ཞང་ཞུང་དང་སཱན་ཞིན་ཏཱེ། ཅིན་ཧྲ་གནའ་ཤུལ་ཅེས་པའི་དེབ་གསར་འགྲེམ་སྤེལ་གནང་བ།
[ཟླ་ཚེས། 2021-04-29 22:08:37][རྩོམ་པ་པོ། གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཤར་བ་ཐོགས་མེད་མཆོག་གི་དེབ་གསར<<ཞང་ཞུང་དང་སཱན་ཞིན་ཏཱེ།ཅིན་ཧྲ་གནའ་ཤུལ>>ཅེས་པ་དཔེ་བསྐྲུན་འགྲེམ་སྤེལ་གནང་བ།
ས་འཛིན་སྙིང་ལ་ཉལ་བའི་གསང་བ་ཡི་མཛོད་ཆེན། །སཱན་ཞིན་ཅིན་ཧྲའི་གནའ་ཤུལ་ངོ་མཚར་གྱི་གཟིགས་མོ། །
གངས་ཅན་ཤེས་རིག་གཤིན་སའི་ཡུར་བ་རུ་དྲངས་ཚེ། །གསེར་ཞལ་སེར་བོའི་གཟི་མདངས་ལམ་ལམ་དུ་འཚེར་བྱུང་། །
སཱན་ཞིན་ཏཱེ་དང་ཅིན་ཧྲ་གནའ་ཤུལ་ནི་ཚན་རིག་ཞིབ་འཇུག་པ་མང་པོས་དུས་ཡུན་རིང་བོར་མཐིལ་བརྟོལ་དཀའ་བའི་སྦས་ཡུལ་ལྟ་བུར་གྱུར་ཡོད་པ་དང་། ཉེ་ཆར་རིག་གཞུང་ཞིབ་འཇུག་པ་མང་པོས་སཱན་ཞིན་ཏཱེ་དང་དང་ཅིན་ཧྲ་གནའ་ཤུལ་སྐོར་ལ་རང་ནུས་ཡོད་ཚད་རྩལ་དུ་བཏོན་ནས་འགྲེལ་བརྗོད་དང་ཞིབ་འཇུག་གང་ཐུབ་བྱ་བཞིན་ཡོད། ཁྱད་པར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་ལགས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་ཞང་ཞུང་དང་སཱན་ཞིན་ཏཱེ། ཅིན་ཧྲ་གནའ་ཤུལ་བཅས་ཀྱི་སྐོར་ལ་རིག་གཞུང་དཔྱད་འབྲས་ལུ་གུ་རྒྱུད་དུ་སྤེལ་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཞིབ་འཇུག་པའི་སྡིངས་ཆར་ཤུགས་རྐྱེན་ངེས་ཅན་ཞིག་བཞག་ཡོད། ཐེངས་འདིར་ཁོང་གི་ལུ་གུ་རྒྱུད་ཀྱི་དཔྱད་འབྲས་ཞང་ཞུང་ཤེས་རིག་ཞིབ་འཇུག་དཔེ་ཚོགས་ལས<<ཞང་ཞུང་དང་སཱན་ཞིན་ཏཱེ། ཅིན་ཧྲ་གནའ་ཤུལ>>ཅེས་པ་དཔེ་བསྐྲུན་འགྲེམ་སྤེལ་བྱས་ཤིང་། ནང་དོན་ནི་ཞང་ཞུང་དང་སཱན་ཞིན་ཏཱེ། ཅིན་ཧྲ་གནའ་ཤུལ་བཅས་ནས་མངོན་པའི་རིག་དངོས་ལ་བོད་རིག་པའི་འགྲེལ་བརྗོད་དང་ཕན་ཚུན་དཔྱད་བསྡུར་བགྱིས་སྟེ། བོད་རིག་པའི་མཐོང་སྣེ་ལས་ཀྲུང་གོའི་ལྷོ་ནུབ་ཀྱི་གཤོང་སའི་གནའ་བོའི་ཤེས་རིག་དང་ཞང་ཞུང་ཤེས་རིག་བར་ཀྱི་འབྲེལ་བར་ཞིབ་འཇུག་གཟབ་ནན་མཛད་ཡོད།
གངས་ཅན་ཤེས་རིག་གཤིན་སའི་ཡུར་བ་རུ་དྲངས་ཚེ། །གསེར་ཞལ་སེར་བོའི་གཟི་མདངས་ལམ་ལམ་དུ་འཚེར་བྱུང་། །
<<ཞང་ཞུང་དང་སཱན་ཞིན་ཏཱེ། ཅིན་ཧྲ་གནའ་ཤུལ>>
རྩོམ་པ་པོ། ཤར་བ་ཐོགས་མེད།
དཔེ་རྟགས། 978-7-5409-9412-9
དཔེ་བསྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དཔེ་ཚད། 16(170×240)
རིན་གོང་། དམངས་སྒོར48
རྩོམ་པ་པོ། ཤར་བ་ཐོགས་མེད།
དཔེ་རྟགས། 978-7-5409-9412-9
དཔེ་བསྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དཔེ་ཚད། 16(170×240)
རིན་གོང་། དམངས་སྒོར48