གཡུང་དྲུང་བོན་གྱི་དཔེ་རྙིང་རྩ་ཆེན་ཨ་སྙན་རྫོགས་གསུམ་པར་དུ་བསྐྲུན་པ།

[ཟླ་ཚེས། 2022-10-17 10:40:57][རྩོམ་པ་པོ། གཙོ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཡུང་དྲུང་བོན་གྱི་དཔེ་རྙིང་རྩ་ཆེན་ཨ་སྙན་རྫོགས་གསུམ་སྟེ་བྲུ་རྒྱལ་བ་གཡུང་དྲུང་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《རྫོགས་པ་ཆེན་པོ་ཨ་ཁྲིད》དང་། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་བཀའ《རྫོགས་པ་ཆེན་པོ་ཞང་ཞུང་བསྙན་བརྒྱུད་བཀའ་རྒྱུད་སྐོར་བཞི》 པཎ་ཆེན་ལི་ཤུ་སྟག་རིངས་ཀྱིས་མཛད་པའི《རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན》བཅས་པོད་གསུམ་ཅན་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

  གཡུང་དྲུང་བོན་གྱི་དཔེ་རྙིང་རྩ་ཆེན་ཨ་སྙན་རྫོགས་གསུམ་གྱི་བདག་ཉིད་ཅན་འདི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྲིགས། དཔེ་རྙིང་རྩ་ཆེན་འདི་དཔེ་སྒྲིག་བྱེད་དུས་བོད་ཡུལ་དུ་བཞུགས་པའི་ཨ་སྙན་རྫོགས་གསུམ་གྱི་མ་དཔེ་ཡོད་དོ་ཅོག་རེ་རེར་ཞུས་བསྡུར་བགྱིས་ཤིང་། དོགས་གཞི་ཡོད་པ་དག་མཁས་པའི་དབང་པོ་རྣམས་ལ་འདྲི་བརྩད་བྱས་ཏེ་དག་སྒྲིག་གནང་ཡོད། འདི་ནི་མིག་སྔར་ཨ་སྙན་རྫོགས་གསུམ་གྱི་པར་གཞི་ཆེས་དག་མ་དེ་ཡིན།

  འདི་པར་དུ་བསྐྲུན་པས་བོན་གྱི་གནའ་བོའི་ཤེས་རིག་གི་ཉིང་བཅུད་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། ཨ་སྙན་རྫོགས་གསུམ་ཞེས་གྲགས་པའི་དཔེ་རྙིང་རྩ་ཆེན་སྲུང་སྐྱོབ་ཐད་ལ་ནུས་པ་བླ་ལྷག་ཏུ་ཐོན་ནོ། །

  ཆེད་ཞུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གཡུང་དྲུང་བོན་གྱི་དཔེ་རྙིང་རྩ་ཆེན་ཨ་སྙན་རྫོགས་གསུམ་གྱི་གསུང་པོད(1-3)སྤུས་ལེགས་ཅན། ཉེ་ལམ་དཔེ་སྐྲུན་ཁང་དང་གཙོ་སྒྲུབ་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པ་བརྒྱུད་འདི་ག་ནས་ཀྱང་ཀློག་པ་པོའི་དགོས་མཁོ་ལ་དམིགས་ཏེ་སྡེབ་ཉོ་བླུ་གཏོང་མཁན་ལ་རིན་གོང་ཟུར་གཅོག་སླ་རུ་བཏང་ནས་དཔེ་ཀློག་གི་ཆ་རྐྱེན་སྤྲོད་གྲབ་ཡིན།
  ———————————————————
  དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
  འགྲེམ་སྤེལ། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།
  འབྲེལ་ཡུལ། གཟེར་མིག 156 0973 9205
  ———————————————————
  སྤྱིའི་རིན་གོང་། སྒོར300ཡིན།
  སྡེབ་ཚོང་། སྒོར130ཡིན། (སྒམ་གཅིག་གི་ནང་དཔེ་ཚོགས་ཚར་བཞི་ཡོད་ལ། སྒམ་གཅིག་ཉོས་ན་བསྐུར་གླའི་འགན་འདི་ག་ནས་འཁུར་རྒྱུ་དང་སྦྲག་སྲིདEMSནང་བསྐུར་རྒྱུ)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།