མེས་པོའི་རིག་མཛོད་དཔེ་ཚོགས་ཀྱི་འགྲེམས་བརྡ།

[ཟླ་ཚེས། 2022-10-14 11:06:37][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    འདིར་ངེད་ཁྱུང་ཡུལ་གྱི་མེས་པོའི་རིག་མཛོད་དཔེ་ཚོགས་རྩོམ་སྒྲིག་ཁང་གིས་ལེགས་སྒྲིག་བྱས་པའི་བོན་པོའི་ཡིག་རྙིང་རྩ་ཆེན་དེབ་ཕྲེང་བཅུ་དྲུག་ཅན་དེ་མ་ཡིག་འཚོལ་བསྡུ་པར་སྒྲིག་གི་ལས་ཀ་མཐའ་དག་ལེགས་འགྲུབ་བྱུང་ཟིན་ཅིང་། མི་འགྱངས་པར་ཡུལ་ཕྱོགས་སོ་སོར་འགྲེམས་སྤེལ་བྱེད་འཆར་ཡོད། ཚང་མར་རྒྱུས་ལེན་ཐོབ་ཆེད་དང་།སོ་སོའི་དགོས་མཁོ་ལྟར་བླུ་ཉོ་སྟབས་བདེ་ཡོང་ཆེད་འདིར་གླེགས་བམ་བཅུ་དྲུག་གི་དཀར་ཆག་རེ་རེ་བཞིན་ངོ་སྤྲོད་བྱེད་པ་ལ།
དེབ་དང་པོ། བྱང་གཏེར་ཁྲོ་བོ་རྒྱུད་དྲུག
དེབ་གཉིས་པ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་འཕྱོང་ཆེན་སྡེ་དགུ གཡུང་དྲུང་རྟིང་རྫོགས་གསང་བའི་རྒྱུད།
དེབ་གསུམ་པ། གེ་ཁོད་བདུད་འདུལ་གསང་བའི་རྒྱུད། གསེར་ལོ་ལྗོན་ཤིང་བདུད་རྩི་འཁྱིལ་བའི་རྒྱུད། རིན་ཆེན་གསང་སྐོར་གཡུང་དྲུང་རིག་པའི་རྒྱུད། བྱམས་མ་ཆེན་མོ་རྩ་བའི་བསྒྲུབས་པ།
དེབ་བཞི་པ། དབལ་ཕུར་ཏི་ཀ་འགྲེལ་ཆུང་།དབལ་གསས་སྐུ་རྫོགས་རྩ་རྒྱུད་གསང་བ་དོན་འགྲེལ་གྱི་འགྲེལ་བ། རྒྱུད་གསང་བ་དོན་འགྲེལ་གྱི་སྨད་ཀྱི་འགྲེལ་བ།གསང་སྔགས་ཀྱི་དཀའ་གནད། གསང་སྔགས་གནད་ཀྱི་གཟེར་བུ། གསང་སྔགས་རྫོགས་རིམ་མན་ངག་བདེ་སྟོང་ཡེ་ཤེས་ངོས་བཟུང་། གསང་སྔགས་ལམ་གྱི་འཇུག་ཆོག མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ།
དེབ་ལྔ་པ། འདུལ་བ་རྒྱུད་དྲུག སྟོད་ཆ།
དེབ་དྲུག་པ། འདུལ་བ་རྒྱུད་དྲུག སྨད་ཆ།
དེབ་བདུན་པ། འདུས་པ་རིན་པོ་ཆེའི་རྒྱུད་ལས་སངས་རྒྱས་ཀྱི་རྣམ་ཐར་དྲི་མེད་རྩ་མདོ།
དེབ་བརྒྱད་པ། ཁམས་བརྒྱད་ཞུ་ཐིག་རྣམ་དབྱེ། ཁམས་བརྒྱད་ཀྱི་ཕྱི་བོ་གསུམ་ལ་བཏུག་པའི་དག་ཡིག ཁམས་བརྒྱད་གཏན་ལ་ཕབ་པའི་རྣམ་དབྱེ་སྤྱི་དོན་དགུ། འཇིག་རྟེན་སྣོད་བཅུད་ཀྱི་འགྲེལ་བ། འདུལ་བའི་གཏམ་རྒྱུད།
