རྟེན་འབྲེལ་གྱི་རྣམ་བཤད།

[ཟླ་ཚེས། 2021-03-15 21:45:45][རྩོམ་པ་པོ། ཧོར་རུ་ཡོན་ཏན་ཕུན་ཚོགས།][རྩོམ་ཁུངས། སི་ཁྲོན་དཔེ་སྐྲུན་ཁང་།][ཀློག་གྲངས། ]

དེ་ཡང་བོན་གཞུང་ལས། ཕྱི་རོལ་འཁྲུལ་པར་འདོད་པའི་ལམ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་བཟློག་པ་ཡིན་ཏེ། ལུགས་ལས་འབྱུང་བ་ཉམས་སུ་མི་ལེན་པ་ཅིའི་ཕྱིར་ཞེ་ན། ལུགས་ལས་འབྱུང་བ་ནི་འཁོར་བའི་རྒྱུ་དང་འབྲས་བུ་ཡིན་པས། སྤང་བྱ་ཐབས་དང་བཅས་པར་འདོད་དེ། དེ་ཅི་ལྟར་ཡིན་ཞེ་ན། དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱུང་། འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས་པ། དེའི་རྐྱེན་གྱིས་མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་འབྱུང་བའོ།།

ཉེ་ཆར། ཧོར་རུ་ཡོན་ཏན་ཕུན་ཚོགས་ཀྱིས་བརྩམས་པའི་《རྟེན་འབྲེལ་གྱི་རྣམ་བཤད》ཅེས་པའི་དེབ་འདི་ཉིད་ནི། བོན་གཞུང་བཀའ་དང་བཀའ་བརྟེན་སོགས་ལས་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག་གང་དང་གང་ཡོད་པའི་ནང་ནས་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུདདང་།ཐེག་འབྲེལ་མེ་ལོང་དགུ་སྐོར》《གསང་འདུས་ལུང་རྒྱུད》《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས》《ཁུ་བྱུག་རིག་པའི་མདོ》《མཛོད་ལྷ་འགྲེལ》《མཛོད་སྒྲ་འབྲེལ》《འགྲོ་མགོན་མཛོད་འགྲེལ》《སྒ་སྟོན་མཛོད་འགྲེལ》《རྗེ་ཡི་མཛོད་འགྲེལརྒྱལ་རོང་བ་རིན་ཆེན་རྒྱལ་མཚན་གྱིལམ་རིམ་སུམ་བརྒྱ་པའི་འགྲེལ་བ》《བསླབ་གསུམ་རྣམ་འབྱེདསོགས་ལས་གསལ་བ་དེ་དག །འདི་ཕྱོགས་ཀྱི་སློབ་གཉེར་བ་དང་། ཞིབ་འཇུག་པར་གཟིགས་བདེའི་ཆེད་དུ་ཕྱོགས་གཅིག་ཏུ་སྒྲིག་པ་རེད།

དེབ་འདི་ནི་ནུབ་ལྗོངས་དར་ལམ་རིག་གནས་ཞིབ་འཇུག་དེབ་ཕྲེང་གི་གྲས་ཡིན་ཞིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།