁས་ཅན་རྒྱལ་མོ་འབྲུག་པ་ཡིས《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》པར་དུ་བསྐྲུན་པར་གདེང་འཇོག་ཚད་མཐོ་བྱས་པར། དཔེ་ཚོགས་འདི་ནི་གནའ་རབས་དང་གནའ་བོའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་སྤུས་ལེགས་ཤིག་ཡིན། དེ་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་གནའ་སྔ་མོའི་ཤེས་རིག་གི་ཤེས་བྱ་ཀུན་བཏུས་ཤིག་ཡིན་ཞིང་། དེའི་ནང་དོན་ལ་བོད་རིགས་ཀྱི་ཡི་གེ་དང་ལོ་རྒྱུས། སྤྱི་ཚོགས། དམངས་སྲོལ་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གི་སྟོང་ཆ་གསབ་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་མཐོ་བས། བོན་ཆོས་ཀྱི་རིག་གནས་དང་། ཞང་ཞུང་གི་ཡི་གེ གནའ་བོའི་བོད་ཡིག་གི་བསྡུས་འབྲི་བཅས་ལ་ཞིབ་འཇུག་བྱ་རྒྱུ་ནི་ཧ་ཅང་རྩ་ཆེ་བའི་དཔྱད་གཞི་དང་པོ་དེ་ཡིན།

བློ་བསལ་ལགས་ཀྱིས་བོན་ཆོས་རྒྱུན་འཛིན་པ་ཅིན་སངས་བྷོའི་དྲུང་དུ་(ལོ98འདས་ཟིན)བོན་གྱི་དཔེ་རྙིང་གི་ནང་དོན་བཀའ་འདྲི་གནང་བཞིན་པ།
དཔེ་ཚོགས་ཀྱི་གཙོ་སྒྲིག་པ་ཀན་ལྷོའི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བློ་གསལ་གྱིས་ང་ཚོའི་ཚོགས་པས་ལོ་ངོ་བཅུ་ལྷག་གི་རིང་ལ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་བརྒྱུད། སྔ་རྗེས་སུ་འབྲུག་ཆུ་རྫོང་གི་ཀླུ་རྩེད་དང་། ཧན་པན། འཕེན་ཏེན། སྤུན་སྡེ། ཆུ་མགོ་ནང་། བོད་ཡུལ། དགོན་པ། ཆབ་ཇོག སྤྲ་ལུང་སོགས་ཤང་གྲོང་གི་བོད་རིགས་གྲོང་ཚོ20ལྷག་ཙམ་ནས་དམངས་ཁྲོད་དུ་ཁ་ཐོར་དུ་གནས་པའི་བོན་གྱི་དཔེ་རྙིང་པོད230ལྷག་ཙམ་དང་། ཤོག་གྲངས46500ལྷག་ཙམ་ཤེས་རྟོགས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། བོན་གྱི་དཔེ་རྙིང་དེ་དག་ནི་ལོ་མང་རིང་ཉར་ཚགས་བྱས་པའི་ཆ་རྐྱེན་ཐབས་ཆག་ཡིན་པ་དང་། མང་ཆེ་བ་བོར་བརླག་དང་ཆ་མི་ཚང་བ། དཔེ་རྙིང་ཁག་གཅིག་བརླན་བཤེར་ཆེ་བ་དང་། དུ་བ་སྒྲོན་པ། མེ་སྐྱོན་ཤོར་བ་སོགས་ཀྱིས་རྐྱེན་གྱིས་ཡི་གེ་གསལ་བོ་མི་ཤེས་པ་དང་ཆ་ཤས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། 《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དཔེ་སྐྲུན་བྱས་པར་རྒྱལ་ཁབ་དང་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། དཔེ་ཚོགས་ཀྱི་དེབ་ཕྲེང་གསུམ་པ་བདེ་བླག་ངང་དཔེ་སྐྲུན་བྱས་པ་དེས་དེབ་ཕྲེང་བཞི་བ་དཔེ་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། འཛམ་གླིང་ཐོག་མཐོང་དཀོན་པའི་དམངས་ཁྲོད་ཀྱི་གནའ་བོའི་བོན་ཆོས་ཁག་གི་དཔེ་རྙིང་འདི་དག་ནི་བོད་ཀྱི་གནའ་བོའི་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དཔང་རྟགས་ཤིག་ཡིན་ལ་བོད་ཀྱི་གནའ་རབས་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་བང་མཛོད་ཅིག་ཀྱང་རེད། གནའ་བོའི་བོད་ཀྱི་བོན་ཆོས་ཀྱི་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་མྱུར་སྐྱོབ། ལེགས་སྒྲིག