དེབ་དགུ་པ། ཁམས་བརྒྱད་གཏན་ལ་ཕབ་པ་སྡུད་པ་ཚིགས་སུ་བཅད་པ། བོན་གྱི་ཐེག་པ་ཆེན་པོའི་ས་ལམ།
དེབ་བཅུ་པ། འདུར་རྒྱུད་ཕྱར་བ་ཐང་ཆེན།
དེབ་བཅུ་གཅིག་པ། ཁྱུང་རབས་གོང་སྔོན་མ། གདུང་རབས་མེ་ཏོག་ཕྲེང་བ། ཁྱུང་པོ་རྒོད་པ་ཚང་ཞེས་སྒོ་ང་ལས་ཁྱུང་པོ་སྟོད་སྨད་བར་གསུམ་བྱུང་བའི་གདུང་རབས།དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་། དབྲ་ཁྱུང་དཀར་པོའི་གདུང་རབས་འཁྲུངས་ཚུལ།ཁྱུང་པོ་རྒོད་པ་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས་རྒྱལ་ཁྱུང་དཀར་པོའི་གདུང་རབས། སྲིད་པའི་ས་དགོས་ཆེན་མོ། ཁྱུང་རབས་གསེར་སྒམ་མ། ཁ་བྱང་དང་རྩོམ་བྱང་མ་འཁོད་པའི་ཁྱུང་རབས་གཉིས།
དེབ་བཅུ་གཉིས། སྤྲུལ་སྐུ་ལྷ་རི་གཉེན་པོའི་རྣམ་ཐར། དམ་པ་རི་ཁྲོད་པའི་རྣམ་ཐར། གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས། སྨན་རིའི་དཀར་ཆག་བསྡུས་པ། དཔལ་ལྡན་སྨན་རི་བའི་བླ་བརྒྱུད། ན། བོན་ཆོས་རྣམ་དབྱེ་སྡུད་པ། བོན་ཆོས་རྣམ་དབྱེ་རྒྱས་པ། ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ།
དེབ་བཅུ་གསུམ། སློབ་དཔོན་རག་ཤི་ཚུལ་ཁྲིམས་སངས་རྒྱས་ཀྱི་རྣམ་ཐར། རྗེས་དྲན་ཧི་མ་ལ་ཡའི་གདུང་དབྱངས།
དེབ་བཅུ་བཞི། སྔར་སྲོལ་བོད་ཀྱི་གསོ་རིག་འབུམ་བཞི་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས། མན་ངག་ཉམས་ཀྱི་ཡིག་ཆུང་།
དེབ་བཅོ་ལྔ། བརྡ་སྤྲོད་ཀུན་སྣང་སྒྲོན་མེ། བརྡ་སྤྲོད་ཉི་ཤུ་བདུན་པ།
དེབ་བཅུ་དྲུག་པ། སྲིད་པའི་སྨྲང་རབས།
 རྒྱ་ཆེའི་ཀློག་པ་པོར་དམིགས་ནས་ངེད་རྩོམ་སྒྲིག་པས་ས་ཕྱོགས་སོ་སོར་འགྲེམས་སྤེལ་གྱི་འབྲེལ་ལམ་གཏན་འཁེལ་བྱས་པ་ནི་གཤམ་ལྟར་ཡིན།
180 7695 3567 
183 0808 7788
136 5890 3832
གོང་གསལ་འབྲེལ་ཟམ་བརྒྱུད་ནས་ཕྱོགས་སོ་སོའི་དགོས་མཁོ་ཡོད་མཁན་ཚོས་འབྲེལ་བ་གནང་རོགས་ཞུ།
༢༠༢༢ལོའི་ཟླ་༡༠ཚེས་༡༣ཉིན་རྩོམ་སྒྲིག་པས་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།