པར་སྐྲུན། ཞིབ་འཇུག་བཅས་བྱ་རྒྱུ་དེ་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ་དང་དར་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་བཀྲ་ཤིས་འཚོ་ཡིས (ལིའུ་ཡན)《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》ནི་གཞི་ཁྱོན་ཆེ་བ་དང་གྲངས་འབོར་མང་བ་མ་ཟད། སྣ་ཁའང་མང་བས་ནང་དོན་ཕུན་སུམ་ཚོགས་ལ་ལོ་རབས་ཀྱང་སྔ་བས། གནའ་བོའི་བོན་གྱི་དཔེ་རྙིང་འདིར་གཤམ་གྱི་ཁྱད་ཆོས་འགའ་ཡོད་དེ། གཅིག་ནི་དམངས་ཁྲོད་དུ་ཐར་ཐོར་དུ་གནས་པ་དང་། བོད་རིགས་ཁྱིམ་ཚང་གིས་ཉར་ཚགས་བྱས་པས། དམངས་ཁྲོད་ཅན་དང་ཁྱིམ་རྒྱུད་ཅན། རྒྱུད་འཛིན་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད། གཉིས་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་བརྒྱུད་ཀྱང་དཔེ་རྙིང་ཁ་ཤས་ཁྲོད་ཀྱི་པར་རིས་སྔར་བཞིན་གསལ་བོ་དང་། མཚོན་མདོག་བཀྲ་བ། གསོན་ཉམས་དོད་པ་བཅས་ཡོད། གསུམ་ནི་དཔེ་ཆའི་ནང་བོད་ཀྱི་ཡི་གེ་བཀས་བཅད་མ་བྱས་གོང་གི་ཐ་སྙད་མང་པོ་ཡོད་ཅིང་། དཔེ་ཆའི་འགོའི་མཚོན་རྟགས་འབྲི་སྟངས་དེ་ཏུན་ཧོང་ཡིག་རྙིང་དང་གཅིག་མཐུན་ཡིན་པ་མ་ཟད། ད་དུང་བོད་བཙན་པོའི་དུས་འགོའི་ས་མིང་ཡང་མང་པོ་ཡོད། བཞི་ནི་དཔེ་རྙིང་ནང་ཏུན་ཧོང་ཡིག་རྙིང་ནང་མེད་པའི་ཡིག་གཟུགས་དང་པར་རིས་དང་དེ་བཞིན་མར་ཆུང་གི་ཡིག་གཟུགས་དང་འདྲ་བ་བྱུང་ཡོད། ལྔ་ནི་དཔེ་རྙིང་ནང་དབུ་ཅན་དང་དབུ་མེད་མཉམ་བསྲེས་ཀྱི་ཡིག་གཟུགས་རྣམ་པ་ཐོན་པ་དང་། གནའ་བོའི་བོད་ཡིག་གི་སྐུང་ཡིག་ཅུང་མང་བ་མ་ཟད། གྲངས་ཀའམ་ཡང་ན་མཚོན་རྟགས་ཀྱིས་ཚིག་དུམ་མཚོན་པས་ནང་དོན་ཤེས་རྟོགས་དང་འགྲེལ་བཤད་རྒྱག་དཀའ།
ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གི་འགོ་འཛིན་ཡུན་ཅུན་ཐའོ་ཡིས《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དཔེ་སྐྲུན་བྱས་པ་དེ་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་དང་སྲུང་སྐྱོབ། རྒྱུན་འཛིན། དཔེ་སྐྲུན་བཅས་ལས་དོན་གྱི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་རེད། བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་ལེགས་སྒྲིག ཞིབ་འཇུག་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་དཔལ་གྱི་འབྱུང་ཁུངས་དང་འཕེལ་རྒྱས། མཚན་ཉིད་རིག་པའི་བསམ་བློ། ཆོས་ལུགས་དད་མོས། སྲོལ་རྒྱུན་རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཐད་ཀྱི་ཞིབ་འཇུག་ལ་གདོད་མའི་བློས་འགེལ་ཆོག་པའི་གཞི་འཛིན་ས་འབོར་ཆེན་མཁོ་འདོན་བྱས་ཡོད་ལ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།།

(གསར་འགོད་པགཅོད་པ་སྐྱབས་ཀྱིས།)